རྒྱ་ནག་གཞུང་གི་སྲིད་བྱུས།

ཡུལ་གྱར་བའི་འོས་བསྡུ་དགོད་བྲོ་བའི་གཏམ་ཞིག་ཏུ་འདོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༥ཚེས་༥ཉིན་སྤེལ། རྒྱ་ནག་དམར་པོའི་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དགོད་བྲོ་བ་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་འདུག

Tibet-China-Election-2016དེ་ཡང་ཕྱི་འབྲེལ་མགྲིན་ཚབ་པས་འདི་ལོའི་ཟླ་༥ཚེས་༣ཉིན་གསར་འགོད་པའི་དྲི་ལན་ཞིག་ལ་“བོད་ལྗོངས་ཡུལ་གྱར་སྲིད་གཞུང་གི་འདེམས་བསྐོ”་ཞེས་པ་ནི་དགོད་བྲོ་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

ཁྱོད་ཀྱིས་ཉེ་ལམ་གྱི་“བོད་ལྗོངས་ཡུལ་གྱར་སྲིད་གཞུང”་ཞེས་ཟེར་བའི་“འདེམས་བསྐོའི”་མཇུག་འབྲས་ལ་གདེང་འཇོག་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེས་དྲིས་སྐབས་ཁོ་པས་བཤད་དོན། ཁྱོད་ཀྱིས་གླེང་བཞིན་པའི་“ཡུལ་གྱར་སྲིད་གཞུང་”་ཞེས་ཟེར་བ་ནི་ཁྲིམས་དང་རྩ་བ་ནས་མི་མཐུན་པའི་ཁར། འཛམ་གླིང་སྟེང་རྒྱལ་ཁབ་གཅིག་གིས་ཀྱང་ཚོགས་པ་འདི་ཁས་མི་ལེན་པ་ཡིན།

ཁོ་པས་མུ་མཐུད་བཤད་དོན། “འདེམས་བསྐོ”་ཟེར་བ་འདི་ནི་ཚོགས་པ་འདིའི་དགོད་བྲོ་བའི་གཏམ་ཞིག་ཏུ་ཟད་དོ། ཞེས་ཉེ་དུས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་དམའ་འབེབས་དང་མཐོང་ཆུང་གིས་རྣམ་འགྱུར་བསྟན་ཡོད་འདུག

འོན་ཀྱང་རྒྱ་ནག་ནི་དམར་ཤོག་གི་རྒྱ་ཁབ་ཆེ་ཤོས་དང་རྙིང་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་དུ་དམར་ཤོག་ཡུལ་གྲུ་ཉུང་ཤས་ཤིག་ལྷག་ཡོད་པའི་ནང་ནས་གཅིག་ཡིན་རེད། ཡུལ་དེའི་འགོ་ཁྲིད་དང་མི་མང་གི་འཐུས་མི་རྣམས་དེང་རབས་མང་གཙོ་ལམ་སྲོལ་ལྟར་འདེམས་ཐོན་བྱེད་ཀྱི་མེད་ལ། ལྟག་པར་དུ་སྲིད་འཛིན་དང་སྲིད་བློན་སོགས་ཆེས་མཐོ་འགོ་ཁྲིད་འདེམས་སྐབས་འོས་བསྡུ་ཚད་ལྡན་ཞིག་ད་དུང་ཡང་མེད་པ་རེད། མདོར་ན་ཡུལ་དེའི་ལམ་ལུགས་སྲིད་དབང་འཁྲེགས་འཛིན་ནམ་སྲིད་དབང་སྒེར་སྤྱོད་ལམ་ལུགས་ལྟ་བུར་སྤྱི་ཡོངས་ནས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།