རྒྱ་ནག་གཞུང་གི་སྲིད་བྱུས།

རྒྱ་ནག་གི་བདེ་སྲུང་སྐོར་གྱི་བཅའ་ཁྲིམས་ཟེར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་སྲུང་སྐོར་གྱི་བཅའ་ཁྲིམས།
(1993ལོའི་ཟླ2པའི་ཚེས22ཉིན་ལ་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུའི་ཐོག་གྲོས་འཆམ་བྱུང་བ། )
དོན་ཚན་བཞི་བ། རྩ་འཛུགས་དང་སྐྱེ་བོ་གང་རུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་ན་ངེས་པར་དུ་བཅའ་ཁྲིམས་ཐོག་ནས་བདའ་འདེད་གཏོང་རྒྱུ།

བཅའ་ཁྲིམས་འདིར་གསལ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཅེས་བྱ་བ་ནི་མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང༌། རྩ་འཛུགས། སྐྱེ་བོ་བཅས་ཀྱིས་ལག་བསྟར་བྱས་པའམ་མི་གཞན་ལ་ངན་བསྐུལ་དང་རོགས་དངུལ་སྤྲད་དེ་ལག་ལེན་བསྟར་དུ་བཅུག་པ་དང༌། ཡང་ན་མངའ་ཁུངས་ནང་གི་རྩ་འཛུགས་དང་སྐྱེ་བོས་མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང༌། རྩ་འཛུགས། སྐྱེ་བོ་བཅས་དང་ངན་འབྲེལ་གྱིས་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཤམ་གསལ་འདི་དག་ལ་ཟེར་བ་སྟེ།

(གཅིག)སྲིད་གཞུང་རྩ་སློག་གཏོང་བ་དང༌། རྒྱལ་ཁབ་ཁ་བྲལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པ་བཅས་ཀྱི་ལྐོག་སྦྱོར་བྱས་པའི་བྱ་སྤྱོད་དང༌།

(གཉིས)གསང་མྱུལ་གྱི་རྩ་འཛུགས་ལ་ཞུགས་པའམ་གསང་མྱུལ་གྱི་རྩ་འཛུགས་དང་དེའི་ལས་ཚབ་ཀྱིས་སྤྲད་པའི་ལས་འགན་དང་དུ་བླངས་པའི་བྱ་སྤྱོད།

(གསུམ)རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་དང༌། མྱུལ་ཞིབ། ཉོ་བསྡུ། ཁྲིམསདང་མི་མཐུན་པར་འདོན་སྤྲོད་བཅས་བྱས་པའི་བྱ་སྤྱོད།

(བཞི)རྒྱལ་ཁབ་ཀྱི་ལས་བྱེད་པར་ངོ་ལོག་བྱ་རྒྱུར་ཇུས་འདོན་རྒྱུད་སྐུལ་དང༌། སླུ་བྲིད། རྔན་སླུ་བཅས་བྱས་པའི་བྱ་སྤྱོད།

(ལྔ)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གཏོར་བཤིག་གི་བྱ་བ་གཞན་དག་སྤེལ་རིགས་བཅས་སོ།

དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདེ་སྲུང་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་རྩ་འཛུགས་དང་སྐྱེ་བོ་སྲུང་སྐྱོང་བྱ་རྒྱུ་དང༌། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་བྱས་རྗེས་ཆེན་པོ་འཇོག་མཁན་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་ཉེར་གསུམ་པ། མངའ་ཁོངས་ཕྱི་རོལ་གྱི་ལས་ཁོངས་དང༌། རྩ་འཛུགས། སྐྱེ་བོ་བཅས་ཀྱིས་ལག་བསྟར་བྱས་པའམ་མི་གཞན་ལ་ངན་སྐུལ་དང་རོགས་དངུལ་སྤྲད་དེ་ལག་ལེན་བསྟར་དུ་བཅུག་པ་དང༌། ཡང་ན་མངའ་ཁོངས་ནང་གི་རྩ་འཛུགས་དང་སྐྱེ་བོས་མངའ་ཁོངས་ཕྱི་རོལ་གྱི་ལས་ཁོངས་དང༌། རྩ་འཛུགས། སྐྱེ་བོ་བཅས་དང་ངན་འབྲེལ་ཀྱིས་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཉེས་ཚན་ལོན་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་ཉེར་བཞི་བ། གསང་མྱུལ་གྱི་བྱས་ཉེས་བསགས་ཀྱང་རང་ཉེས་ཁྲིམས་ཁང་ལ་ཞུ་མཁན་དང་ཡང་ན་བྱས་རྗེས་བཞག་ཡོད་མཁན་ལ་ཡང་བཟོས་ཀྱི་ཁྲིམས་ཆད་གཅོད་རྒྱུ་དང་ཉེས་ཆད་བཅའ་ཡང་དུ་གཏོང་རྒྱུའམ་ཉེས་ཆད་རྩ་ཡངས་གཏོང་རྒྱུ། བྱས་རྗེས་ཆེན་པོ་བཞག་ཡོད་མཁན་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་ཉེར་ལྔ་བ། མངའ་ཁོངས་ཕྱི་རོལ་ཏུ་བཙན་བསྐུལ་ལམ་ཡང་ན་བསླུས་ནས་མགོ་སྐོར་ཐེབས་པའི་དབང་གིས་དགྲ་བོའི་རྩ་འཛུགས་ལ་ཞུགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་བ་སྤེལ་ཡོད་ཀྱང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་ལས་ཁུངས་ལ་དུས་ཐོག་ཏུ་གནས་ཚུལ་དྲང་པོར་ཞུ་མཁན་དང༌། ཡང་ན་རྒྱལ་ནང་དུ་ལོག་རྗེས་ཐད་ཀར་རམ་རང་ཉིད་གནས་པའི་རྩ་འཛུགས་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་སམ་སྤྱི་བདེ་ལས་ཁུངས་ལ་གནས་ཚུལ་དྲང་པོར་ཞུ་མཁན་ལ་བདའ་འདེད་མི་གཏོང༌།

དོན་ཚན་ཉེར་དྲུག་པ། སྐྱེ་བོ་གཞན་དག་གིས་གསང་མྱུལ་གྱི་ཉེས་གསོག་བྱ་སྤྱོད་སྤེལ་ཡོད་པ་ཤེས་ཀྱང༌། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་དང་འབྲེལ་ཡོད་ཀྱི་བདེན་དཔང་འཚོལ་སྡུད་བྱེད་སྐབས་སུ་གནས་ཚུལ་མི་བཤད་མཁན་ལ་སྐྱེ་བོ་དེ་གནས་པའི་ལས་ཁུངས་དང་ཡང་ན་གོང་རིམ་གཙོ་གཉེར་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང༌། ཡང་ན་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་བཀག་བསྐྱིལ་ཉིན་བཅོ་ལྔ་མན་གྱི་ཁྲིམས་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉེས་ཁྲིམས་ནང་གསལ་དོན་ཚན་བརྒྱ་དང་རེ་གཉིས་པའི་གཏན་འབེབས་གཞིར་བཟུང་ནས་ཁྲིམས་ཆད་གཅོད་རྒྱུ།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་སྲུང་ལས་འགན་སྒྲུབ་པར་དྲག་ཐབས་དང་འཇིགས་བསྐུལ་གྱིས་བཀག་འགོག་བྱེད་མཁན་ལ་ཉེས་ཁྲིམས་ནང་གསལ་དོན་ཚན་བརྒྱ་དང་ང་བདུན་པའི་གཏན་འབེབས་ལ་གཞིགས་ནས་ཁྲིམས་ཆད་གཅོད་རྒྱུ།

རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་སྲུང་ལས་འགན་སྒྲུབ་པར་དྲག་ཐབས་དང་འཇིགས་སྣང་སྐུལ་ཐབས་མ་སྤྱད་ཀྱང་བསམ་བཞིན་དུ་བཀག་འགོག་བྱས་ཏེ་མཐའ་འབྲས་ཚབས་ཆེན་བཟོ་མཁན་ལ་ཉེས་ཁྲིམས་ནང་གསལ་དོན་ཚན་བརྒྱ་དང་ང་བདུན་པའི་གཏན་འབེབས་གཞིར་བཟུང་ནས་ཁྲིམས་ཆད་གཅོད་རྒྱུ། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་བཀག་བསྐྱིལ་ཉིན་བཅོ་ལྔ་མན་གྱི་ཁྲིམས་ཆད་གཅོད་རྒྱུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།