གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

བོད་ནང་གི་རྩོམ་པ་པོ་གཅིག་དང་འཇིགས་མེད་ལོ་ཙཱ་འཛིན་བཟུང་བྱས་པ།

23march20091.jpgཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་༢༤ཉིན་སྤེལ། དེ་རིང་(ཟླ་༣ཚེས་༢༢)བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན་བོད་ནང་གི་རྩོམ་པ་པོ་མགོ་ལོག་གངས་ཉིའམ་ཀུན་དགའ་ཚངས་དབྱངས་དང་མགོ་ལོག་འཇིགས་མེད་ལོ་ཙཱ་གཉིས་ཟླ་༣ ཚེས་ ༡༧ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༢ ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག མགོ་ལོག་འཇིགས་མེད་ལོ་ཙཱ་ལགས་དེ་སྔོན་ཉེན་རྟོག་པའི་ཉིན་འཛིན་བཟུང་ཞིག་བྱས་ནས་བཏང་ཡོད་པ་རེད།

རྩོམ་པ་པོ་གངས་ཉི་ལགས་ཀྱིས་སྔ་ཕྱིར་བོད་དོན་སྐོར་གྱི་རྩོམ་ཡིག་ ༡ དོན་ངོ་མ་ལྷིང་འཇགས་དཀྲོག་མཁན་དེ་སུ། ༢ དོན་ངོ་མར་ཁ་བྲལ་དུ་གཏོང་མཁན་དེ་སུ་ཡིན། ༣ དོན་ངོ་མར་ང་ཚོ་ཡར་སློང་མཁན་དེ་སུ་ཡིན། ཞེས་པའི་པ་སོགས་རྩོམ་ཡིག་དུ་མ་སྤེལ་ཡོད་པ་རེད། ཁོང་ནི་གཞོན་སྐྱེས་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ལ་དེ་སྔོན ༼གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ།༽ནང་ཕྱག་ལས་གནང་ཡོད་པ་དང༌། ཁོང་གི་པར་རིས་སྒྱུ་རྩལ་ལ་བོད་ཁམས་ཡོངས་ཀྱི་དགའ་བསུ་ཞུ་བཞིན་ཡོད། ཁོང་མདོ་སྨད་མགོ་ལོག་ལུང་དཀར་དགོན་ནས་ཡིན་ལ་ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་ན་སློབ་གཉེར་བྱེད་ཀྱི་ཡོད། ཉིན་འདི་དག་གི་རིང་ཁོང་གཉིས་རྒྱ་གཞུང་གིས་ས་གནས་གང་ལ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་གསལ་བོ་གོ་རྒྱུ་མི་འདུག་ཟེར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།