ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: གངས་དཀར་སེམས།

14.09.2015 02:04:16
གངས་དཀར་སེམས།

སྤུས་ཚད་ལྡན་པའི་སྒོ་ནས་ལས་སུ་འཇུག
ལས་བྱེད་མང་ཆེར་ཉིན་དགུང་ངལ་གསོའི་དུས་ཚོད་མེད་ཅིང༌། ཉིན་དགུང་ཟས་དུས་སྐབས་ཀྱང་ཟང་ངེ་ཟིང་ངེ་ལྟར་རེད། ཆེས་གསར་ཐོན་ཞིབ་འཇུག་གི་གྲུབ་དོན་ལྟར་ན། གལ་ཏེ་ལས་ཀ་དང་ངལ་གསོ་ཟུང་འབྲེལ་མེད་པའམ། ཡང་ན་དེར་ཐབས་ཤེས་ཡག་པོ་མ་སྤྱོད་ན་བྱ་བའི་གྲུབ་དོན་ལ་སྤུས་ཚད་ཞན་ཞིང་ལས་དོན་དུ་འཇུག་པའི་སྤྲོ་བའམ་ཉམས་ཆགས་འགྲོ་སྲིད་པར་མངོན་འདུག


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2111  

04.09.2015 06:30:15
གངས་དཀར་སེམས།

རྩོམ་པ་པོ། དབྱི་ཧྥིས།
རང་ལོ་ཉི་ཤུར་ཟིན་པའི་ཨ་རིའི་གཞོན་ནུ་མ་ནཱ་ཐ་ཞ། ཁ་རུ་ཨ་ན་ Natasha Caruana
གཞན་གྱི་ཟུར་ཉར་དགའ་རོགས་ཤིག་ཏུ་ཆགས། སྐྱེས་པ་དེ་ནི་མོ་ལས་ལོ་མང་པོ་ཆེ་ཞིང་ཆང་ས་བརྒྱབས་ཟིན་པའི་སྤྱང་གྲུང་དང་ནུས་ཤུགས་ལྡན་པ་ཞིག་རེད།
རིན་གོང་མཐོ་བའི་ལག་རྟགས་དང་གྲ་རྒྱས་པོའི་ཟས། གཟའ་མཇུག་གི་སྤྲོ་འཆམ་བཅས་གཅིག་རྗེས་གཉིས་མཐུད་ཀྱིས་ནཱ་ཐ་ཞ་སྤྲིན་ཕུང་ལྟར་གནམ་ལ་འཕུར་བསྡད་པ་དང་མཚུངས། ཉམས་མྱོང་དེ་ནི་མོ་ལ་མཚོན་ན་ཤུགས་རྐྱེན་གཏིང་བཟ་བཞག་ཡོད། འོན་ཀྱང་མོ་རང་གིས་དེར་གདིང་འཇོག་དེ་ཙམ་བྱེད་ཀྱི་མེད། མོས་ང་ནི་བཟའ་ཚང་ལ་གུས་བརྩི་མེད་མཁན་ཞིག་མིན། ཞེས་བཤད།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2414  

01.09.2015 02:03:49
གངས་དཀར་སེམས།

སྔོན་གླེང་།སྐྱེས་པ་ཞིག་ཡིན་པའི་ངོས་ནས་ཁྱོད་རང་ལ་དགའ་བཞིན་པའི་བུད་མེད་དེའི་ལེགས་སྐྱེས་ཕུལ་བའི་འདུ་ཤེས་ལ་དོགས་པ་མ་བྱེད་རོགས། མོས་ཁྱོད་ཀྱི་ཆེད་དུ་སྡུག་ངལ་ལ་བཟོད་ཐུབ་ཅིང་། ཁྱོད་ཀྱི་ཆེད་དུ་ཚེ་སྲོག་ཀྱང་དོར་ཕོད། དེ་བས་ཁྱོད་ཀྱི་ཆེད་དུ་མོའི་ཕ་མར་ངོའང་ལོག་སྲིད། འོན་ཀྱང་བུད་མེད་ཀྱང་སེམས་སྐྱོ་བར་བཟོད་མི་ཐུབ། མོ་རང་ལ་ཁྱོད་མཁོ་བའི་དུས་མོའི་འཁྲིས་སུ་སླེབས་ཐུབ་དགོས། གལ་ཏེ་མོ་ལ་རེ་བ་སྟོང་ཟད་མང་པོ་སྤྲད་ན་མོ་རང་ཐེ་ཚོམ་ཙམ་མེད་པར་ཁྱོད་དང་ཁ་བྲལ་སྲིད། གཤམ་གྱི་དུས་དྲུག་སྐྱེས་པ་ཚོས་ཡིད་ལ་ཟུངས་ཤིག


