ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

02.02.2012 08:15:53
ཁྱུངཿསྨོན་ལམ།

ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་
གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་
སྤེལ་རྒྱུའི་བོད་མི་མང་སྤྱི་འཐུས་
ལྷན་ཚོགས་ཀྱི་ཡོངས་ཁྱབ་
གསལ་བསྒྲགས།
བསམ་ཚུལ། 0 བཀླཌ་ཐེངས།: 1747  

02.02.2012 08:10:07
ཁྱུངཿསྨོན་ལམ།

༄༅། །དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར། ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་འཚབ་དང་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཏན་ཏན་ཤེས་ཀྱི་རེད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1594  

29.01.2012 09:33:01
གངས་རིན་ཆེན།

འཛམ་གླིང་རང་དབང་གི་འོད་སྣང་འཕྲོ་བའི་དུས་རབས་སུ་ ཀླ་ཀློ་རྒྱ་དམག་གི་དྲག་གནོད་ཀྱི་ཚེ་སྲོག་བཅོམ་སྟེ་ མི་སྤྱོད་ལས་འདས་པའི་ཆབ་སྲིད་ཀྱི་བལྟ་གྲུབ་འདི་དག་ནི་དུས་རབས་ཉི་གཅིག་པའི་དམངས་གཙོ་དང་རང་དབང་གི་དུས་རབས་ལས་བརྒལ་བའི་སྤྱོད་ཚུལ་འདི་དག་ནི་རང་དབང་གི་འཛམས་གླིང་མི་དམངས་ཀྱི་འཕྲོད་དུ་རང་འཚམ་སྟོན་པ་ཞིག་མ་རེད་དམ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2308  

26.01.2012 10:33:28
ཁྱུངཿསྨོན་ལམ།

༄༅། །ཕྱི་ ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ན་འཛུ་སྨད་ན་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 5 བཀླཌ་ཐེངས།: 1977  

25.01.2012 01:39:57
tznpalden13

མ་ཎི་འབྲུ་དྲུག་གི་ངུ་དབྱངས་སྙན་མོ་དབྱིངས་སུ་འཐེན་བཞིན།
ཚེ་འབར་མཆོད་མེ་ཞིག་གིས་སེམས་པར་སྨོན་བཞིན།
ཁེ་རྐྱང་
གནམ་འོག་གི་ཉམ་ཆུང་ང་ཚོར།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1148  

23.01.2012 12:32:52
བྲག་འགོ་དཀོན་མཆོག་དར་རྒྱས།

བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་ཕྱི་ལོ་༢༠༡༢་པའི་་་ཟླ་་༠༡་པོའི་་ཚེས་་༢༣་་ཉིན་གྱི་ཞོགས་པ་བོད་མི་མང་པོ་གློ་བུར་དུ་ལྷན་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་བྱས་འདུག་པ་དང་། འབོད་ཚིག་ནི་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་སོགས་ཀྱིས་སྐད་འབོད་བྱས་འདུག དེ་ལྟར་གཞིས་ལུས་སྤུན་ཟླ་རྣམས་གྱེན་ལངས་དགོས་དོན་གཙོ་བོ་ནི།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1607  

21.01.2012 01:28:57
ཁྱུངཿསྨོན་ལམ།

སྒྲ་ཐག་ལས་ཡི་གེར་ཕབ་མཁན། མཁན་པོ་ངག་དབང་རྡོ་རྗེ། བོད་ མི་ས་ཡ་དྲུག་གི་གཙོས་རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ། དེ་སྔ་འདས་སོང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གཙོས་རྒྱལ་ཕྱི་ནང་གི་དཔའ་ བོ་དཔའ་མོ་ཐམས་ཅད་ཀྱིས། བོད་མི་ཡ་ས་དྲུག་གི་གཞིས་བྱེས་ལྷན་འཛོམས་ཀྱི་ཆེད་དང་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 1699  

26.12.2011 01:50:43
ཁྱུངཿསྨོན་ལམ།

མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་
བོད་ཡིག་གི་དུས་དེབ་དང་ཚགས་ཤོག་སྐོར།
(རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཤད་གཞིའི་ས་བོན་དུ་བྲིས་ཤིང་། མཐོ་སྒང་གི་ཉི་ཟེར་དུས་དེབ་སྤྱིའི་འདོན་ཐེངས་གསུམ་པའི་ཐོག་བཀོད།)

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2499  

23.12.2011 04:21:00
tznpalden13

༑ རུབ་རྡུང་བྱས་པས་སྙིང་རྩ་འཕར་སོང་།
རྒྱ་ཡིས་བོད་ལ་རྡུང་།་་་་་་་་་ ལོ་ངོ་བརྒྱ་ཁྲག་གི་སྔོན་ནས་འདིའི་བར།
གཏུབ།་་་་་་་་་་་ མེ་སྒྱོགས་འཕྲུལ་འཁོར་དང་རྡོ་དང་གབྱུགས་པས།
བསད།་་་་་་་་་ བྱིས་པ་དམར་འབྱར་ནས་ཁྲིའི་སྟེང་གི་བླ་མ་ཡན་ཆད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1286  

