བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་སྐྱོད་གནང་བ།
མཐའ་མའི་བསྐྱར་བཅོས། (༡༨༢༠༡༡༡༨༤༡) འབྲི་མཁན། དྲ་རྒྱ་དོ་དམ་པ། ༡༨༢༠༡༡༡༨༣༧
བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་བོད་དོན་དྲིལ་བསྒྲགས་ཆེད། ཡོ་རོབ་རྒྱལ་ཁབ་ཁག་༧ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ནས་ཕྱི་ཟླ་ ༡༢ ཚེས་ ༥ སྔ་དྲོ་བར་དཔལ་ལྡན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་དང་། དེ་ཡང་ཐོག་མར་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་བཀའ་ཁྲི་མཆོག་དྷ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༩ ཉིན་ལྡི་ལིར་ཕེབས་རྗེས་མི་སྣ་ཁག་མཇལ་འཕྲད་དང་ཨེ་ཤི་ཡའི་གཞོན་སྐྱེས་འགོ་ཁྲིད་རྣམས་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༠ ཉིན་ལྡི་ལི་བརྒྱུད་སུད་སིའི་གྲོང་ཁྱེར་ཛུ་རིཀ་ཏུ་ཕེབས་འབྱོར་གནང་རྒྱུ།
ཕྱི་ཟླ་ ༡༡ ཚེས་ ༢༡ ནས་ཕྱི་ཟླ་ ༡༢ ཚེས་ ༢ བར་སུད་སིས་གཙོས་ཡུ་རོབ་རྒྱལ་ཁབ་ཁག་བདུན་ནང་གྲོས་ཚོགས་ཀྱི་འཐུས་མི་དང་། སྲིད་བྱུས་ཉམས་ཞིབ་པ། རོགས་ཚོགས་ཁག གསར་འགོད་པ་བཅས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། དེ་བཞིན་བོད་རིགས་མང་ཚོགས་ལ་གསུང་བཤད་ཀྱང་གནང་རྒྱུ་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༨ཉིན།