རྒྱ་ནག་གཞུང་གི་སྲིད་བྱུས།

འཇར་མན་གྱིས་རྒྱ་མིའི་གཞང་ཁང་༡༠ཡི་སྒོ་རྒྱབ་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས་༡༡ཉིན་སྤེལ། ད་ལོའི་ཟླ༡༠ཚེས་༥པའི་ནང་ཁྲིམས་འགལ་གཞང་ཁང༧དང་སྨད་འཚོང་མ་༢༠༠ལྷག་ཙམ་ཡོད་པའི་རྒྱ་མིའི་གཞང་འཚོང་རུང་ཁག་ཐག་གཅོད་བྱས་པ་ནས་བཟུང༌། འཇར་མན་ཉེན་རྟོག་པས་ཟླ་༡༠་ཚེས༦ཉིན་ཡང་བསྐྱར"རྒྱ་མིའི་སྤྲོད་སྐྱིད་ཁང"ཞེས་པའི་ཁྲིམས་འགལ་གཞང་ཁང་༡༠ཡི་སྒོ་རྒྱབ་ཡོད་པ་མ་ཟད། མི་ནག་འཚོང་བྱེད་མཁན་གྱི་འགོ་པ༤འཛིན་བཟུང་ཡང་བྱས་འདུག

འཇར་མན་གྱི་གསར་ཤོག་ཅིག་ཏུ་ཟླ་༡༠་ཚེས༧ཉིན་སྤེལ་དོན། འཇར་མན་ཉེན་རྟོག་དང་སྒོ་ཁྲལ་ལས་ཁུངས། ཁྲལ་དོན་ལས་ཁུངས་བཅས་ཀྱིས་ཁྲིམས་འཛིན་མི་སྣ་༣༠༠ལྷག་མངགས་ཏེ། འཇར་མན་གྱི་ཧྥི་རན་ཀོ་ཊི་ཐེ་བའི་གྲོང་ཁྱེར་ཁག་༨དང༌། ཧེ་སིན་མངའ་སྡེའི་གྲོང་ཁྱེར་གཉིས་སུ་གཞང་ཁང་༡༠ལ་བརྟག་དཔྱད་བྱས་ཡོད་པ་རེད།

འཇར་མན་གྱི་མཉམ་འབྲེལ་ཉེས་དོན་རྟོག་དཔྱོད་ཁང་གིས་ཕྱིར་བསྒྲགས་བྱེད་དོན། གཞང་ཁང་འདི་དག་ནི་ལོ་ན༢༢ནས༥༩བར་དུ་ཟིན་པའི་རྒྱ་ནག་གི་སྐྱེས་པ༩དང་འཇར་མན་སྐྱེས་པ༥ཡི་མི་འབོར་ལྐོག་འཚོང་གི་རུ་ཁག་ཅིག་ཡོད་པ་གསལ་སྟོན་བྱས་འདུག རུ་ཁག་འདིས༢༠༡༡ལོའི་ཟླ༩པ་ནས་བཟུང་འཇར་མན་གྱི་ལུའར་ས་ཞེས་པའི་ཁུལ་དུ"རྒྱ་མིའི་སྤྲོད་སྐྱིད་ཁང"ཞེས་པའི་གཞང་ཁང་མང་པོ་བཙུགས་ཡོད་པ་ཡང་ཤེས་རྟོགས་བྱུང་ཡོད་པ་རེད།

"རྒྱ་མིའི་སྤྲོད་སྐྱིད་ཁང"གི་སྨད་འཚོང་མ་འདི་དག་ནི་དྲ་རྒྱ་བེད་སྤྱད་དེ་རྒྱ་ནག་ནས་བསྡུ་རུབ་བྱས་ཡོང་བ་རེད་ཡོད་འདུག་ལ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱི་བུད་མེད་འདི་དག་ལ་བཅའ་སྡོད་ཆོག་མཆན་དང་ལས་ཞུགས་ཆོག་མཆན་སོགས་ཀྱི་ལག་ཁྱེར་ཅི་ཡང་མི་འདུག ཚགས་པར་དེས་རྒྱ་མིའི་བུད་མེད་འདི་དག་ནི་གཡོ་འོག་ཏུ་ཚུད་དེ་ཁྲིད་ཡོིང་བ་ཤ་སྟག་རེད་ཅེས་བཀོད་འདུག
འཇར་མན་གྱི་ཉེས་དོན་རྟོག་དཔྱོད་ཁང་གིས་གསལ་བསྒྲགས་ཁྲོད་དུ་བཀོད་དོན། ཉེས་ཅན་འདི་དག་གིས་དུས་མཚམས་རེར་དངུལ་འབོར་ཆེན་ཕྱི་རྒྱལ་དུ་བཏང་ཡོད་པ་དང༌། ཉེས་དོན་འདིའི་འགན་ཁུར་བས་གཞང་ཁང་འདི་དག་དང་ཁྲིམས་འགལ་གྱི་སྨད་འཚོང་བུད་མེད་དག་གིས་འཇར་མན་ལ་ཨོ་སྒོར་ཁྲི༡༣༠ཙམ་གྱི་གྱོན་གུན་བཟོས་འདུག་ཅེས་བཤད་ཡོད་འདུག ཉེས་དོན་འདི་ད་ལྟ་མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད་པར་བརྟེན་རྟོག་དཔྱོད་པས་ཉེས་དོན་གྱི་ཞིབ་ཕྲའི་གསལ་བསྒྲགས་བྱས་མེད་པ་རེད། །

གསར་འགོད་པ་བསྟན་འཛིན་རབ་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།