ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: བདེན་སྐྱོང་།

12.02.2017 16:33:50
lobsang thaye བློ་བཟང་མཐའ་ཡས།

ཤམ་བྷ་ལའི་དྲ་གྲོགས་ཕོ་མོ་ཡོངས་ལ་བཀྲིས་བདེ་ལེགས།
དྲ་རྒྱ་འདི་དང་ཁ་བྲལ་ན་ལོ་ངོ་དུ་མ་ཞིག་སོང་ཐལ། སླར་ཡང་གླིང་ཕྲན་གཞན་གཅིག་གི་སྟེང་ནས་རང་རིགས་ཀྱི་ཕ་སྐད་ལ་གདུང་བ་ལྡན་པའི་གྲོགས་ཕོ་མོ་ཡོངས་སླར་ཡང་ཐེངས་གཅིག་མཇལ་བར་སྙིང་དབུས་ནས་དགའ་སྤྲོ་ཆེ།


  བདེན་སྐྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1539  

10.11.2014 06:12:49
lobsang thaye བློ་བཟང་མཐའ་ཡས།

འཚོ་བ་དང་སློབ་སྦྱོང་ཐོག་བཙན་བྱོལ་བོད་གཞུང་གིས་འགྲོ་སོང་ཆ་ཚང་གཏོང་གི་ཡོད་ལུགས་བརྗོད་ཀྱི་འདུག  དེ་ནས་ང་ཚོ་རྒྱ་གར་འགྲོ་བའི་འདོད་པ་དེ་མེ་ཤིང་སྒང་ལ་སྣུམ་བསྣན་པ་ལྟར་འདོད་པ་ཆེ་རུ་ཕྱིན་སོང༌།  ཉིན་རེ་བཞིན་འགྲོ་འདོད་ཀྱི་འདོད་པ་ཤུགས་ཆེ་རུ་ཕྱིན་སོང༌། ང་ཚོ་ལ་ཡོང་འབབ་དང་གླ་སོགས་གང་ཡང་མེད་སྟབས་རྒྱ་སྒོར་ལྔ་བརྒྱ་ལག་ཏུ་རག་ཡ་དཀའ་ངལ་ཆེན་པོ་བྱུང༌།
དགེ་རྒན་དང་ནང་མི་སུ་གཅིག་ལ་ཡང་བཤད་ཕོལ་མ་བྱུང་། གང་ཡིན་ཟེར་ན་ཁོང་ཚོས་ཤེས་ན་རྒྱ་གར་ལ་མི་ཐར་བའི་ཉེན་ཁ་ཡོད་པ་རེད།  ང་ཚོས་ལྐོག་ཏུ་དངུལ་བསགས་པ་དང་ཞོར་ལ་དུག་ལོག་རྣམས་གྲ་སྒྲིག་བྱེད་ཀྱིན་བྱེད་ཀྱིན་ཟླ་བ་གཅིག་ཙམ་འགྲོ་གྲབས་འདུག  ལམ་བར་དུ་དཀའ་ངལ་ཆེན་པོ་ཡོད་པ་རེད་དྲན་ནས་གོས་དྲོན་པོ་དང་ལྷམ་མཁྲེགས་པོ་སོགས་མཁོ་དགོས་ཆེ་བ་རྣམས་འཚོལ་བསྒྲུབ་བྱས་པ་ཡིན།


  བདེན་སྐྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1121  

06.11.2014 00:03:07
lobsang thaye བློ་བཟང་མཐའ་ཡས།

ཚོགས་ཆེན་འདུ་ཁང་དུ་བསླེབས།   དེའི་ནང་ཚོགས་གདན་གྱི་སྟེང་དུ་དགེ་འདུན་པ་ཁ་ཤས་སྡོད་ཡོད་པ་རེད།  ཁོས་མི་ཚང་མས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ལྷ་ཁང་ཚང་མ་སྒོ་བརྒྱབ་འདུག  ཁྱེད་ཚོས་སྒོ་བརྒྱབ་མི་འདུག་ག་རེ་རེད་ཅེས་དྲི་བ་ཞིག་དྲིས་པ་རེད།

