རྒྱ་ནག་གཞུང་གི་སྲིད་བྱུས།

རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ།
དེང་སང་ས་ཆ་གཞན་པར་ཞོར་ལས་ལ་འགྲོ་བའི་ཞིང་པ་ཇེ་མང་ཡིན་ལ། ཁོ་ཚོས་ཞོར་ལས་སམ་གླ་རྒྱག་པའི་གོ་རིམ་ཁྲོད་མི་འདོད་བཞིན་དུ་དོན་དག་ངན་པའང་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་ཁོ་ཚོར་གླ་རྒྱག་སྐབས་སུ་རང་གི་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་ཐད་ཀྱི་ཤེས་བྱ་དང་ཉམས་མྱོང་མེད་སྟབས།

དེ་འདྲའི་དོན་དག་ཆེ་མ་ཆུང་གསུམ་གང་ཞིག་ལ་ཐུག་རུང་ཇི་ལྟར་ཐག་གཅོད་བྱེད་དཀའ་བའི་གནས་སུ་གྱུར་ཡོད། དེ་བས་འདིར་འབྲེལ་ཡོད་ནང་དོན་དང་འབྲེལ་ནས་ཅུང་སྤྲོ་ན།

ས་ཆ་གཞན་ནས་གླ་རྒྱག་སྐབས་ཞོར་ལས་པས་རང་གི་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཤེ་ན།
            གཅིག ངེས་པར་དུ་ངལ་རྩོལ་གན་རྒྱ་འཇོག་དགོས། ཞིང་པ་ཞོར་ལས་པས་ལས་ཀ་ཞིག་རྙེད་རྗེས། ཐོག་མར་མི་བཀོལ་སྡེ་ཁག་གམ་ཡང་ན་ལས་བདག་དང་ངལ་རྩོལ་གན་རྒྱ་འཇོག་དགོས། གན་རྒྱ་དེའི་ནང་ངལ་རྩོལ་གན་རྒྱ་འཇོག་པའི་དུས་ཡུན་དང་ལས་ཀའིརིགས་གང་ཡིན་པ། ངལ་རྩོལ་སྲུང་སྐྱོང་དང་ངལ་རྩོལ་ཆ་རྐྱེན། ངལ་རྩོལ་གྱི་ཐོབ་ཆ། ངལ་རྩོལ་གན་རྒྱ་སྤྱོད་མཚམས་འཇོག་པའི་ཆ་རྐྱེན། ངལ་རྩོལ་གན་རྒྱ་དང་འགལ་བའི་འགན་ཁུར་སོགས་འདུས་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་ངལ་རྩོལ་ལ་འགལ་བའི་གན་རྒྱ་དང་ཡང་ན་གཡོ་སྒྱུ་དང་འཇིགས་སྐུལ་སོགས་ལ་བརྟེན་ནས་བཞག་པའི་གན་རྒྱ་ནི་བཤད་ཚེགས་གཏམས་རྒྱུ་བྱུང་ཚེ་ནུས་པ་མེད་པའི་གན་རྒྱ་ཡིན། །
         གཉིས། ཞོར་ལས་པས་རང་གི་གླ་ཕོགས་དང་ཡང་ན་ཆེས་དམའ་བའི་གླ་ཕོགས་ཇི་འདྲ་ཡོད་པ་ཤེས་དགོས། མི་བཀོལ་སྡེ་ཁག་གིས་ངེས་པར་དུ་ལག་དངུལ་གྱི་རྣམ་པས་གླ་ཕོགས་སྟེར་དགོས་པ་ལས། དེའི་ཚབ་ཏུ་དངོས་རྫས་དང་རིན་ཡོད་དངུལ་འཛིན་བྱིན་མི་ཆོག ཞིང་པ་ཞོར་ལས་པས་ངེས་པར་དུ་མཉམ་འཇོག་དགོས་པ་ནི་སྤྱི་ཚོགས་འགན་སྲུང་དང་ཕན་བདེའི་གྲོན་དངུལ། ངལ་རྩོལ་སྲུང་སྐྱོང་གྲོན་དངུལ་སོགས་གླ་ཕོགས་ཀྱི་ནང་དུ་མི་གཏོགས་པ་ཡིན། གླ་ཕོགས་ཆེས་ཉུང་ནའང་ཟླ་རེར་གཏན་ཁེལ་བྱས་པའི་དུས་ཚོད་ནང་ལྟར་ཐེངས་རེར་སྟེར་དགོས་ཤིང༌། མི་བཀོལ་སྡེ་ཁག་གིས་ཞིང་པ་ཞོར་ལས་པར་བྱིན་པའི་གླ་ཕོགས་དེ་ས་གནས་སྲིད་གཞུང་དེས་གཏན་ཁེལ་བྱས་པའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལས་ཉུང་མི་རུང༌། །