17.12.2011 10:12:06
སྨར་ཁམས་པ་སྙན་གྲགས།

སྙིང་ནས་བརྩེ་བའི་དྲྭ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱིས་མཚམ་འདྲིས་དང་བཅས་མ་མཇལ་ཡུན་རིང་། ལས་དོན་ཞིག་རྐྱེན་པས་ཟླ་ངོ་འགའ་འདི་ན་ཡོང་མ་ཐུབ་པར་དགོངས་འགལ་མེད་པར་གྱིས། དེ་ནས་འདི་ནས་ཁྱེད་ཅག་གི་ལམ་སྟོན་འོག་ནས་བདག་གིས་ཀྱང་ཟིན་བྲིས་གང་མང་ཞིག་ཨེ་འཁྱོང་བལྟ་ངེས་ཡིན་པས་ལམ་སྟོན་མུ་མཐུད་གནང་རོགས་ལགས།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1755  

13.12.2011 06:13:39
ཁྲུང་ཁྲུང་དཀར་པོའི་བུ།

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོ་ཟླ་འདིའི་ཚེས་༡༠ རེས་གཟའ་སྤེན་པའི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་བོད་ནས་ཕེབས་པའི་ཆོལ་གསུམ་སྤུན་ཟླ་གང་མང་ཞིག་མཉམ་ཞུགས་གནང་འདུག་ལ་ཁོང་ཚོའི་བཀའ་ཁྲི་མཆོག་གི་བཀའ་སློབ་གནང་སྐབས་དགའ་སྣང་ཆེ་པོའི་བར་འཚམས་མེད་པ་ཕྱག་འདེབས་པ་སོགས་དགའ་དད་རྣམས་པ་ཤུགས་ཆེ་སྟོན་གནང་ཀྱི་འདུག།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2695  

11.12.2011 10:14:52
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༡།༡༢།༡༠ འགྲོ་བ་མི་ཡི་ཐོབ་ཐང་གི་ཉིན་མོར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གྱི་གཙོ་སྐྱོང་བ་སྒྲོལ་དཀར་ལགས་ཀྱིས་སྙན་སྒྲོན་གནང་བ་ལས་བཤུས། ཁོང་གི་ཁ་ཆེམས་ལྟ་བུར་གྱུར་བའི་ཡི་གེ་ཁག་བཞི་ཡོད་འདུག་པའི་ནང་གཅིག་གི་ཕྱི་སྐོགས་ལ། ཀརྨ་དགོན་པའི་རྒྱ་སྒོ་ལ་སྦྱར་རོགས་ཞེས་བྲིས་ཡོད་འདུག

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2371  

10.12.2011 00:30:42
ཁྱུངཿསྨོན་ལམ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་ལེའུ་ཚན་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱི་འཕྲུལ་སྒྲའི་(twitter)ནང་འཁོད་གསལ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1740  

23.11.2011 04:40:31
བྲག་འགོ་དཀོན་མཆོག་དར་རྒྱས།

སྟོང་ལོ་གསར་བའི་ལོ་ནག་འདིའི་ནང་།།

ས་ཡ་དྲུག་གི་བདེན་དོན་མ་འགྲུབ།།

ངེས་མེད་ཡུལ་དུ་འཚོ་བ་གཅོང་པོས།།

ལུས་སེམས་གཉིས་ཀ་སྡུག་གིས་གཟིར་སོང་།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 3374  

10.11.2011 01:25:57
ལོག་སྨྲ་ཚར་གཅོད།

༄༅།། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནས་ད་ནང་ཞོགས་ཀ་ཚོུད་༧ཙམ་ལ་དགེ་འདུན་པ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་རང་ལུས་མེ་སྲེག་བཏང་འདུག སྐབས་དེའི་གནས་ཚུལ་རྒྱུས་ལོན་བྱས་སྐབས་བོད་རིགས་བུ་མེད་ཅིག་གིས་དངོས་སུ་མཐོང་ནས་འབྲེལ་བརྗོད་བྱས་པ་ལྟར་ན། དགེ་འདུན་པ་དེས་ལག་ཏུ་བོད་ཀྱི་རྒྱལ་དར་ཕྱར་ནས་རྒྱུགས་ཞོར་དུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། ཟེར་ནས་འབོད་ཚིག་དེ་བསྒྲགས་པ་གོ་སོང་ཟེར།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 2529  

07.11.2011 08:41:13
གངས་རིན་ཆེན།

འོད་སྟོང་འཕྲོ་བའི་མར་མེ །། ༄༅།   ཤ་ཕྲག་དང་ལས་དབང་གཅིག་པའི་འུ་བཅག་གི་སྤུན་ཟླ་ལགས །   ཁྱེད་རྣམས་པ་གདུབ་རྩུབ་ཀྱི་རླུང་དམར་ཕྲོད་ན་འགྲོ་བ་ཡི་རང་  དབང་བྲལ་ཞིང་ལུས་སེམས་དཀའ་སྡུ་གི་མནར་བའིདུས་ཡུན་ནང་། ཕ་རོལ་གྱི་དགྲ་དམག་གིས་བརྩན་གནོད་དང་ གདུང་རྕུབ་ ཐ་ན་རང་དབང་འབོད་ཚིག་ཙམ་ཡང་སྒྲོག་མི་ཆོག་པའི་དཀའ་སྡུག་གི་དུས་རབས་སུ་ཞི་ལུས་ཀྱི་སྤུན་ཟླ་ཚོའི་སེམས་ཁོངས་ཀྱི་རྨ་ཁ་མེ་ཆེ་འབར་ཡང་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2939  