  གངས་དཀར་སེམས།
བསམ་ཚུལ། 4 བཀླཌ་ཐེངས།: 3512  

18.08.2015 03:19:08
གངས་དཀར་སེམས།

འཁྲུག་ཆ་ཆེ་ཞིང་བླུན་རྨོངས་ནི་འགྲོ་བ་མིའི་རིགས་ཀྱི་མཐུན་མོང་གི་ནད་རྟགས་རེད།
དེ་རིང་(ང་ཚོས།)ཨཱིན་ཇིའི་མཚན་ཉིད་རིག་པའི་མཁས་དབང་ལཱོ་སུའུ་ཡི་རྩོམ་ལ་མཉམ་དུ་ལྟ། ལཱོ་སུའུ་ནི་དུས་རབས་སྔོན་མའི་ནུབ་ཕྱོགས་པའི་ཆེས་སྐད་གྲགས་དང་ཤུགས་རྐྱེན་སྤྲོད་མཁན་གྱི་མཁས་པ་དང་ཞི་བདེ་རིང་ལུགས་པའི་སྤྱི་ཚོགས་ལས་འགུལ་བ་ཆེད་མཁས་གྲལ་ཞིག་རེད།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2117  

13.08.2015 05:15:11
གངས་དཀར་སེམས།

གཉིད་མ་ཁུག་ན་གང་འདྲ་བྱེད་དགོས་སམ།  what should I do if I can’t sleep ?   失眠怎麼辦?
༡། སྐྱུར་ཁུ་ Vinegar (འདི་ལ་རྒྱ་སྐད་ནང་ཚུའུ་ 食醋 ཟེར། ) འཐུང་དགོས།

མི་འགའ་རེ་རྒྱང་ཐག་རིང་པོར་སྤྲོ་འཆམ་སོང་རྗེས་དཀའ་ལས་ཆེན་པོ་ཁག་སྟེ་མཚན་ལ་གཉིད་ཁུག་ཁག་པོ་ཆགས་ཀྱི་ཡོད། སྐབས་དེར་ཁྱོད་ཀྱིས་ང་ཚོས་རྒྱུན་དུ་ཟས་ནང་བེད་སྤྱོད་བྱེད་པའི་སྐྱུར་ཁུ་ Vinegar དང་ཆུ་ཁོལ་མ་དྲོད་གྲང་སྙོམས་པ་གཉིས་བསྲེས་ཏེ་ག་ལེར་འཐུང་རྗེས་སེམས་ལྷོད་ལ་ཕོབས་དང་དུས་ཡུན་རྗེས་སུ་གཉིད་ཁུག་ཐུབ།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 3415  

04.08.2015 06:10:13
གངས་དཀར་སེམས།

མཐུ་ཆེན་སྒོག་པའི་ནུས་པར་མཐོང་ཆུང་བྱེད་མི་ཉེན།
(མགོ་བརྗོད་འདི་སྒྱུར་པ་པོས་བཏགས།)

དེང་སང་ཆམ་པའི་རྐྱེན་གྱིས་གློ་རྒྱག་པའི་ནད་པ་མང་ཞིང་། གློ་འཇགས་ཐབས་མེད་པའི་ཁྱད་ཆོས་གཅིག་ནི་མིད་པར་ཟ་འཁྲུག་ལངས་པ་ཙམ་གྱིས་གློ་རྒྱག་པ་དེ་རེད། མིད་པར་ཟ་འཁྲུག་ལངས་ཏེ་གློ་རྒྱག་པ་ནི་རྒྱུན་གཏན་གྱི་གནས་སྟངས་ཤིག་ཡིན། ཆམ་པ་མ་ན་སྔོན་ཙམ་མམ་ཡང་ན་རྒྱུན་རིང་ན་རྗེས་མཇུག་ཙམ་དུ་ནད་རྟགས་དེ་མངོན་མཚན་ཆེན་པོ་མེད་ཀྱང་མིད་པ་ཟ་འཁྲུག་ལང་བ་དེ་མངོན་གསལ་ཡིན། དེའང་མིད་པར་ཟ་འཁྲུག་ལང་བ་ཙམ་གྱིས་གློ་རྒྱག་པ་དེ་རེད།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2391  

