ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: མིག་ཆུ།

16.11.2013 14:09:37
ཨ་ཀ་སྤེན་པ།

ལི་ཐང་དགོན་ཆེན་དང་ལི་ཐང༌།
དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༦ བོད་ནང་གི་དགོང་མོ་ཆུ་ཚོད་ ༩: ༣༠ ཐོག་ཏུ་བོད་ཁམས་ཕྱོགས་ཀྱི་དགེ་ལྡན་པའི་དགོན་པ་ཆེ་ཤོས་རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་ཕྱག་བཏབ་པའི་ལི་ཐང་དགོན་ཆེན་མེ་སྲེག་ཐེབས་འདུག  མེ་སྐྱོན་དེའི་ཁྲོད་ནས་མི་སྲོག་ལ་བར་ཆད་བྱུང་མེད་ཀྱང༌། རྩ་ཆེའི་གནའ་བོའི་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་མེ་ཡིས་འཚིག་འདུག

  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 1738  

24.10.2013 03:04:34
ཨ་ཀ་སྤེན་པ།

རང་དབང་ལུང་པ་དང་། སྐད་ཡིག་ལ་གཅེས་སྤྲས།

དེ་རིང་རྒྱ་གར་དྷ་རམ་ས་ལ་༼བོད་ཕྲུག་ཁྱིམ་སྡེ་༽ཟེར་སློབ་གྲྭ་བཙུགས་ནས་ལོ་ངོ་ ༥༣ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག མཛད་སྒོའི་ཐོག་གི་པར་རིས་དག་ནི་སྐད་ཅིག་ཉིད་དུ་བརྡ་འཕྲིན་རྒྱུད་ནས་མིག་མདུན་དུ་མངོན་བྱུང་།
  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 1447  

12.01.2012 04:22:21
གངས་རིའི་གཟི་མདངས།

༼ཚེ་སྲོག་གི་སྡོང་ཤིང་།༽ ཤ་རུས་ཁྲག་ཕུང་ཚོར་བས་གདུང་བ་ལ།། ཁབ་ཙམ་བཙུགས་པས་དཀའ་སྡུག་མི་བཟོད་མོད།། རང་ལུས་མཆོད་མེའི་སྡོང་ཤིང་ཇི་བཞིན་དུ།། མེ་ལྕེ་ཀླུང་ན་འགྲེང་དུས་དཔའ་གཤིས་མངོན།། ལྷུག་ལྷུག་གྱེན་དུ་འཕྱུར་བའི་མེ་ཕུང་གསེབ།། རིན་ཆེན་ལུས་སྲོག་བཏང་བའི་སྙིང་སྟོབས་དེས།། སྲིད་སྟེགས་མཐོན་པོར་གན་པའི་ཆེན་པོ་དང་།། འཚོ་གོས་ཁོ་ནས་གཉེར་རྣམས་ངོ་མཚར་འགྱུར།།

  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 1252  

12.05.2011 03:02:15
གངས་རིའི་གཟི་མདངས།

རི་བོ་སྟོང་གི་ཕ་མཐའ་དང་།། ཆུ་བོ་བརྒྱ་ཕྲག་རྒལ་བའི་གནས།། མི་ལོ་བཅུ་ཕྲག་འདས་པའི་སར།། ཕ་ཡུལ་གངས་ལྗོངས་་ཞིང་དེ་ཡོད།། རང་བྱུང་འབྱུང་བ་ཆེན་པོ་ཡིས།། མི་བཟོད་བཙན་གྱིས་གནོད་འཚེ་དང་།། དུག་རླངས་མཚོན་གྱིས་དྲག་འཆར་དག ། དམར་པོ་མི་ཡི་ཐོག་ཏུ་ལྷུང་།། རིགས་བཟང་གཤིས་ཀ་དག་པའི་ཡུལ།། ཆོས་རིག་རླུང་གིས་དེད་པའི་ཞིང་།། དུ་ཆང་ལོག་སྤྱོད་རོལ་པའི་གནས།། ཕ་ཡུལ་དག་ཞིང་རྨི་ལམ་ཉིད།།
  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 1909  