  བདེན་སྐྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 1187  

04.11.2014 05:33:46
lobsang thaye བློ་བཟང་མཐའ་ཡས།

སློབ་སྦྱོང་ཁྲིད་སྟངས་ནི་ཚད་ལྡན་གྱི་ལམ་ལུགས་ལ་འགྲོ་སྐྱོད་བྱེད་བཞིན་པའི་སྐབས་ཤིག་ལ། སློབ་སྦྱོང་སྤྲོད་སྟངས་དེ་ཡང་མཐོ་སློབ་ཚད་ལྡན་ཅིག་དང་འདྲ་བར་རིགས་གཅིག་རྐང་འཛིན་གྱི་ལམ་ལུགས་ཡོད་པ་ཞིག དེ་དུས་སེ་ར་དགོན་པའི་ནང་དུ་སློབ་གྲྭ་ཚད་ལྡན་དང་མཐོ་སློབ་ཚད་ལྡན་འཛུགས་འཆར་ཡོད་ཀྱང་རུང་། ཡིན་ན་ཡང་གློ་བུར་དུ་རླུང་འཚུབ་འཁྱུགས་པ་བཞིན་རྒྱ་དམར་གྱི་སློབ་གསོ་ལས་འགུལ་ཐོན་ནས་ཚང་མ་རྩ་བཏོར་དུ་བཏང་སོང་བ་རེད།


  བདེན་སྐྱོང་།
བསམ་ཚུལ། 5 བཀླཌ་ཐེངས།: 1150  

02.11.2014 08:39:13
lobsang thaye བློ་བཟང་མཐའ་ཡས།

༡༽   བོད་ནས་གསར་དུ་འབྱོར་སྐབས་ཀྱི་ལམ་འགྲོས་ཀྱི་བརྒྱུད་རིམ་ཐུང་ངུ་ཞིག

ཕྱི་ལོ་༡༩༩༨དང་༩༩སྐབས་སུ་ང་བོད་ཀྱི་གདན་ས་སེ་ར་དགོན་དུ་ཡོད་ཅིང་སློབ་གྲྭར་འགྲིམ་བཞིན་པའི་སྐབས་ཤིག་རེད།


  བདེན་སྐྱོང་།
བསམ་ཚུལ། 6 བཀླཌ་ཐེངས།: 1142  

25.07.2014 06:07:07
lobsang thaye བློ་བཟང་མཐའ་ཡས།

སློབ་ཁྲིད་ཀྱི་ཐབས་ལམ་ལས་རྗེས་ལུས་ཐེངས་གཅིག་རྟོགས།

སྤྱིར་ང་ཚོ་ནི་བོད་ཀྱི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལས་ཚར་ལོན་བྱུང་བའི་མི་རིགས་གསར་སྐྱེས་ཤ་ཏག་རེད།  བོད་ཀྱི་གནའ་རབས་ཀྱི་སློབ་ཁྲིེད་བྱེད་སྟངས་དེ་ལ་བློ་འཛིན་མང་པོ་བྱེད་དགོས་པ་རེད། 

  བདེན་སྐྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1611  

04.06.2014 08:57:23
lobsang thaye བློ་བཟང་མཐའ་ཡས།

མེ་ཏོག་ལ་མེ་ཏོག   སེམས་ནང་གི་མེ་ཏོག  རྒྱ་སེ་དཀར་པོ་ལགས་་་་་་ཁྱེད་ནི་གཤིས་གཟུགས་ཇི་ལྟར་རྩུབ་ཀྱང་སེམས་ཁུང་ནི་གངས་རིའི་ལས་དཀར་བ་ང་དགའ་བའི་མེ་ཏོག་སྟེ།  མཚམས་རེ་ངས་ཁྱེད་དྲན་བཞིན།  ཐག་རིང་གི་རི་རྩེ་ནས་སོ་ལྟ་བྱེད་བཞིན་་་་་ངག་ནས་ཁྱེད་དྲན་པའི་གླུ་དབྱངས་ལྷུང་ལྷུང་དུ་ལེན།  ངས་ཁྱེད་ལ་བརྗོད་མི་ཤེས་ཀྱི་ཚིག་དེ་དང་བཅང་མ་མྱོང་པའི་བརྩེ་སེམས་དེ་སུས་རྟོགས་ཐུག།

