རྒྱ་ནག་གཞུང་གི་སྲིད་བྱུས།

ཡིག་སྐུར་ངོ་གཏུག་གི་སྲོལ་ཡིག་ཟེར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

(2005ལོའི་ཟླ1པའི་ཚེས10ཉིན་ལ་རྒྱལ་སྲིད་སྤྱི་་ཁང་གི་བཀའ་ཨང་ཀི431པའི་ཐོག་ཁྱབ་བསྒྲགས་བྱས་པ། )
དོན་ཚན་བཅུ་བདུན་པ། ཡིག་སྐུར་ངོ་གཏུག་མཁན་གྱིས་ཡིག་སྐུར་ངོ་གཏུག་སྐོར་གྱི་དོན་ཚན་བཏོན་ནས། སྤྱིར་བཏང་ཡི་གེ་དང་གློག་གི་སྦྲག་བསྐུར། གཟུགས་འཕྲིན་སོགས་བྱེད་སྟངས་སྤྱོད་འོས་དགོས། ཡིག་སྐུར་ངོ་གཏུག་མཁན་གྱིས་ཞུ་གཏུག་བྱེད་པའི་རེ་འདུན་ཞུས་པ་དེ། ཡིག་སྐུར་ངོ་གཏུག་མཁན་གྱི་མིང་དང་འདུག་ས། རེ་ཞུ། དོན་དངོས། རྒྱུ་མཚན་བཅས་ཞིབ་མོས་འབྲི་དགོས།

འབྲེལ་ཡོད་ལས་ཁུངས་ཀྱིས་ཁ་ཐོག་གི་བྱེད་སྟངས་སྤྱད་ནས་ཞུ་གཏུག་བྱེད་པའི་རེ་འདུན་བཏོན་པ་དེ། ཡིག་སྐུར་ངོ་གཏུག་མཁན་གྱི་མིང་དང་འདུག་ས། རེ་ཞུ། དོན་དངོས། རྒྱུ་མཚན་བཅས་ཞིབ་མོས་འབྲི་དགོས།

དོན་ཚན་བཅོ་བརྒྱད་པ། ཡིག་སྐུར་ངོ་གཏུག་མཁན་གྱིས་འཚམས་འདྲིའི་བྱེད་སྟངས་སྤྱད་དེ་ཡིག་སྐུར་ངོ་གཏུག་གི་དོན་ཚན་བཏོན་པ་དེ། འབྲེལ་ཡོད་ལས་ཁུངས་ཀྱིས་བཙུགས་པ་དང་གཏན་ཁེལ་བྱས་པའི་སྣེ་ལེན་གནས་སར་འགྲོ་དགོས།

མི་མང་བས་འཚམས་འདྲིའི་བྱེད་སྟངས་སྤྱད་ནས་ཐུན་མོང་གི་ཡིག་སྐུར་ངོ་གཏུག་གི་དོན་ཚན་བཏོན་པ་དེ། འཐུས་མི་འདེམས་སྒུག་བྱ་རྒྱུ་མ་ཟད་ད་དུང་འཐུས་མིའི་གྲངས་ཀ་མི5ལས་བརྒལ་མི་རུང༌།

དོན་ཚན་བཅུ་དགུ་བ། ཡིག་སྐུར་ངོ་གཏུག་མཁན་གྱིས་ཡིག་སྐུར་ངོ་གཏུག་གི་དོན་ཚན་བཏོན་པ་དེ། དངོས་ཡོད་པ་དང་བདེན་པ་འོས་དགོས། དུས་མཚུངས་སུ་ཁོ་ཚོས་འདོན་སྤྲོད་བྱས་པའི་ཡིག་རིགས་གི་ནང་དོན་བདེན་པ་ཡིན་མིན་གྱི་འགན་འཁུར་དགོས་པ་མ་ཟད། དོན་དངོས་འཁྱོག་བཤད་དང་ཉེས་མེད་ཉེས་འགེལ་བྱེད་མི་རུང༌།

དོན་ཚན་ཉི་ཤུ་བ། ཡིག་སྐུར་ངོ་གཏུག་མཁན་གྱིས་ཡིག་སྐུར་ངོ་གཏུག་བྱེད་པའི་ཁྲོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་མཐོང་བྱ་དགོས་པ་དང༌། རྒྱལ་ཁབ་དང་སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་དེ་མིན་གཞན་གྱི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་གཏོང་མི་རུང༌། དུས་མཚུངས་སུ་རང་རྟོགས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་བའི་སྒྲིག་ལམ་དང་ཡིག་སྐུར་ངོ་གཏུག་གི་སྒྲིག་ལམ་སྲུང་སྐྱོབ་བྱ་དགོས་པ་དང་གཤམ་གྱི་བྱ་སྤྱོད་ཡོད་མི་སྲིད་འདི་ལྟ་སྟེ།

