ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.01.2009 23:38:15
གཡག་རཱ་ལ་རྩེ།

གོང་ནས་གྲོགས་པ་དག་གིས་སློབ་གསོའི་སྒྲིག་གཞི་འདིའི་ངོས་ནས་རང་རང་གི་ལྟ་ཚུལ་བརྗོད་ཐལ། ང་རང་ཉིད་སློབ་གསོ་མྱོངས་མཁན་ཞིག་གི་ངོས་ནས་ཕྱོགས་གསུམ་ནས་བཤད།སྤྱིར་སློབ་གསོའི་སྒྲིག་གཞི་བཤད་ན་དེར་བསླབ་གཞི་དང༌། དགེ་རྒན། སློབ་མ་སོགས་ཕྱོགས་གསུམ་ནས་གྲུབ་འདུག དེ་ལས་སློབ་གསོའི་སྒྲིག་གཞི་འདི་གཙོ་བོ་ཞིག་རེད།


  
བསམ་ཚུལ། 2 བཀླཌ་ཐེངས།: 6617  

12.01.2009 11:49:31
དགེ་རྙིང་ས་བོན།

ཟླ་ཤས་སྔོན་བཀའ་ཁྲི་ཟམ་གདོང་ལགས་ནས་དེང་དུས་ཀྱི་ནང་ཆོས་བཤད་མཁན་དག་གིས་དེང་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་སྒོ་ནས་ཆོས་བཤད་རྒྱུ་ལས་གནའ་སྔ་མོའི་ལུགས་སྲོལ་སྐྱར་ཟློས་ཡང་ཡང་མི་བྱེད་རྒྱུ་དང༌། བཤད་སྟངས་དེ་ཡང་མདོར་དྲིལ་ན་དེང་སང་གི་མིའི་འདོད་བློ་དང་འཚམ་པ་ཞིག་བཤད་རྒྱུ་དེ་རེད་ཟེར།


  
བསམ་ཚུལ། 0 བཀླཌ་ཐེངས།: 5015  

11.01.2009 14:31:26
མཐོ་སྒང་ཁྲག་རྗེས།

ཡུལ་འཛམ་གླིང་མཐོ་སྒང་གངས་རིའི་འདབས། ཕ་སྤྲེལ་རྒན་གཅིག་གི་རྒྱུད་རྩ་རུ། ཁམས་ཨ་མདོ་དབུས་གཙང་སྟོད་པ་སོགས། གསོན་འདི་གང་སྐྱིད་སྡུག་ལས་དབང་གཅིག ཡུལ་སྟོད་སྨད་དབྱེ་བ་མི་ཕྱེ་བར། སེམས་བརྩེ་བས་གཅིག་ཕན་གཅིག་རོགས་མཛོད། ཆོས་གྲུབ་མཐའི་ཕྱོགས་རིས་རྩོད་པ་སྤོངས། བོད་མཐུན་སྒྲིལ་བྱས་ནས་མདུན་དུ་འགྲོ། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད།


  
བསམ་ཚུལ། 3 བཀླཌ་ཐེངས།: 8552  

11.01.2009 14:00:53
མཐོ་སྒང་ཁྲག་རྗེས།

 མི་ཉག་ཡུལ་སྐད་འདི་བོད་སྐད་རྣལ་མ་ཞིག་ཡིན་མིན་གྱི་ཐད་བཤད་འདྲ་མིན་སྣ་ཚོགས་ཤིག་ཡོད་པས་འདིའི་ཐད་ལ་ངས་ཞིབ་འཇུག་དཀྱིས་ཕྱིན་པ་ཞིག་མ་ཐུབ་པར་དཔྱད་གླེང་སྤེལ་རྩིས་མེད་ཀྱང་ཉམས་རྒུད་དུ་ཐེབས་ལ་ཉེ་བའི་ཡུལ་སྐད་འདི་སྲུང་འཛིན་བྱེད་པར་ཕན་པ་རེ་ཨེ་ཡོད་སྙམ་ནས། ངས་མི་ཉག་ཡུལ་སྐད་སློབ་དེབ་ཞེས་དབྱིན་རྒྱ་གཉིས་དང་རྒྱལ་སྤྱིའི་སྒྲ་རྟགས་དང་ལ་ཏན་བོད་ཡིག་སོགས་ཀུན་ནས་འཛོམས་པའི་དེབ་ཆུང་ཞིག་འདོན་རྩིས་ཡོད་པས་སྤུན་ཟླ་ཚོས་རྒྱབ་སྐྱོར་ཡོད་པར་ཞུ་ཞུ།


  
བསམ་ཚུལ། 1 བཀླཌ་ཐེངས།: 9012  

11.01.2009 13:56:44
མཐོ་སྒང་ཁྲག་རྗེས།

བོད་ཀྱི་ཆེས་མཐོའི་ཐ་སྙད་གསར་བཟོའི་ཚོགས་ཆུང་གིས་གཏན་འབེབས་ཟིན་པའི་ཐ་སྙད་གྲངས་ ༢༠༠༠ ལྷག་བརྒལ་བ་དང༌། ད་དུང་མི་རིང་བར་ཐེངས་གཉིས་པའི་ཐ་སྙད་གཏན་འབེབས་ཀྱི་ཕྱོགས་སུའང་ཤུགས་སྣོན་རྒྱག་བཞིན་ཡོད་ལ། མ་འོངས་པར་དབྱིན་རྒྱ་ཧིན་སྐད་མ་འདྲེས་པར་བོད་ཡིག་རང་སྟེང་ནས་ཐ་སྙད་གསར་བཟོ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།