29.07.2015 04:00:34
གངས་དཀར་སེམས།

གལ་ཏེ་བཟའ་ཚང་ཕན་ཚུན་དབར་གུ་ཡངས་མ་སྤྲོད་པར་གཉིས་ཀས་སྤྱང་མདོག་ཁོ་ནར་འཁྲབ་ཅིང་། དོན་ག་རེ་ཡིན་ཡང་གསལ་པོ་ཞིག་བཟོ་འདོད་ཚེ་དེ་ནས་བཟུང་ཕན་ཚུན་ཁ་བྲལ་རྒྱུ་གྲ་བསྒྲིག་སྔ་ཙམ་བྱ་ན་དགའ།
བཟའ་ཚང་དབར་ཕ་རོལ་པོ་བཅུན་ཐབས་བྱ་འདོད་ནི་གནད་དོན་གཙོ་བོ་དང་། རྒྱུན་དུ་འབྱུང་བཞིན་པའི་གནས་སྟངས་ཤིག་ཀྱང་རེད། ཕན་ཚུན་དབར་སུ་འགྲིག་མིན་དང་སུ་ནོར་མིན། སུས་ཕ་རོལ་པོའི་སེམས་པ་སྐྱོ་བཅུག་ཡོད་མེད་བཅས་བཤད་སྡོད་པ་དེ་ནི་འཛེམ་ཟོན་ཆེན་པོ་དགོས་པའི་ཕྱོགས་རེད།


  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 2438  

25.07.2015 22:39:05
གངས་རིན་ཆེན།

གསེར་མདོག་ཉི་མ་ནུབ་པའི་ཤུལ་ལམ་དུ།།
ཆུ་འཛིན་འདབ་མ་སྟོང་གི་བར་མཚམས་སུ།།
ལྷ་ལམ་ངུ་བརྒྱ་འདུས་པའི་མིག་ཆུ་ཡོད།།
ས་འཛིན་གནམ་ཆུ་སྒུག་པའི་གདུང་བ་ཡོད།།


  གངས་དཀར་སེམས། | སྙན་ངག་མིག་ཆུས་ཁྱེད་ལ་འབོད།
བསམ་ཚུལ། 0 བཀླཌ་ཐེངས།: 2077  

22.07.2015 00:22:13
གངས་དཀར་སེམས།

སེམས་བཟང་ཅན་ནུས་མེད་ལ་ངོས་འཛིན་མ་བྱེད་ཅིག
不要把別人的善良,認為是軟弱
——ལོག་ལམ་ལྡོག་བཤེར།
༡། སེམས་བཟང་ཅན་དེ་ནུས་མེད་ལ་ངོས་འཛིན་མ་བྱེད། གང་ཡིན་ཟེར་ན། སེམས་བཟང་ཅན་གྱིས་བཟང་པོ་ནི་འགྲོ་བ་མིའི་རིགས་ཀྱི་རྩ་བའི་རང་གཤིས་ཡིན་ལ། འགྲོ་བ་མི་ཞིག་ཡིན་ཚུན་ཆད་ནས་བྱ་ངན་སྤེལ་ན་མི་འགྲིག་པ་ཤེས་ཀྱི་ཡོད་པ་རེད།

  གངས་དཀར་སེམས།
བསམ་ཚུལ། 7 བཀླཌ་ཐེངས།: 1826  

20.07.2015 07:55:09
མེ་ལྗང་།

བདག་སེམས་ཁྱེད་ལ་ཤོར་བའི་འདོད་སྣང་གི་རེ་འབྲས༌།།
ལོ་ཟླ་གང་མང་ཞིག་གི་རྗེས་ཤུལ་ནས་སྨིན་དུས།།
གཅིག་སེམས་གཅིག་ལ་འདྲེས་པའི་བརྩེ་དུང་གི་ཞིམ་ཤ།།
བཅུད་བཟང་འོ་སྤྲི་མངར་མོའི་རོ་མཆོག་ལས་ལྷག་སོང༌།།