20.03.2011 09:12:55
དཔྱོད་ཤེས་རིག་པའི་སྨྱུ་གུ།

གསེར་མདོག་གི་ཉི་མ་སེར་པོས།།
ཞི་བདེ་ཡི་འོད་སྣང་བསྐྲུན་ཏེ།།
གཞིས་བྱེད་ཀྱི་མུན་པ་སེལ་ཞིང་།།
མི་རིགས་ཀྱི་འདུན་ལམ་གཉེར་སོང་།།
བསམ་ཚུལ། 1 བཀླཌ་ཐེངས།: 3231  

13.01.2011 04:13:02
སྤྲང་འཁྱང།

བྱིས་དུས་སྐྱིད་སྣང་འཕྲོད་དུ་སེམས་མཐུན་གྱི་གྲོགས་བཟང་།།
བརྒྱད་གཉིས་ལང་ཚོ་མཛེས་པའི་སྣང་བ་ཡི་བར་ནས།།
མ་རབས་གཤིན་རྗེ་ནག་པོའི་བཀའ་ཡིག་དེ་འབྱོར་ནས།།
མཚན་མོ་རྨི་ལམ་ལྟ་བུ་མི་ཡུལ་འདི་བྲལ་སོང་།།
བསམ་ཚུལ། 3 བཀླཌ་ཐེངས།: 3676  

28.12.2010 03:43:19
Tenzin

༄། སློབ་དཔོན་ཆེན་པོ་རྗེ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག།
དམར་སེར་གོས་བཟང་མནབས་པའི།། དགེ་འདུན་འདུས་པ་རྒྱ་མཚོའི།།
བཀའ་དྲིན་གསུམ་ལྡན་བླ་མ།། རེས་མེད་བསྟན་པའི་གཙུག་རྒྱན།།
སློབ་དཔོན་བསྟན་འཛིན་བདེ་ལེགས། བསླབ་གསུམ་ཉམས་ལེན་མཛད་ཞིང།།

  མིག་ཆུ།
བསམ་ཚུལ། 2 བཀླཌ་ཐེངས།: 1734  

29.11.2010 09:12:08
སྤྲང་འཁྱང།

ཁ་སང་དང་དེ་རིང་ང་ན་གི་འདུག་་
དངོས་གནས་ང་མགོ་ན་གི་འདུག་
མི་ངན་ཞིག་གིས་རང་གི་གདོང་སྦས་ནས་
གཞན་དག་གི་གསང་ཡིག་རྐུ་བྱེད་སྟངས་ལ་ལྟོས་དང་

  མིག་ཆུ།
བསམ་ཚུལ། 3 བཀླཌ་ཐེངས།: 3470  

བསམ་ཚུལ། 19 བཀླཌ་ཐེངས།: 7244  

14.09.2010 05:34:35
རོ་བདག

ལུད་པ་ནག་པོ།
མིད་མི་ཐུབ་པའི་ལུད་པ་ནག་པོ།
འཕེན་ཡང་མི་ཐུབ་ལ།
འཕེན་ཡང་མིབཟོད།

  མིག་ཆུ།
བསམ་ཚུལ། 3 བཀླཌ་ཐེངས།: 7359  

13.09.2010 23:37:48
བྲག་འགོ་དཀོན་མཆོག་དར་རྒྱས།

དངངས་སྐྲག་དང་ཞེད་སྣང་ཅན་གྱི་འདྲ་པར།
ཉེར་གཅིག་དུས་ཀྱི་མགོ་མཇུག་ཕལ་ཆེར།།
དཔལ་དང་འབྱོར་བའི་བསླུས་པ་འདྲ་ཡང་།།
གཞལ་མེད་མི་ལུས་རིན་ཆེན་ནོར་བཟང་།།
ཤོག་སྒོར་ཙམ་ལ་བརྗེ་འདོད་མ་སྐྱེ།།


  མིག་ཆུ།
བསམ་ཚུལ། 2 བཀླཌ་ཐེངས།: 7177  

11.09.2010 23:27:41
བྲག་འགོ་དཀོན་མཆོག་དར་རྒྱས།

ལས་དབང་ལ་བསམ་ཤེས་མེད་པ་ཡིན་ནམ།
གྲལ་མི་བསྙོམ་པའི་མི་ཚེ་འདི།
ང་ལ་དབང་མེད་དུ་ལྷུང་བ་ཏེ།
ལས་དབང་གི་གོད་ཆགས་རེད་དམ།