(གཅིག)རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་སྒྲུབ་ས་དང་དེའི་མཐའ་སྐོར། སྤྱི་བའི་ས་གནས་སུ་ཁྲིམས་དང་མི་མཐུན་པའི་མཉམ་འདུས་དང་བསྐོར་ནས་རྡུང་བ། རྒྱལ་ཁབ་ལས་ཁུངས་ལ་རྡུང་རྡེག་བྱེད་པ། སྤྱི་དོན་རླངས་འཁོར་ལ་འགོག་གཏོར་བྱེད་པ། འགྲིམ་འགྲུལ་བར་ཆད་གཏོང་བའི་བྱ་སྤྱོད།

(གཉིས)ཉེན་ཅན་དངོས་རྫས་ཁྱེར་མཁན།

(གསུམ)རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བྱེད་མི་སྣ་ལ་བརྙས་བཅོས་དང་ཉེས་རྡུང་གཏོང་བ་དང་དེ་མིན་མི་གཞན་པའི་མི་ལུས་རང་མོས་ཁྲིམས་མི་མཐུན་པའི་སྒོ་ནས་བཀག་སྡོམ་བྱེད་པའི་བྱ་སྤྱོད།

(བཞི)ཡིག་སྐུར་ངོ་གཏུག་གི་སྣེ་ལེན་སར་ཟིང་ཆ་བསློངས་བ་མ་ཟད། རང་ཁ་གསོ་མི་ཐུབ་མཁན་ལ་ཡིག་སྐུར་ངོ་གཏུག་ཡུལ་གནས་སུ་སྐྱུར་བའི་བྱ་སྤྱོད།

(ལྔ)ངན་སྐུལ་དང་འབྲེལ་གཏུག་བཙན་སྐུལ། རྒྱུ་ནོར་གྱིས་བསླུས་ནས་མགོ་སྐོར་གཏོང་བ་བཅས་བྱེད་ཐབས་སྤྱད་ནས་མི་གཞན་གྱིས་ཡིག་སྐུར་ངོ་གཏུག་ལ་བརྟེན་ནས་རྒྱུ་ནོར་བསྡུ་ལེན་བྱེད་པའི་བྱ་སྤྱོད།

དོན་ཚན་ཉེར་དྲུག་པ། སྤྱི་དམངས་དང་ཁྲིམས་མི་དང་དེ་མིན་རྩ་འཛུགས་གཞན་དག་གིས་སྤྱི་ཚོགས་ལ་གནོད་པ་བཟོས་པའི་དོན་ཆེན་དང་བྲེལ་མྱུར་གྱི་ཡིག་སྐུར་གི་བྱ་བ་དང་ཡིག་སྐུར་གི་བརྡ་འཕྲིན་ཤེས་ན་ཐག་ཉེ་སར་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་ཆོག

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པ་དང་ཉི་ཤུ་བ་དང་འགལ་ནས་འབྲེལ་ཡོད་པའི་རྒྱལ་ཁབ་ཀྱི་སྡེ་ཁག་གི་མི་སྣས་ཡིག་སྐུར་ངོ་གཏུག་མཁན་ལ་བཀག་སྡོམ་བསླབ་བྱ་དང་སྐྱོན་བརྗོད་པ། དེ་མིན་སློབ་གསོ་བྱ་དགོས།

བཀག་སྡོམ་བསླབ་བྱ་དང་སྐྱོན་བརྗོད་པ། སློབ་གསོ་བཅས་བྱས་རྗེས་གོ་ཆོད་ན། སྤྱི་བདེ་སྡེ་ཁག་གིས་ཐ་ཚིག་སྒྲོག་པ་དང་བསླབ་བྱ་གཏོང་བ། ཡང་ན་བཀག་འགོག་བྱ་རྒྱུ། འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་འགལ་བ། ཡང་ན་བདེ་འཇགས་དོ་དོམ་དང་འགལ་བའི་བྱ་སྤྱོད། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དགོས་ངེས་ཀྱི་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། བྱས་ཉེས་བཟོས་པའི་མི་དང་དོན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། ཡིག་སྐུར་ངོ་གཏུག་མཁན་གྱིས་དོན་དངོས་རྫུན་བཟོ་དང༌། མི་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་ནས་བྱས་ཉེས་བཟོས་པའི་མི་དང་དོན་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། བྱས་ཉེས་མ་གྲུབ་པ་ལ་སྤྱི་བདེ་ལས་ཁུངས་གྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ།

འབྱུང་ཁུངས། ཀན་ལྷོ་དམར་ཤོག་དྲ་བ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།