  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1122  

21.05.2014 08:05:19
lobsang thaye བློ་བཟང་མཐའ་ཡས།

རྨོངས་དད་ཅན་གྱི་སྤོ་ལགས་ཀྱིས་ཚ་བོར་དཀོན་མཆོག་རག་སྤྲོད་བྱེད་པ།

སྔོན་མ་བོད་ཁྱིམ་ཞིག་གི་ནང་སྤོ་ལགས་ཆོས་ལ་དད་པ་ཞེ་པོ་ཡོད་མཁན་གཅིག་ཡོད་རེད།  ཡིན་ནས་སྤོ་ལགས་དེ་ལ་ཆོས་ཀྱི་གོ་རྟོགས་རྩ་བ་ནས་ཡོད་མ་རེད།  ཉིན་གཅིག་ཁོང་ཚོའི་ནང་གི་པུ་གུ་ཞིག་གིས་ཁོང་ལ་དཀོན་མཆོག་གསུམ་ག་རེ་རེད་ཅེས་སྐད་ཆ་དྲིས་པ་རེད། སྤོ་ལགས་ཀྱིས་དཀོན་མཆོག་གསུམ་ཟེར་ན་བཅས་དཔེ་སྟོན་དང་འདྲ།


  བདེན་སྐྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1319  

05.05.2014 01:08:40
lobsang thaye བློ་བཟང་མཐའ་ཡས།

རེ་སྐུལ། བོད་མིའི་དངོས་ཡོད་ཀྱི་སྐྱིད་སྡུག་གླེང་བ།

སྤྱིར་སྟངས་ང་རང་ཚོའི་གཞུང་འདི་ནི་མང་གཙོ་ལམ་ལུགས་ཡང་དག་ཞིག་ཡིན་པ་བརྗོད་མི་དགོས་པ་ཡིན། སྤྱིར་བོད་མི་མང་རང་ལ་མཚོན་ན་གཞུང་གི་མང་གཙོའི་ཀ་བ་གསུམ་དང་འདེམས་བཀོད་ཀྱི་བོད་མིའི་དབུ་ཁྲིད་དག་ལ་གུས་པ་ཤིན་ཏུ་ཆེ་བའི་མི་མང་ཡིན་སྟབས། མི་མང་གིས་གཞུང་ལ་བརྩི་བཀུར་ནི་རང་བཞིན་གྱི་སླེབས་པ་ནི་འཇིག་རྟེན་གྱི་ཆོས་ཉིེད་ཡིན། གུས་རང་ལ་མཚོན་ན་སྐྱབས་དང་མགོན་ཉིད་ནི་བོད་མི་མང་གིས་འོས་བསྡུས་བྱས་པའི་གཞུང་ཞབས་པ་རྣམས་ལ་རེ་ལྟོས་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་གཞུང་ཞབས་རྣམས་ཀྱི་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་དང་བོད་མི་མང་གི་མདུན་སར་དམ་འབུལ་བྱས་པ་བཞིན་བོད་མི་ཡོད་དོ་ཅོ་ལ་ཕན་སེམས་ཀྱི་འགན་འཁུར་སྤྱི་མཉམ་བྱེད་དགོས་པ་ནི་མང་གཙོའི་ལམ་ལུགས་ཡང་དག་གི་ཁ་ཕྱོགས་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད།


