རྒྱ་ནག་གཞུང་གི་སྲིད་བྱུས།

ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས།
དོན་ཚན་དྲུག་པ།མི་རིགས་ཚང་མར་རང་རིགས་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང༌།སྤྱི་བདེ་ལས་ཁུངས་བཅས་ཀྱིས་ས་གནས་དེའི་སྤྱི་སྤྱོད་སྐད་ཡིག་ལ་བྱང་ཆ་མེད་པའི་གཏུག་བཤེར་ལ་ཞུགས་མཁན་ཚོར་ལོ་ཙཱ་བྱ་དགོས་པ་ཡིན།
མི་རིགས་གྲངས་ཉུང་བ་འདུས་སྡོད་བྱེད་པའི་ས་ཆའམ་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཆ་ནས་དེ་གའི་སྤྱི་སྤྱོད་སྐད་ཆར་བརྟེན་ནས་ཞིབ་བཤེར་བྱ་དགོས།སྤྱི་སྤྱོད་ཡི་གེ་ལ་བརྟེན་ནས་དཔྱད་མཚམས་དང་སྤྱི་སྒྲོགད་དུང་ཡིག་ཆ་གཞན་སོགས་སྤེལ་དགོས་པ་ཡིན།

དོན་ཚན་དགུ་པ།མི་རིགས་ཚང་མས་རང་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་དམངས་དོན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།

མི་རིགས་གྲངས་ཉུང་པ་འདུས་སྡོད་བྱེད་པའི་ས་ཆའམ་མི་རིགས་མང་པོ་ཐུན་མོང་དུ་སྡོད་པའི་ས་ཆ་ནས།མི་དམངས་ཁྲིམས་ཁང་གིས་དེ་གེའི་མི་རིགས་ཀྱིས་སྤྱི་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེར་བརྟེན་ནས་ཁྲིམས་བཤེར་བྱེད་པ་དང་ཁྲིམས་ལུགས་ཀྱི་ཡིག་ཆ་འགྲེམ་དགོས།

མི་དམངས་ཁྲིམས་ཁང་གིས་དེ་གའི་མི་རིགས་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་དང་ཡི་གེར་བྱང་ཆ་མེད་པའི་གཏུག་བཤེར་ལ་ཞུགས་མཁན་ཚོར་ལོ་ཙཱ་བ་མཁོ་འདོན་བྱ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་གྱི་འདེམ་ཐོན་བཅའ་ཁྲིམས།

དོན་ཚན་ཉི་ཤུ་བ།རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱིས་གཏན་འབེབས་དང་ཁྱབ་སྒྲོག་བྱས་པའི་འདེམ་ཐོན་ཡིག་ཆ་དང༌།འདེམས་དམངས་ཀྱི་མིང་ཐོ།འདེམས་དམངས་ཀྱི་འཛིན་ཡིགབདམས་བྱའི་མིང་ཐོ།འཐུས་མིར་བདམས་པའི་འཛིན་ཡིག འདེམ་ཐོན་ཨུ་ཡོན་ལྷན་ཁང་གི་ཐམ་ག་སོགས་ཚང་མར་དེ་གའི་མི་རིགས་ཀྱིས་སྤྱི་སྤྱོད་བྱེད་པའི་མི་རིགས་ཡི་གེ་བཀོལ་དགོས།།

ཡོང་ཁུངས། བོད་ཀྱི་སྐད་ཡིག རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།