མི་བཀོལ་སྡེ་ཁག་གིས་ཞིང་པ་ཞོར་ལས་པའི་གླ་ཕོགས་གང་འདོད་ལྟར་གཅོག་པའམ་ཡང་ན་ཆད་ལ་བཞག་ནས་འགོར་སོང་ན་ཞིང་པ་ཞོར་ལས་པ་ཚོས་ངལ་རྩོལ་སྡེ་ཁག་ལ་ཡར་ཞུ་བྱེད་ཆོག་པ་དང༌། ངལ་རྩོལ་སྡེ་ཁག་གིས་མི་བཀོལ་སྡེ་ཁག་དེར་ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་དགོས་པའི་འགན་དཀྲི་དགོས་པར་མ་ཟད། དེ་བསྟུན་གྱི་དཔལ་འབྱོར་ཁ་གསབ་སྒོར་མོ་དང་སྐྱིན་ཚབ་ཁ་གསབ་སྒོར་མོ་སྟེར་དུ་འཇུག་དགོས། །

   མི་བཀོལ་སྡེ་ཁག་གིས་ཞིང་པ་ཞོར་ལས་པའི་གླ་ཕོགས་གང་འདོད་དུ་གཅོག་པའམ་ཡང་ན་ཆད་ལ་བཞག་ནས་འགོར་འགྱངས་བྱས་ན། ཞིང་པ་ཞོར་ལས་པས་ས་གནས་དེའི་ངལ་རྩོལ་ཞིབ་དཔྱོད་སྡེ་ཁག་ལ་ཁ་པར་བརྒྱབ་ནས་གནས་ཚུལ་དེ་ཐེར་འདོན་བྱེད་ཆོག །

        གསུམ། ལས་རྨས་དོན་རྐྱེན་བྱུང་རྗེས་ངེས་པར་དུ་ལོ་གཅིག་གི་ནང་ལ་གསལ་འབྱེད་བྱེད་པའི་རེ་འདུན་ཞུ་དགོས། ཞིང་པ་ཞོར་ལས་པས་ལས་རྨས་གསལ་འབྱེད་བྱེད་པ་ནི་རང་གི་ཁེ་དབང་སྲུང་བའི་གནད་འགག་ཅིག་ཡིན་མོད། འོན་ཀྱང་ཞིང་པ་ཞོར་ལས་པ་མང་པོ་ཞིག་གིས་ལས་རྨས་གསལ་འབྱེད་ཀྱི་དུས་ཡུན་ཤོར་དུ་འཇུག ཞིང་པ་ཞོར་ལས་པར་ལས་རྨས་དོན་རྐྱེན་བྱུང་བའམ་ཡང་ན་ལས་རིགས་སུ་རྐྱེན་ངན་ཕོག་ཚེ་ལོ་གཅིག་གི་ནང་ངེས་པར་དུ་ས་གནས་ཀྱི་ངལ་རྩོལ་སྡེ་ཁག་ལ་ལས་རྨས་ངོས་འཛིན་དང་ངལ་རྩོལ་ནུས་པར་གསལ་འབྱེད་བྱེད་དགོས་པའི་རེ་འདུན་ཞུ་དགོས་ཤིང༌། ལས་རྨས་འགན་སྲུང་འགྲོ་གྲོན་དེ་ཁེ་ལས་སམ་ཡང་ན་གླ་བདག་གིས་སྟེར་དགོས། །