  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1590  

04.05.2014 05:09:47
lobsang thaye བློ་བཟང་མཐའ་ཡས།

སྤྲང་པོ་གྲགས་པ་མ་འོངས་ཕུགས་འདུན་གྱིས་བསད་པ། བྱེས་སྒྲུང་གོ་བདེ་པོ་གཅིག

གནའ་སྔ་མོ་ཞིག་ན་ལུང་པ་སྐྱིད་པོ་ཞིག་ཡོད་རེད་ལུང་པ་དེའི་ནང་།  སྤྲང་པོ་ཞིག་ཡོད་པ་རེད། ཁོང་གི་མིང་ལ་གྲགས་པ་ཞེས་ལབ་ཀྱི་ཡོད།   ཁོང་ཉིན་ལྟར་གྲོང་གསེབ་ནང་ལྟོ་སློང་གར་འགྲོ་གི་ཡོད། ཉིན་གཅིག་སྤྲང་པོ་དེས་ཁྱིམ་ཚང་གཅིག་གི་སྒོ་འགྲམ་དུ་སླེབས་དུས་ཁྱིམ་ཚང་དེའི་ཁྱིམ་བདག་གིས་ཁོང་ལ་འབྲས་དོ་པོ་གང་སྤྲད་པ་རེད།


  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1481  

01.02.2014 04:16:25
lobsang thaye བློ་བཟང་མཐའ་ཡས།

ཕྱོགས་ཀུན་ཐམས་ཅད་དུ་ཁྱབ་པའི་ངའི་བོད་རིགས་སྤུན་ཟླ་ལགས།  ངས་དེ་རིང་ཁྱེད་རྣམས་ལ་ཞུ་འདོད་པ་ནི་དེ་ལྟར་ཏེ་ཁྱེད་རྣམ་པས་གསན་ཡོད་དམ། དེང་དུས་དེར་ཁྱབ་ཆེ་བའི་བོད་ཀྱི་རིག་གཞུང་དང་ལྷག་པར་བོད་པའི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་རུ་འགྲོ་གི་ཡོད་པ་རེད།  དེ་ནི་སྤྱི་ནོར་༧གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་ཡིན།


  བདེན་སྐྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1404  

16.01.2014 05:16:21
lobsang thaye བློ་བཟང་མཐའ་ཡས།

སྐྱིད་པ་ཉི་མ་དེ་རིང་ཙམ་ཞིག་རེད།
སང་ཉིན་འཆི་བའི་མི་རྟག་སུ་ཀྱང་རྟོགས།
ངེས་བརྟན་མེད་པ་ད་རེས་མི་ལུས་རེད།
ཕྱི་མའི་ལུས་ལ་རེ་སྒུག་བྱེད་པ་དཀའ།

  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1183  

20.09.2013 10:22:12
lobsang thaye བློ་བཟང་མཐའ་ཡས།

ནམ་མཁའི་སྤྲིན་པར་བལྟས་པས།
ཆུང་འདྲེས་ཡང་ཡང་དྲན་བྱུང༌།
དྲན་ཡིག་ཐེངས་གཅིག་བསྐུར་བས།
གཏམ་ལ་བཀའ་ལན་མ་བྱུང༌།


  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1329  

18.09.2013 10:17:47
lobsang thaye བློ་བཟང་མཐའ་ཡས།

བུ་གསོ་ཁང་གཅིག་གི་ནང་ཕྲུ་གུ་མང་པོ་ཡོད་པ་རེད། ཕྲུ་གུ་དོན་འགྲུབ་ཟེར་བ་གཅིག་ཡོད་པ་རེད། ཉིན་ལྟར་ཕྲུ་གུ་རྣམས་ལ་མ་མས་ཇ་མངར་མོ་སྤྲོད་ཀྱི་ཡོད་ཀྱང་དོན་འགྲུབ་ལ་མཚམས་རེས་ཇ་མངར་མོ་རག་གི་མེད་པ་རེད།