06.11.2011 23:04:21
མྱི་དུག་གྲོལ།

དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས།  དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིག།   བདག་གིས་འདི་ཞེས་དངོས་ལ་ཆགས་སྐྱེས་བར།། ཟོལ་ཆེན་ཆུ་ལྟར་རང་དབང་མེད་པར་ཡི།།  འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད།  གསུངས་འདུག་པ་ནི་འཇིགས་རྟེན་ཁ་དཔེར་ལྟར་ནད་ཐོག་གི་སྨན་དང་དུས་ཐོག་གི་ཆར་བ་ཞེས་པའི་དཔེ་རུ་སོང་ཡོད་རུང་དེང་རབས་ཀྱི་མྱི་བུ་འདི་དག་གིས་གཞུང་ལུགས་ཆེན་མོའི་ནང་གི་བསླབ་བྱ་ཤོ་ལོ་ཀ་གཅིག་པོ་འདི་མགོ་ལྷ་རམས་པ་ནས་འཇུག་སློབ་གཉེར་ལ་བརྩོན་བཞིན་པའི་གྲྭ་གསར་ཚོས་ཀྱང་མ་ཐོས་མ་གོ་མ་རིག་པ་གང་ཡིན་རུང་གང་ལྟར་རྡོ་རྒྱབ་ཆུ་ཀླུབ་ངོ་མ་བཟོས་འདུག

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1678  

03.11.2011 07:44:46
ལོག་སྨྲ་ཚར་གཅོད།

Tibetan_inmo

ཉི་མ་འདིའི་སྔ་ཉིན་བལ་ཡུལ་དུ་ཡང་གོང་གི་པ་རིས་ནང་གསལ་ལྟར་བོད་ཀྱི་བུ་མེད་ཅིག་གིས་ས་སྣུམ་འཇིག་དམ་གང་ཁྱེར་ནས་བོད་མི་རྣམས་ཁྲོམ་སྐོར་བྱེད་སྐབས་རང་ལུས་མེར་བསྲེག་ཏུ་བཏང་རྩིས་བྱས་ཡོད་རུང་རོགས་མི་ཚོས་མྱུར་སྐྱོབས་ཀྱིས་དེར་ལྟར་བྱེད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག རང་ལུས་མེར་བསྲེག་གི་ལས་འགུལ་འདི་བཞིན་རང་ཡུལ་བོད་ས་སྨད་ནས་འདི་གར་བལ་ཡུལ་དུ་འབྱོར་ཟིན་འདུག་ལ་མི་རིང་བ་རྒྱ་གར་རྡ་རམ་ས་ལར་འབྱོར་ངེས་རེད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2561  

22.10.2011 02:45:24
གངས་རིན་ཆེན།

ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་མི་རིགས་འདི་ཡི་ཆོས་སྲིད་གཉིས་ཀྱིས་བདེན་དོན་ཆེད་ལུས་སྲོག་མཆོད་མེ་ཕུལ་བའི་དཔའ་བོ་དཔའ་མོ་མཚོ་ཁྱེད་རྣམས་པའི་ཕུག་དོན་དེ་དག་ང་ཚོའི་ནམ་ཡང་བརྗེད་མི་སྲིད་ལ།  མི་རིགས་འདི་ཡི་བདེན་དོན་མ་གསལ་བར། ང་ཚོས་ནམ་ཡང་ལས་འགུལ་མཚམས་མི་བཞགས་ལ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2851  

20.10.2011 06:14:00
Konchok Tenzin

༅། །སྔར་མཐོ་སྒང་ཆོས་ཀྱི་ཞིང་ས་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །མར་འགྲོ་དྲུག་ཀུན་ལ་བྱམས་བརྩེས་སྐྱོངས། །མཐར་རྒྱལ་ཕྲན་ཡོངས་ལ་མཐུན་ཅིང་བརྟན། །བོད་མདོ་དབུས་ཁམས་སུ་བསྟན་པ་དར། །སྐྱབས་བསྟན་འཛིན་སྐྱེས་བུ་སྐར་ཚོགས་བཞིན། །ཆོས་ཟབ་མོའི་གདམས་ངག་ཆར་བཞིན་བབས། །ནང་རྟོགས་པའི་མྱུ་གུའི་འབྲས་བཟང་སྨིན། །ཆོས་འདུལ་ཁྲིམས་གཙང་བའི་དགེ་འདུན་མང་། །ཡུལ་གང་སར་དད་ལྡན་སྐྱེ་བོ་རྣམས། །ཕྱག་ཐལ་མོ་སྦྱར་ནས་གུས་ཕྱག་འཚལ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1321  

ཤོག་ངོས། 5 ནས། 12
| -