   ཞིང་པ་ཞོར་ལས་པས་ལས་རྨས་ངོས་འཛིན་བྱེད་པའི་ཆ་རྐྱེན་ངེས་པར་དུ་ཤེས་དགོས། གཤམ་གསལ་ཕྱོགས་དྲུག་ནི་སྤྱིར་བཏང་དུ་ལས་རྨས་ལ་ངོས་འཛིན་བྱེད་པའི་ཁོངས་སུ་འདུ་བས། ཞིང་པ་ཞོར་ལས་པས་ངེས་པར་དུ་འབྲེལ་ཡོད་དཔང་ཡིག་ཉར་ཚགས་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་ངལ་རྩོལ་སྡེ་ཁག་ལ་སོང་ནས་ངོས་འཛིན་བྱེད་དུ་འཇུག་དགོས། དང་པོ། ཞོར་ལས་སྒྲུབ་པའི་དུས་དང་ཞོར་ལས་སྒྲུབ་ཡུལ་ནས་རྨས་སྐྱོན་ཕོག་པ། གཉིས་པ། ཞོར་ལས་སྒྲུབ་པའི་སྔ་གཞུག་ཏུ་ཞོར་ལས་སྒྲུབ་ཡུལ་ནས་ཞོར་ལས་དང་འབྲེལ་བའིལས་ཀ་མགོ་རྩོམ་སྐབས་དང་མཇུག་བསྡུ་བའི་དུས་སུ་རྨས་ཕོག་པ། གསུམ་པ། ཞོར་ལས་སྒྲུབ་པའི་དུས་ཡུན་དང་ཡང་ན་ཞོར་ལས་སྒྲུབ་ཡུལ་ནས་ལས་ཀ་སྒྲུབ་སྐབས་སུ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ། བཞི་བ། ལས་རིགས་རྐྱེན་ནད་ཕོག་པ། ལྔ་བ། ཞོར་ལས་ཀྱི་ལས་ཀའི་ཆེད་དུ་ཕྱི་རོལ་ཏུ་འགྲོ་སྐབས་རྨས་ཕོག་པའམ་ཡང་ན་གར་སོང་མི་ཤེས་པར་གྱུར་པ། དྲུག་པ། ཞོར་ལས་ལས་སུ་འགྲོ་བ་དང་ཡང་ན་ལས་ཀ་གྲོལ་བའི་ལམ་བར་ནས་འཕྲུལ་སྒྭལ་འཁོར་ལོའི་ཆག་སྒོ་བྱུང་བ་བཅས་ཡིན། །

        བཞི། བཅའ་ཁྲིམས་ལ་བརྟེན་ནས་ཞོར་ལས་པས་རང་གི་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཞིང་པ་ཞོར་ལས་པས་ངེས་པར་དུ་ཞོར་ལས་ལས་ཡུལ་དང་ལས་གནས་སྟེང་དུ་གནས་པའི་ཉེན་ཁ་དང༌། འབྱུང་ངེས་པའི་ཆག་སྒོ གནོད་འཚེ་བཅས་ལ་རྒྱུས་ལོན་གསལ་བོ་བྱེད་དགོས་པར་མ་ཟད། ཇི་ལྟར་དོགས་ཟོན་དང་བཅོས་སྐྱོབ་བྱེད་དགོས་ཚུལ་ཡང་ཤེས་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པའི་དབང་ཆ་ཡོད་ལ། རང་གི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་ཡོད་པའི་ངལ་རྩོལ་ཁོར་ཡུག་ཅིག་ཐོབ་ཐབས་བྱེད་པའི་དབང་ཆའང་ཡོད། བདེ་འཇགསཐོན་སྐྱེད་ཁྲོད་དུ་གནས་པའི་གནད་དོན་རིགས་ཐེར་འདོན་བྱེད་ཆོག་པར་མ་ཟད། སྒྲིག་སྲོལ་དང་འགལ་བའི་བཀོད་འདོམས་དང་ཉེན་ཁ་ཆེ་བའི་ལས་ཀའི་རིགས་མི་སྒྲུབ་པའི་དབང་ཆའང་ཡོད། །

      ཞིང་པ་ཞོར་ལས་པ་དང་མི་བཀོལ་སྡེ་ཁག་གཉིས་བར་ལ་རྩོད་གཞི་བྱུང་ན། ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱས་ཆོག་ལ། ཡང་ངལ་རྩོལ་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཚོགས་བརྒྱུད་དེ་འདུམ་འགྲིག་བྱས་ཀྱང་ཆོག འདུམ་འགྲིག་བྱས་པའི་མཇུག་འབྲས་རང་གི་འདོད་ཐོག་ཏུ་མ་སོང་ཚེ། ངེས་པར་དུ་ཉིན་བཅོ་ལྔའི་ནང་མི་དམངས་ཁྲིམས་ཁང་ལ་ཞུ་འབུལ་བྱེད་དགོས། །

    ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་མི་བཀོལ་སྡེ་ཁག་དང་ཡང་ན་ཁྲིམས་དང་མི་མཐུན་པའི་མཚམས་སྦྱོར་གྱིས་གནོད་འཚེ་བཟོས་ན། ཞིང་པ་ཞོར་ལས་པ་ཚོས་གནས་ཚུལ་དེ་ཐད་ཀར་དུ་ས་དེའི་ངལ་རྩོལ་འགན་སྲུང་ཞིབ་དཔྱོད་སྡེ་ཁག་ལ་ཐེར་འདོན་དང་གཏུག་གཤེར་བྱས་ཆོག


ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།