རྡོ་རྗེ་གཅོད་པའི་བཀའ་ཆོས།
མཐའ་མའི་བསྐྱར་བཅོས། (༣༠༢༠༡༠༡༤༤༢) འབྲི་མཁན། ཤམ་བྷ་ལའི་ཕོ་ཉ། ༣༠༢༠༡༠༡༤༣༡
དེ་ཡང་འདི་ཟླའི་ཚེས་༢༨ནས་༢༩བར་འཕགས་པ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་དུ་ངོ་བཅར་བའི་གྲས་སུ་དད་ལྡན་ཀོ་རི་ཡ་དང་བོད་ཀྱི་བླ་སྤྲུལ་དགེ་བཙུན་གྱིས་གཙོས་སྐྱ་བོ་རྒན་གཞོན་བར་གསུམ། དེ་བཞིན་ཉི་ཧོང་དང་ཐེ་ཝན། སི་པན་དང་ཨ་རི་བ་སོགས་ནས་ཕྱི་རྒྱལ་བའི་དད་ལྡན་མི་མང་བཅས་ཆོས་ཞུ་བ་སྟོང་ཚོ་༤་ཡས་མས་འདུ་འཛོམས་ཞུས་གནང་འདུག
ྋགོང་ས་མཆོག་དེ་རིང་སྔ་དྲོར་བཞུགས་ནས་ཕེབས་ཐོན་གནང་ཡོད་ཅིང་ད་ལྟ་འཚོགས་བཞིན་ཡོད་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོའི་ཐོག་ཟླ་འདིའི་ཚེས་༣༡ཉིན་ཚོགས་འདུ་དེའིམཇུག་བསྡུའི་ལས་བསྡོམས་ཡར་སྤྱན་འབུལ་ཞུ་གཏན་ཁེལ་ཡོད་པ་དང་དེ་བཞིན་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག
ཀོ་རིའི་དད་ལྡན་ཆོས་ཞུ་བར་བསྩལ་བའི་ཉིན་དང་པོའི་སྐབས་ཀྱི་སྐུ་པར་ཁག་དྲ་འབྲེལ་འདི་བརྒྱུད་ནས་གཟིགས་རོགས་ཞུ།།
ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༨ཚེས་༣༠ཉིན།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|