  མིག་ཆུ།
བསམ་ཚུལ། 2 བཀླཌ་ཐེངས།: 7561  

24.07.2010 05:40:58
མིག

ཕྱི་ནང་གསང་གསུམ་ཆར་ཆུས་བརླན་པའི་མི་དེ།
ཆར་ཞོད་རྒྱུན་མ་འཇགས་པའི་དུས་སྐབས་ན།
ཁྲག་ཐིག་ལྟ་བའི་རྣ་རྩེའི་ཆར་ཟིལ་ན་ཟུག་གིས་ཕྱིས་ནས།
སླར་ཡང་།   ཆར་རླུང་ཁྲོད་ན་རིམ་གྱིས་ཡལ་སོང་།
  མིག་ཆུ། | འཇིག་རྟེན་སྣང་བའི་འདྲེན་ཤུགས།
བསམ་ཚུལ། 4 བཀླཌ་ཐེངས།: 2906  

26.01.2009 04:42:03
ནོར་བུ་འོད་གསལ་དཔལ་བཟང་།

མུན་བྲལ་སྐྱེ་མ་ཆུ་ལྷའི་གྲོང་དུ་བཞུད།
དགོང་མོའི་སྤྲིན་དམར་དགུང་སྔོན་དབྱིངས་སུ་ཕྱུར།
ཁྲུང་ཁྲུང་ལྟར་ཕྲེང་ལྷོ་རུ་འཕུར་བ་ཡིས།
འཇིག་རྟེན་མི་ཡུལ་འདི་ལ་སྐྱོ་ཉམས་བྱིན།
  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 4336  

16.01.2009 10:00:06
Martin Rasser

ངའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར་གྱི་ཡོད། ད་ལོ་ང་ལོ་ངོ་ 26་སླེབས་ཀྱི་ཡོད། འཛིན་གྲྭ་12་ཐོན་ཞིང་མཐོ་སློབ་ལ་འགྲོ་རྒྱུའི་གོ་སྐབས་ཐོབ་མ་སོང་། ད་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ལས་ཀ་བྱེད་ཀྱི་ཡོད། ངའི་ནང་དུ་ང་ལ་རོགས་ཁྱི་ཕྲུག་ཞིག་ལས་གཞན་གང་ཡང་མེད། ཕ་མ་གཉིས་ཆུང་དུས་ནས་འདས་ཟིན་པ་དང་གཅེན་པོ་ཞིག་ཡོད་པ་ནི་ཨ་རིར་ལ་གནས་སྡོད་བྱེད་བཞིན་ཁོ་མོར་འདི་ཕྱོགས་ལ་སྙིང་ཉེ་བའི་སྤུན་གྲོགས་གཅིག་ཀྱང་མེད།


  མིག་ཆུ།
བསམ་ཚུལ། 0 བཀླཌ་ཐེངས།: 3318  

16.01.2009 06:21:58
ཇོ་མོ་གླང་མ།

དྲན་གདུང་གི་མིག་ཆུ་ཐོག་མ་དེ་པོ་ཏྰ་ལའི་རྡོ་སྐས་སུ་འཐིམ་དུས།
ངའི་རྒྱང་རིང་ཏུ་བཞུད་པའི་ཡབ་ཆེན་གྱི་འཛུམ་ཞལ་ནི།
དགོངས་ཁའི་མཚམས་སྤྲིན་བཞིན། མཛེས་པ་སྟོང་གིས་ཁེངས་ཀྱང་།
སྐད་ཅིག་མའི་ཆ་དེར་ཡལ་འགྲོ་བས། ངའི་སེམས་སུ་བབས་པ་ནི།
སྐྱོ་གདུང་གི་ཁྲག་ཐིག་དམར་པོ་ཅིག


  མིག་ཆུ།
བསམ་ཚུལ། 1 བཀླཌ་ཐེངས།: 4152  


| -