ཚེ་གྲོགས་འཚོལ་བའི་གསང་བརྡ།

བོད་ཀྱི་ཆང་ས་དྲྭ་བ་འདི་བརྒྱུད་དེ་དགའ་རོགས་འཚོལ་འདོད་པ་དང་། ཆང་ས་བརྒྱག་འདོད་པ། ཚེ་གྲོགས་དང་གཏན་གྲོགས་འཚོལ་འདོད་མཁན་མང་པོ་ཞིག་གི་རེ་འདུན་བསྐོང་བཞིན་པ་འདི་མཐོང་སྟེ། དྲྭ་བ་འདི་ལ་ཧ་ཅང་ཡིད་སྨོན་སྐྱེ་བཞིན་ཡོད་ཅིང་། འབྲེལ་ཡོད་ཚང་མར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཕྲན་རང་ཉིད་ཀྱང་གཏན་གྲོགས་འཚོལ་འདོད་མཁན་ཞིག་ཡིན་པས། ཆང་ས་དྲྭ་བ་འདིར་ཞུགས་པ་ཡིན། ངོས་རང་ཉིད་ལ་མཚོན་ན་སློབ་ཕྲུག་ཅིག་ཡིན་པས། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་དགའ་རོགས་གཏན་འཁེལ་བ་ཞིག་མེད། མ་འོངས་དགའ་རོགས་ཤིག་འཚོལ་འདོད་ཡོད་ལ། ཆོས་སེམས་ཡོད་ཅིང་། སེམས་བཟང་བརྟན་་པོ་ཞིག་འཚོལ་འདོད་ཡོད། གམས་སྐབས་དེ་ཙམ་ཡིན།


བརྗོད་གཞི་གཞན་ཁག་ལ་གཟིགས།