བོད་རྒྱ་ནག་གི་ཆ་ཤས་མིན་པའི་གསལ་བཤད་ས་ཁྲ།
མཐའ་མའི་བསྐྱར་བཅོས། (༠༡༢༠༡༡༡༦༣༢) འབྲི་མཁན། དྲ་རྒྱ་དོ་དམ་པ། ༠༡༢༠༡༡༡༦༢༧
ཉེ་ཆར་ཉི་ཧོང་གི་ཌེ་ཝཱ་ཚོང་ལས་ཚོགས་པས་རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པའི་སྲིད་བྱུས་དེར་སྐྱོན་བརྗོད་དང་ངོ་རྒོལ་མཚོན་པའི་ས་ཁྲ་ཞིག་བཟོས་ཡོད་འདུག ས་ཁྲ་དེའི་ཐོག་བོད་དེ་རྒྱ་གར་གྱི་ཆ་ཤས་ཞིག་ཡིན་པ་མ་ཟད། རྒྱ་ནག་དུ་ཡོད་པའི་ཡུན་ནན་ས་ཁུལ་དེ་ཡང་རྒྱ་གར་གྱི་ཁོངས་གཏོགས་སུ་བཅུག་ཡོད་པར་བརྟེན། རྒྱ་ནག་མི་མང་ཉེན་སྲུང་འགན་ལེན་ཁང་གིས་ས་ཁྲ་དེར་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པ་དང༌། ས་ཁྲ་བཟོ་བཀོད་པར་བསྐྱར་བཟོ་བྱེད་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། ཁོ་ཚོར་དགོངས་སེལ་ཞུ་དགོས་ཚུལ་བརྗོད་ཡོད་འདུག
དེ་བཞིན་རྒྱ་ནག་གི་དུས་བབ་ཅེས་པའི་དྲ་བའི་ནང་དུ། གནད་དོན་འདི་རྒྱ་ནག་བདེ་འཇགས་དོ་དམ་ལྷན་ཁང་ལ་ཡར་ཞུས་བྱས་ཏེ། མིག་སྔར་ལྷན་ཁང་དེས་ཆབ་སྲིད་ཀྱི་གནད་དོན་འདིའི་ཐོག་གོམ་གང་མདུན་སྤོས་ཀྱིས་བྱ་སྤྱོད་ཇི་ལྟར་སྤེལ་དགོས་མིན་ཐོག་མནོ་བསམ་གཏོང་བཞིན་ཡོད་ལུགས་བརྗོད་ཡོད་འདུག
ཉི་ཧོང་གི་ཚོགས་པ་དེས་གནད་དོན་དེ་སྣང་མེད་དུ་བཞག་ཡོད་ཀྱང༌། བདེ་འཇགས་ཆེད་ལས་པ་འགའ་རེས་དོགས་པ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་འདུག གང་ལྟར་ས་ཁྲ་འདི་ལྟ་བུར་ཆེད་ལས་མི་སྣས་དཔྱད་ཞིབ་མི་དགོས་པར་དོན་དངོས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་གསལ་བཤད་བྱེད་ཀྱི་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས༣༠ཉིན།
གསར་འགོད་པ་གཅན་དྲུག་དཀར་མཚོས།