  གངས་དཀར་སེམས།
བསམ་ཚུལ། 3 བཀླཌ་ཐེངས།: 1804  

14.07.2015 23:00:58
གངས་རིན་ཆེན།

___སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཕུལ།

རིན་པོ་ཆེ།་་་་ཁྱེད་ནི་ང་ཚོའི་གངས་ཅན་ཁ་བའི་ལྗོངས་སུ་མ་རིག་གི་མུན་པ་སེལ་བའི་ཉིན་བྱེད་དེ། མུན་ནག་སྤྲིན་ཚོགས་ཀྱི་སྒྲིབ་པའི་མཐོ་སྒང་དུ།  གང་གིས་སྙིང་རྗེའི་འོད་སྣང་སྦྱིན་པའི་མ་ལུས་གངས་ཅན་གྱི་འགྲོ་བ་ལ་ཤེས་རིག་གི་སློབ་གྲྭ་འཛུག། ནང་ཆོས་ཀྱི་སྒྲོན་མེ་སྤར། དགེ་བསྒྲུབ་སྤང་བླངས། བཟང་པོའི་ཆོས་མཐུན་གྱི་བྱ་བཞག་སོགས་སྒོ་ཀུན་ནས་གདོང་དམར་སྐྱེ་འགྲོ་རྣམས་ལ་གདམས་པའི་བསླབ་བྱ་ནི་སྟོང་གསུམ་ནོར་གྱི་ཟླ་དང་བྲལ། ད་དུང་མི་རིགས་འདི་ལ་མ་འོང་གི་གཟིགས་རྒྱང་རིང་ཞིང༌། མི་རིགས་འདི་ཡི་དཀའ་སྡུག་ཡོད་ཚེ་ཁུར་དུ་བཞེས་ཤིང༌། འགྱུར་མེད་ཀྱི་ལྷག་བསམ་དང༌། གཡོ་མེད་ཀྱི་ལ་རྒྱལ་ནི་རི་རབ་བཞིན་དུ་བརྟན།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 0 བཀླཌ་ཐེངས།: 1967  

14.07.2015 07:20:57
གངས་དཀར་སེམས།

སེམས་ཁམས་ཀྱིས་མི་ཞིག་གི་གནས་སྟངས་དེ་མཚོན་གྱི་ཡོད། སེམས་བཟང་པོ་ཡོད་པ་ཙམ་གྱིས་ཁྱོད་ཉིན་ལྟར་བག་སྤྲོ་པོ་ཞིག་ཡོང་ཐུབ། སེམས་ཁམས་ལེགས་པོ་ཡོད་ན་དེའི་ཚོད་ཀྱིས་རང་བཞིན་གྱིས་ལམ་འགྲོའང་ཡོང་གི་ཡོད་པ་རེད། བྱ་བ་གང་ཞིག་བྱེད་ཀྱང་ཧུར་བརྩོན་གྱི་སེམས་ཁམས་ཤིག་དགོས་པ་དེ་བརྗེད་མི་ཉེན། སེམས་ཁམས་ཡག་པོ་དེ་བརླག་སྐབས་གནས་སྟངས་ངན་པའི་སེམས་ལ་ལེགས་བཅོས་གཏོང་དགོས། སེམས་ཁམས་ཡག་པོ་ཞིག་ཡོད་ན་བྱ་བ་བྱེད་པ་ལའང་ཁ་ཕྱོགས་ཡོད་ལ། ཁ་ཕྱོགས་མ་བོར་ན་ཁྱོད་ཀྱིས་སོ་སོའང་བརླགས་མི་སྲིད།

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2798  

11.07.2015 23:48:12
གངས་རིན་ཆེན།


གངས་རི་རྩེ་ནས་ཤར་བའི།། གསེར་གྱི་ཉི་མ་གསེར་པོ།།
གངས་ཅན་བོད་ལ་ཤར་ནས།། སྡུག་གི་མུན་པ་སེལ་རོགས།།



མཐོ་རེག་ནམ་མཁའི་ངོག་ནས།།འཛུམ་ཆུང་དུང་ཟླ་དཀར་པོ།།
བོད་འབངས་དྲོད་ཀྱིས་འཚོལ་ནས།། སྡུག་གི་མུན་པ་སེལ་རོགས།།


ལྷོ་ཡི་ནམ་མཁའི་སྐར་ཆེན།།ཟེར་འོད་ཕྱོགས་བརྒྱ་འཕྲོ་ནས།།
མ་རིག་འགྲོ་བ་ཡོངས་ཀྱི།།རྨོངས་མུན་ལོག་ཚོགས་སེལ་རོགས།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 1724  