  བདེན་སྐྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1199  

11.09.2013 10:20:20
lobsang thaye བློ་བཟང་མཐའ་ཡས།

བོད་པའི་བུ་མོ་ཁ་ཤས་ལ་བརྗོད་པ།

སྐྲ་སེར་མཆུ་དམར་རྫི་ནག་བུ་མོ་དེ།
དབྱིན་སྐད་ཧིན་སྐད་བོད་སྐད་འདྲེས་མས་འཚོ།
དགའ་རོགས་ཚེ་རོགས་འགྲོ་རོགས་མི་འདྲ་གསུམ།
གཡུག་དང་རྡུང་དང་རྙས་ཀྱི་མི་ཚེ་ཕུང༌།


  བདེན་སྐྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1151  

05.09.2013 10:32:37
lobsang thaye བློ་བཟང་མཐའ་ཡས།

ཧེ་གྲོགས་པོ་རྣམ་པ་ཚོར་ངས་སྒྲུང་དངོས་བྱུང་དགོད་དྲོ་པོ་ཞིག་བཤད་ཀྱི་ཡིན། དེ་སྔོན་ང་ཕྱི་རྒྱལ་བ་སློབ་ཕྲུག་རྣམས་ལ་བོད་ཡིག་བསླབ་པའི་སྐབས་སུ་ཁོང་རྣམས་ཀྱིས་བོད་ཡིག་ཡག་པོ་ཀློག་ཐུབ་པ་དང་བོད་ཡིག་ཡག་པོ་འབྲི་ཐུབ་ཀྱི་ཡོད།


  བདེན་སྐྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 1368  

11.06.2013 09:53:18
lobsang thaye བློ་བཟང་མཐའ་ཡས།

གསལ་བཤད།བཀུར་འོས་ཀློག་པ་པོ་རྣམས་ལ་ཞུ་རྒྱུར་ང་རང་གི་སྒྲུང་ཐུང་འདི་ཁ་སྐད་གཞི་བཟུང་ཕྲུ་གུ་རྣམས་ལ་ཀློག་བདེ་བའི་ཆེད་དུ་བྲིས་པ་ཡིན་སྟབས་དབྱངས་བཞི་དང།མགོ་ཅན་གསུམ།འདོགས་ཅན་གསུམ།སྔོན་རྗེས་གཉིས་གང་རུང་བཅད་པ་དང་།ཕྲི་སྣོན་སོགས་བྱས་ཡོད་པས་ཀྱེ་ཀློག་པ་པོ་དག་གི་ཐུགས་དགོངས་ཡངས་མོའི་ཐོག་ནས་གཟིགས་གནང་ཡོད་པ་ཞུ།


  བདེན་སྐྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 2059  

15.04.2013 02:33:09
lobsang thaye བློ་བཟང་མཐའ་ཡས།

we chat ཡི་བཟི་བས་བོད་མི་ལགས། ཁྱེད་ཀྱི་བོད་མི་བདེ་སྡུག་གང་ཡང་མི་སེམས་པར། ཉིན་ལྟར་ཝ་ཡི་ཁྱེད་གང་ན་ཡོད། ཀྱེ་ཁྱེད་ག་རེ་བྱེད་བཞིན་ཡོད། རེད་ཟེར་ནས། ཁྲོམ་ཞོར་དུ་ཕར་འགྲོ་ཚུར་རྒྱུགས་བྱེད་བཞིན་འདུག ཉོན་དང་། ངོ་མ་ཁྱེད་ལ་དོན་དག་གལ་ཆེས་ཤིག་གཏན་ནས་མེད། ཡིན་ནས་ཁྲོམ་འགྲམ་དང་། ལམ་ཞོར་ཡོད་ཚད་ནང་། ལག་ཏུ་ཁ་པར་བཟུང་ནས་གཏམ་གླེང་དོན་མེད་ཤ་ཏག་བཤད་ཀྱིན་འགྲོ་བཞིན་པའི་བོད་མི་ཚོ། ང་ཚོ་ལ། ཕྱི་མི་ཡིས་ཆ་སྨོས་བྱེད་ཀྱིན་འདུག

