རྒྱ་ནག་གཞུང་གི་སྲིད་བྱུས།

རྒྱ་ནག་ཏུ་རླངས་རྫས་གས་གཏོར་གྱིས་མི་༡༧རྐྱེན་ལམ་དུ་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༡༠ཉིན་སྤེལ། རྒྱ་ནག་ཨན་ཧའི་མངའ་ཁུལ་གྱི་ཟ་ཁང་ཞིག་རླངས་རྫས་འབར་ཐོར་བྱུང་སྟེ་ཟ་ཁང་དེར་ཡོད་ཀྱི་མི་༡༧རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཟླ་༡༠ཚེས་༡༠ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཨན་ཧའེ་ཞིང་ཆེན་Anhui provinceགྱི་ཝུ་ཧུ་གྲོང་ཁྱེར་Wuhu cityདུ་ཡོད་པའི་ཟ་ཁང་ཞིག་གི་ཐབ་ཀྱི་རླངས་རྫས་བླུག་སྣོད་ཚེས་༡༠ཉིན་གས་ཐོར་བྱུང་སྟེ་དེར་ཡོད་མི་༡༧་རྐྱེན་བཏང་ཡོད་པའི་སྐོར་སྤེལ་འདུག

ཁུལ་དེའི་ས་གནས་དཔོན་རིགས་ཚོས་བཤད་པར་ལྟར་ན། དོན་རྐྱེན་དེ་བྱུང་བའི་རྒྱུ་རྐྱེན་ནི་ཟ་ཁང་གི་འཐབ་ཀྱི་རླངས་རྫས་བླུག་སྣོད་ལ་མེ་ཤོར་བ་རེད་ཟེར་བ་ལས་གཞན་རྒྱས་འགྲེལ་གང་ཡང་བྱས་མི་འདུག

འདི་ལོའི་ཟླ་༨པར་ཏན་ཅིན་གྲོང་ཁྱེར་གྱི་རྫས་སྦྱོར་བཟོ་ལས་ཁང་ཆེན་ཞིག་ཏུ་འབར་གས་ཆེན་པོ་གཉིས་བསྟུད་མར་བྱུང་སྟེ་མི་༡༦༠ཙམ་རྐྱེན་ལམ་དུ་བཏང་བ་དང་ཉེ་འཁོར་གྱི་སྣུམ་འཁོར་དང་ཁང་པ་སོགས་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།