04.07.2015 05:35:26
གངས་དཀར་སེམས།

པུས་མོ་ས་ལ་བཙུགས་སྟངས་འདི་ནི་ཟུངས་ཁྲག་ལུས་སྨད་ལ་འདྲེན་ཐབས་ཡག་ཤོས་རེད། སྤྱིར་ན་རླུང་དང་ཁྲག་རྐང་མཐིལ་དུ་འདྲེན་རྒྱུ་ཁག་པོ་ཡིན་པར་བརྟེན། ཐོག་མར་ཁྲག་པུས་མོར་འདྲེན་ཏེ་ཁྲག་མདང་བ་བཟོས་ན་རྐང་མཐིལ་དང་ཐག་ཉེ་རུ་སོང་བ་ཡིན། འབོལ་པོ་དེ་ཙམ་མེད་པའི་ཉལ་ཁྲིའམ་ས་གདན་ཐོག་པུས་མོ་སར་བཙུགས་ནས་སོང་ན་རླུང་དང་ཁྲག་གཉིས་རིམ་གྱིས་པུས་མོར་འཁོར་རྒྱུག་ཐུབ་སྟེ་གཟུགས་པོའི་གྲང་རླུང་ཡལ་ཞིང་ཆུ་སེར་མེད་པ་ཆགས་འགྲོ་ལ་སྐྲང་སྦོས་ཀྱིས་ན་ཚ་བཟོས་པའང་མེད་པ་གྱུར་འགྲོ འོན་ཀྱང་ལ་ལར་པུས་མོ་ན་བཞིན་ཡོད་སྟབས་ཐོག་མར་ཅུང་འབོལ་པོའི་ཉལ་ཁྲི་དང་ས་གདན་ཐོག་ཚོད་ལྟ་བྱས་རྗེས་སུ་རིམ་གྱིས་འགུལ་སྤྱོད་ཀྱིས་དེ་མུར་གོམ་འདྲིས་ཡོང་ཐུབ་ཅིང་པུས་མོ་ལའང་ན་ཚ་མེད་པ་ཆགས་ཐུབ།

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 1951  

22.06.2015 05:04:11
གངས་དཀར་སེམས།

སྐྱེས་པ་ཚང་མ་མཛེས་མ་ལ་དགའ་བ་བདེན། བུད་མེད་ཚང་མ་ཕྱུག་བདག་ལ་དགའ་བའང་བདེན། འོན་ཀྱང་དེར་དགའ་བ་ཙམ་གྱིས་དེ་བདེན་པར་འཛིན་མིན་ཤེས་དཀའ། སྐྱེས་པ་མཛེས་མ་ལ་དགའ་ནའང་མཐའ་མཇུག་དེར་ཁོ་ཚོས་སོ་སོར་འཚམ་པའི་མནའ་མ་རེ་ལེན་ནས་བུད་འགྲོ བུད་མེད་དངུལ་ལ་དགའ་ནའང་ངེས་པར་དུ་ཕྱུག་བདག་གི་མནའ་མར་འགྲོ་བ་མི་ཁྱབ། མཐའ་མཇུག་དེར་བུད་མེད་སོ་སོར་ཡག་པོ་བྱེད་མཁན་ཞིག་གི་མནའ་མར་འགྲོ་ཡི་རེད། དེར་བརྟེན། མཐའ་མཇུག་དེར་སླེབས་དུས་ཚང་མས་བརྩོན་ལེན་བྱེད་པ་དེ་འབྱོར་ཕྱུག་དང་མཛེས་སྡུག་མིན་པར་མི་གཤིས་ཀྱི་ཀུན་སྤྱོད་རེད།

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2240  

04.06.2015 05:03:15
གངས་རིན་ཆེན།

བརྩེ་ལྡན་གྱི་ཨ་མ་ལགས།
བདག་འཇིག་རྟེན་འདི་ན་མིག་ཁ་འབྱེད་པ་ནས་བཟུང་ཁྱོད་ཀྱིས་བདག་ལ། ཟས་ཀྱི་ཕུད་བྱིན། གོས་ཀྱིརྩེས་གཡོག བརྩེ་བས་ནུ་ཞོ་བླུད། བྱམས་པའི་ཤ་དྲོད་བཅར། སྣབས་ལུད་ཁ་ཡིས་གཞིབ། མི་གཙང་ལག་པས་ཕྱིས། གཞོན་ནུ་རང་མགོ་ཐོན་པའི་དུས་སུ་ཡང་ཁྱོད་ཀྱི་མིག་ཟུང་བདག་ལ་འཕངས་ཤིང༌། མ་འོང་གི་མདུན་ལམ་བཟང་པོ་ལ་ཐུགས་ཁུར་དང༌། ལམ་སྟོན་སོགས་ཡོད་ཚེ་བདག་ལ་སྦྱིན་པས་ངོ་མ་ཁྱོད་ལ་ཆེས་བཀའ་དྲིན་གསོ་ཐབས་བྲལ།