  
བསམ་ཚུལ། 1 བཀླཌ་ཐེངས།: 8037  

11.01.2009 13:39:28
གཡུ་འབྲུག་སྔོན་མོ།

ང་འོད་མདངས་ལམ་ལམ་འཕྲོ་བའི་གངས་དཀར་གྱི་འདབས་རོལ་དང༌། ལྗང་མདོག་སྔོན་མོ་གོས་སུ་བཀླུབས་པའི་མཛེས་སྡུག་གི་རྩྭ་ཐང༌། ཡང་ན་ལང་ལོང་འདུ་འཛི་ཆེ་བའི་གྲོང་ཁྱེར་དང༌། ལྷིང་འཇགས་དབེན་པར་གནས་པའི་ཞིང་གྲོང་སོགས་གང་སར་བསྐྱོད་ཀྱང༌། བདག་ནི་ཆེས་གོམས་ལོབས་སུ་སོང་བའི་སྐད་སྒྲ་སྟེ། གདངས་ཤུགས་རྔམ་བརྗིད་ཆེ་ལ་ཚོར་འདུ་དྲག་པོའི་གྱེར་དབྱངས་ཀྱིས་དུས་ཡུན་རིང་བོར་མྱོས་ཏེ་དྲན་པའི་ཚོར་བ་ཟབ་མོའི་ཀློང་དུ་འཐིམ་འགྲོ།


  
བསམ་ཚུལ། 0 བཀླཌ་ཐེངས།: 7690  

11.01.2009 13:28:17
ལི་ཁྲི་དམར་པོ།

འབའ་མོའི་སྐྱེས་ཕྲེང་ཞེས་པ་འདི་ཁམས་གཙང་སྨད་པའི་དམངས་ཁྲོད་དུ་ཡོད་པའི་མགུར་གླུ་ཤིག་ཡིན་ལ། ད་ཆ་གྲོགས་མཆོག་ཅིག་གིས་འདི་ཡིག་ཐོག་ཏུ་ཕབ་དགོས་པའི་རེ་བ་བཏོན་ལ། གངས་རིའི་སྤུན་ཟླ་གཞན་དག་ཀྱང་དེར་དགའ་འམ་སྙམ་པས་འདིར་བཀོད་པ་ཡིན་རུང༌། མགུར་གླུ་འདི་ད་ལྟ་ཉམས་ནས་འདི་ཙམ་ལས་ལྷག་མེད་པར་སྣང་བས། གལ་ཏེ་སྤུན་ཟླ་རེས་དེའི་སྐོར་གྱི་ཡིག་ཆ་རེའམ་དེ་གསུངས་ཐུབ་མཁན་རེ་ཡོད་ཚུལ་ཐོས་ན་ཕྲན་ལ་འབྲེལ་བ་རེ་མཛད་རོགས་ཞུ། གཞན་འདིའི་ནང་གི་འོག་ཐིག་ཡོད་ས་དག་ནི་རང་གིས་ཁ་ཚོན་མི་ཆོད་པའི་རིགས་ཡིན་པས་ཀློག་མཁན་རྣམས་ཀྱིས་དེ་ལུགས་ཀྱིས་འདོར་ལེན་མཛད་རོགས་ཞུ།


  
བསམ་ཚུལ། 1 བཀླཌ་ཐེངས།: 9020  

11.01.2009 13:24:29
ལི་ཁྲི་དམར་པོ།

ལོགས་ཕེབས་དང་རྒྱང་རིང་གི་བླ་མ་མཆོག
བཟོད་ཐབས་བྲལ་བའི་གྱེས་བྲལ་་གྱི་རྨ་ཁ་འདིས།

བོད་པ་ཚང་ལ་ཐབས་ཆགས་ཀྱི་ལས་དབང་ཞིགབསྐྲུན་པས།

ད་ལྟ་བར་ཁ་ཕྱོགས་འཁྲུལ་བའི་རྒོད་ཕྲུག་དུ་མས།


  
བསམ་ཚུལ། 0 བཀླཌ་ཐེངས།: 8182  

11.01.2009 13:12:27
ལི་ཁྲི་དམར་པོ།

དེང་རབས་ཚན་རིག་ལག་རྩལ་གྱི་རླབས་ཕྲེང་དབྱིག་འཛིན་སྒེག་མོའི་མཐོངས་སུ་སྐྱོམ་པའི་ལོ་ཟླ་རིང་མོ་འདིའི་ནང་དུ། ཕྱི་གླིང་བའི་རྒྱལ་ཁབ་དང་ཡུལ་གྲུ་ཀུན་ནབོད་རིག་པཞེས་མཚན་སྙན་གྱི་བ་དན་མཐོ་རུ་བསྒྲེངས་པ་དེར་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་ཡོད་ཀྱང༌། བོད་མི་རིགས་ནང་ཁུལ་གྱི་འགོ་ཁྲིདི་པ་དང་སློབ་གསོ་བ་སློབ་གྲྭ་བ་སྐོར་ཞིག་གིས་བོད་ཀྱི་སྐད་ཡིག་གཉིས་ཆར་རུལ་དྲི་དང་རྙིང་དྲི་ད་དུང་མཁོ་མེད་ནུས་མེད་ཞིག་ཏུ་བརྩིས་ནས།


  
བསམ་ཚུལ། 0 བཀླཌ་ཐེངས།: 8971  

14.11.2008 03:13:17
Martin Rasser

བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད།


  
བསམ་ཚུལ། 6 བཀླཌ་ཐེངས།: 4033  

ཤོག་ངོས། 162 ནས། 162
| -