གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

རྒྱ་ནག་དམར་ཤོག་གཞུང་གི་ཉེས་འཛུགས་རྣམས་ལ་དགག་ལན།

07january20092ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༩ཉིན་སྤེལ། རྒྱ་གར་དྷ་རམ་ཤ་ལ་རུ་རྟེན་གཞི་བྱས་པའི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་ཉེས་འཛུགས་རྣམས་ལ་དགག་ལན་དཔེ་དེབ་ཅིག་དབྱིན་ཡིག་ཐོག་དཔར་བསྐྲུན་ཞུས་ཏེ་ཟླ་འདིའི་ཚེས་༠༦ཉིན་དངོས་སུ་དབུ་འབྱེད་དང་འབྲེལ་བའི་་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་ཡང་ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ལུགས་ཁུངས་མེད་ཀྱིས་མཚན་སྨོད་ཞུ་རྒྱུར་ཤུགས་ཇེ་ཆར་བཏང་བ་དང་བོད་མིའི་དབུ་ཁྲིད་ཁག་ལ་ཡང་སྐྱོན་བསྐྱོན་བརྗོད། ལྷག་པར་དུ་དེང་དུས་འཛམ་གླིང་ཁྱོན་དུ་རྒྱལ་ཁབ་དང་ཚོགས་སྡེ་གང་ཞིག་ལ་འཇིགས་སྐུལ་བའི་མིང་ཤས་བཟོ་རྒྱུར་བེད་སྤྱོད་ཆེན་པོ་ཡོད་པར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་ཡིན་ཚུལ་འཁྱོགས་བརྗོད་རྒྱུན་མ་ཆད་པར་བརྟེན་ཐེངས་འདིར་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་གཞུང་གིས་ཉེས་འཛུགས་རྣམས་ལ་དགག་ལན་ཞེས་པའི་དཔེ་དེབ་ཅིག་བཏོན་ཡོད་པ་རེད། རྒྱལ་བོད་ཀྱི་ཆ་འཕྲིན་དྲ་བར་བཏུས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དགག་ལན་དེ་དངོས་གནས་ཡག་ག་ཧ་ཧ།
2 ༡༠༢༠༠༩༡༨༤༡
དགག་ལན་དེ་དངོས་གནས་ཡག་ག་ཧ་ཧ།
དགག་ལན་དེ་དངོས་གནས་ཡག་ག་ཧ་ཧ།
1 ༡༠༢༠༠༩༡༨༣༩
དགག་ལན་དེ་དངོས་གནས་ཡག་ག་ཧ་ཧ།



བརྗོད་གཞི་གཞན་ཁག་ལ་གཟིགས།