 


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 5975  

24.05.2015 22:46:25
གངས་དཀར་སེམས།

ཆང་ས་བརྒྱབ་ནས་ལོ་བཅུ་རེར་སོང་བའི་སྐྱེས་པ་གཉིས་སོ་སོའི་བཟའ་ཟླ་མོ་འཁྲིད་དེ་འདུ་འཛོམས་ཤིག་ལ་སོང༌། འདུ་འཛོམས་ཀྱི་ལེའུ་འགའ་རྫོགས་རྗེས་ཚང་མ་དཀའ་ལས་ཁག་ནས་བསྡད། བུད་མེད་ཚོ་མཉམ་འདུས་ཀྱིས་ཁྱིམ་ཚང་དང་ཁྱོ་བོའི་སྐོར་གླེང་ཞིང༌། སྐྱེས་པ་ཚོས་ཟུར་ཞིག་ལ་ཐ་མག་རྔུབ་ནས་བསྡད། སྐྱེས་པ་ཀ་པས་ཁ་པ་ལ།  ཁྱོད་ཀྱི་བཟའ་ཟླ་མོ་སྙིང་རྗེ་མོ་འདུག ཅེས་བཤད། ཁ་པས་མིག་ཕྱེད་བཙུམ་གྱིས་ཟུར་དུ་ཡོད་པའི་ཁོའི་བཟའ་ཟླ་མོ་ལ་ལྟ་ཙམ་གྱིས་འཛུམ་དང་བཅས་རེད་རེད་ཅེས་ལན་འདེབས།

  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 6274  

19.05.2015 06:09:53
གངས་དཀར་སེམས།

ལཱིང་ཀྲོའི་མིང་དངོས་ལ་ཧྥིན་ལིང་ཀྲོ་ 彭令昭 ཟེར། རྒྱ་ནག་སུའུ་ཀྲོ་蘇州ནས་ཡིན། ༡༩༥༤ ལོར་མོ་རང་པཱེ་ཅིང་སློབ་ཆེན་གསར་འགྱུར་ཚན་པར་སློབ་གཉེར་བྱས། ༡༩༥༧ ལོར་རྒྱ་ནག་གི་གཡས་ཐལ་ལ་ངོ་རྒོལ་གྱི་ལས་འགུལ་ནང་པེ་ཅིང་སློབ་ཆེན་གྱི་སློབ་མ་ཀྲཱང་ཡོན་ཞུན་張元勛གྱིས་སྦྱར་ཡིག་དུས་ལ་སླེབས་ཡོད།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 6496  

11.05.2015 02:30:27
གངས་དཀར་སེམས།

images/stories/logo37.gif
ཤོད་སྲོལ་ལྟར་ན།

ཨ་མས་སྡུག་ངལ་ལ་བཟོད་པ་ཆེ།

གསོ་རིག་ཐོག་ནས་འགྲོ་བ་མིའི་རིགས་ལ་སྡུག་ངལ་རིམ་པ་བཅུ་ཕྱེས་སྐད།

དེའང་ཨ་མས་ཕྲུ་གུ་བཙས་པ་དེ་རིམ་པ་བཅུ་པའམ་སྡུག་ངལ་ཆེས་ཆེར་དེ་རེད་འདུག

ཨ་མས་སྡུག་ངལ་ཆེས་ཆེར་དེ་མྱོང་ནས་མཛེས་སྡུག་ལྡན་པའི་ཚེ་སྲོག་རེ་རེ་བཞིན།

འཇིག་རྟེན་འདིར་འཁྲིད་ཡོང་པ་རེད།


  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 6376  

05.05.2015 23:43:00
གངས་རིན་ཆེན།

བན་ཆུང་གི་ཁ་ཕྱོགས།
སེར་ཉི་མ་ནུབ་པའི་ཡུལ་ཕྱོགས་སུ།། མགོན་བླ་མ་བཞུགས་པའི་གདན་ས་རེད །
ཆོས་གདམ་ངག་ཟབ་མོ་འཕེལ་ལེ་རེད །། ང་བན་ཆུང་འགྲོ་སའི་ཁ་ཕྱོགས་རེད །

  གྲྭ་རྐྱང་གི་སེམས་ཁམས། | གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 6184  

ཤོག་ངོས། 10 ནས། 24
| -