ཡིད་སྐྱོའི་གནས་ཚུལ་ཐོན་པ།
མཐའ་མའི་བསྐྱར་བཅོས། (༣༠༢༠༡༠༢༡༥༠) འབྲི་མཁན། གནས་ཚུལ་མཁོ་འདོན་པ་འབའ་པ་སྐལ་བཟང་འཕྲིན་ལས། ༣༠༢༠༡༠༢༡༤༦
༡༩༥༩ལོར་རྒྱ་གར་དུ་ཕེབས་ནས་སྦག་ས་ཆོས་སྒར་དང་སྦེལ་ཀོབ་སེར་བྱེས་ཆོས་སྒར་དུ་གཞུང་བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་གནང་འབྲས་སུ་་དགེ་བཤེས་དམ་འཇོག་གནང་ཞིང༌། ལོ་མང་རིང་གྲྭ་ཚང་གི་སྲི་ཞུ་ཐད་ལས་དོན་འདྲ་མིན་གནང་མྱོང་ཡོད་པ་དང༌། སྔ་ཕྱིར་ལན་མང་་ དགེ་བཤེས་མཆོག་ཕྱི་རྒྱལ་དུ་ཕེབས་རྒྱུའི་གོ་སྐབས་རྙེད་ཀྱང་གཏན་ནས་ཕེབས་མེད་པ་མ་ཟད།འཚོ་བ་ཡང་མཐའ་གཉིས་སུ་མ་ལྷུང་བའི་ངང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས་པར་སྤྲོ་ཞིང༌།དུས་རྟག་ཏུ་ཞལ་འདོན་དང་སྒོམ་སྒྲུབ་ཉམས་ལེན་རྒྱུན་མར་གནང་ནས་བཞུགས་ཀྱི་ཡོད་པ་རེད། ཉེ་ཆར་ཟླ་འདིའི་ཚེས་༡༨ཉིན་སྙུང་གཞི་ཞིག་གི་རྐྱེན་པས་དགོངས་པ་རྫོགས་ནས་ཉིན་བཅུ་བཞིན་ཕྱིན་་ཟིན་ན་ཡང་ད་དུང་ཐུགས་དམ་ལ་བཞུགས་ཡོད་འདུག
གནས་སྟངས་འདི་ཡིས་་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོ་མཚར་བའི་གསང་བ་གང་ཞིག་འགྲེལ་བརྗོད་གནང་ཡོད་པ་རེད། མཉམ་དུ་སྐུ་དཔར་ཡང་ཡོད་པས་ཁྱེད་ཅག་གི་གསར་ཤོག་ཐོག་འགོད་རོགས། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༨ཚེས་༣༠ཉིན།
གནས་ཚུལ་མཁོ་འདོན་པ་འབའ་པ་སྐལ་བཟང་འཕྲིན་ལས།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|