མེ་མདའི་འོག་གི་བོད་མི་ཚོ།
མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༨༠༠) འབྲི་མཁན། ཤམ་བྷ་ལའི་ཕོ་ཉ། ༠༢༢༠༡༠༢༡༤༦
དེ་ཡང་ཉེ་དུས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་ཡར་རྒྱས་དང་བཀའ་དྲིན་འོག་བདེ་སྐྱིད་ངང་གནས་ཡོད་པའི་སྐོར་དྲིལ་བསྒྲགས་ཆེད་ཕྱི་རྒྱལ་གསར་འགོད་པའི་ཚོགས་པ་ཞིག་དང་མཉམ་དུ་རྒྱ་ནག་རང་ཉིད་ཀྱི་གསར་འགོད་པ་ཁག་ཅིག་ གྲ་བསྒྲིགས་འཐུས་ཚང་བྱས་ཏེ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་ཉེ་ཁོར་གྲོང་ཁྱེར་དང་ས་ཁུལ་འགའ་ཤས་སུ་ལྟ་སྐོར་དུ་འཁྲིད་ཡོད་ལ། གསར་འགོད་པ་ཁག་གིས་གནས་ཚུལ་ཡང་འགའ་ཤས་སྤེལ་ཟིན་ཡོད་པ་རེད། འོན་་ཀྱང་ཟླ་༨ཚེས་༢༤ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་ཁོར་ཁག་ཅིག་ཏུ་པར་བརྒྱབ་པའི་གནས་ཚུལ་ལ་བལྟས་ན་རྒྱ་ནག་གིས་འགྲེལ་བརྗོད་བྱེད་བཞིན་པ་ལྟར་མ་ཡིན་པར་བོད་ནང་གི་བོད་མི་རྣམས་ནས་ད་དུང་ཡང་༢༠༠༨ལོ་ལྟར་བཙོན་འཇུག་དང་ཁྲིམས་ཐག་གཅོད་པ། གར་སོང་ཆ་མེད་དུ་གྱུར་པ། ཐ་ན་སྲོག་ཐོག་གཏོང་བ་སོགས་ཀྱི་མི་སྤྱོད་ལས་འདས་པའི་གནས་ཚུལ་རྣམས་སླར་ཡང་དྲན་གསོ་ཐེབས་དགོས་པ་ཞིག་ཆགས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༩ཚེས་༢ཉིན།
གསར་དུ་ཐོན་པའི་པར་རིས་རྣམས་དྲ་འབྲེལ་འདི་བརྒྱུད་ནས་གཟིགས་རོགས།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|