  བདེན་སྐྱོང་།
བསམ་ཚུལ། 6 བཀླཌ་ཐེངས།: 1411  

10.04.2013 01:38:03
lobsang thaye བློ་བཟང་མཐའ་ཡས།

ཤ་བྷ་ལ།    ཁྱེད་ནི་ང་ཡི་སྐྱོ་གདུང་གི་ཟིན་བྲིས་འབྲི་ས་དང་། ཁྱེད་ནི་ང་ཡི་སྙིང་གཏམ་གྱི་གཏམ་གླེང་བྱེད་ས་རེད། ངོ་མ་ཁྱེད་ནི་ངའི་བྱེས་ཡུལ་གྱི་མ་ཡུམ་ཡིན་ལ། ཁྱེད་ལ་བཤད་པའི་སྙིང་གཏམ་དག  སྟོད་གངས་རི་རྒྱུད་ནས་མ་ཡུལ་དུ་དྲངས། ཨ་མ་དམིག་ཆུ་ཤོར།  ང་ལ་སྐུ་ཁམས་བདེ་པོ་ཡིན་པའི་བརྡ་ལེན་བྱུང་། ཕྱོགས་བཞི་གང་སར་ཡོད་པའི་བོད་མིའི་སེམས་སུ་དྲང་བདེན་དང་ཆིག་བསྒྲིལ་གྱི་ལམ་བུ་འབུད། ངོ་མ་རེད། ངོ་མ་རེད། ཁྱེད་མེད་ན་་་་་་་ངའི་སེམས་ཁུག་གྱི་སྙིང་གཏམ་སུ་ཡིས་རྟོག་ཐུབ།  ཁྱེད་ནི་སངས་རྒྱས་ལས་ཀྱང་མཐུ་བོ་ཆེ། ཁྱེད་ནི་སྒྱུ་མཁན་ལས་ཀྱང་སྒྱུ་འཕྲུལ་ཆེ།

  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1306  

08.04.2013 09:14:51
lobsang thaye བློ་བཟང་མཐའ་ཡས།

སྤྱིར་སྟངས་ང་རང་ཚོའི་གཞུང་འདི་ནི་མང་གཙོ་ལམ་ལུགས་ཡང་དག་ཞིག་ཡིན་པ་བརྗོད་མི་དགོས་པ་ཡིན། སྤྱིར་བོད་ཀྱི་མི་མང་རང་ལ་མཚོན་ན་གཞུང་གི་མང་གཙོའི་ཀ་བ་གསུམ་དང་འདེམས་བཀོད་ཀྱི་བོད་མིའི་དབུ་ཁྲིད་དག་ལ་གུས་པ་ཤིན་ཏུ་ཆེ་བའི་མི་མང་ཡིན་སྟབས། མི་མང་གིས་གཞུང་ལ་བརྩི་བཀུར་ནི་རང་བཞིན་གྱི་སླེབས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། གུས་རང་ལ་མཚོན་ན་སྐྱབས་དང་མགོན་ཉིད་ནི་བོད་མི་མང་གིས་འོས་བསྡུས་བྱས་པའི་གཞུང་ཞབས་པ་རྣམས་ལ་རེ་ལྟོས་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་གཞུང་ཞབས་རྣམས་ཀྱི་ཀྱང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་དང་བོད་མི་མང་གི་མདུན་སར་དམ་འབུལ་བྱས་པ་བཞིན་བོད་མི་ཡོད་དོ་ཅོ་ལ་ཕན་སེམས་ཀྱི་འགན་འཁུར་སྤྱི་མཉམ་བྱེད་དགོས་པ་ནི་མང་གཙོའི་ལམ་ལུགས་ཡང་དག་གི་ཁ་ཕྱོགས་ཡིན་པ་ཡིད་ཆེས་བྱེད་ཀྱིན་ཡོད།

  བདེན་སྐྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1556  

ཤོག་ངོས། 1 ནས། 3
| -