ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

22.01.2013 06:41:41
ལོག་འཇོམས་རལ་གྲི།

སྤྱིར་བོད་ཀྱི་སྐད་ཡིག་འདི་འཛད་མཐའ་མེད་པའི་གཏེར་ལྟར་སྦྱོར་སྡེབ་ནུས་ན།    ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་ཆེར་མེད་ཀྱང་།     དུས་ཀྱི་བཞུར་འགྲོས་དང་ལྷན་དུ་མདུན་སྐྱོད་མ་ཐུབ་པས།   བྱ་དངོས་གསར་པ་གང་མང་ཞིག་ལ་དུས་ཐོག་ཏུ་ཐ་སྙད་མ་ཐོག་པའི་སྟོང་ཆ་ཆེ་བ་ཚང་མས་ཤེས་གསལ་ལྟར་ལགས།དེ་ཙམ་མ་ཟད་དེས་ཐོག་ལ་མགོ་སྟོང་རང་འདོད་ཚ་པོ་འགས་ཐ་སྙད་དོན་མཐུན་རེ་ཟུང་ཐོག་པ་དག་ཀྱང་ནག་བསུབ་གཏོང་ཅི་ཐུབ་བྱེད་ཀྱིན་པ་དང་མཚུངས།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 987  

17.01.2013 01:34:35
ཁྱུངཿསྨོན་ལམ།

༄༅། །ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང། ཕྱི་ལོ་བརྒྱ་ཕྲག་དགུ་པའི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གསུམ་གྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ། དཔུང་སྟོབས་དང་མངའ་ཐང་ཤར་གླིང་དབུས་མའི་ནང་ཆེ་གྲས་སུ་གྱུར་པ་མ་ཟད། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་འབུར་དོད་བྱུང་བ་ལས་ཆོས་དང། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་ཡར་རྒྱས་གོང་འཕེལ་འགྲན་ཟླ་བྲལ་བར་གྱུར་ཡོད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1071  

15.01.2013 05:15:53
གངས་རིན་ཆེན།

༄༅།  ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ལགས་ང་ཚོ་ནི་ཚེ་སྔོན་ལས་ཀྱི་བསྐྲུན་པས་ཁ་ཕྱོགས་གཅིག་ལ་ཤ་ཕྲག་རུས་གསུམ་འབྲེལ་བའི་ལས་དབང་ཡང་གཅིག ། མ་ཡུམ་གངས་ལྗོངས་ནི་ང་ཚོ་ལ་གནང་བའི་ཁྱིམ་གཞི་ངོ་མ་དེ་རེད །།བོད་པ་མཚོ་    བོད་མི་རིགས་ཀྱི་ངོ་མཚར་ལོ་རྒྱུས་ལྡན་པའི་རིག་གཞུང་དང་རང་བྱུང་ཁམས་ཀྱི་སྣོད་བཅུས་ཀྱི་དཔལ་ཡོན་དགེ་མཚན་འདི་དག་ནི་ང་ཚོའི་ནམ་ཡང་བརྗེད་མི་ཉན་ལ་ང་ཚོའི་བོད་ཀྱི་རྒྱ་རབས་གོང་མ་རྣམས་ཀྱི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཡ་རབ་བཟང་སྤྱོད་ཀྱི་བསླབ་བྱ་དང་མཐུན་པའི་བྱ་བ་ལ་འཇུག་རྒྱུ་ནི་དེ་ལས་གལ་ཆེར་བ་མཐོང་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 2012  

10.01.2013 05:34:20
གངས་རིན་ཆེན།

༄༅།  གཏད་རབས་བདུན་གྱི་ནང་མཚན་གཏད་རབས་དང་པོ་འཕགས་པ་
འཕགས་པ་འོད་སྲུངས་ཀྱི་རྣམ་ཐར་བཞུགས་སོ །།
དེ་ཡང་ལུང་ཕྲན་ཚིགས་ལས་།     འོད་སྲུངས་ཀུན་དགའ་ཤ་ནའི་གོས །།  ཉེར་སྦས་དྷཱི་ཏི་ཀ་དང་ནག་པོ་དང།།   ལེགས་མཐོང་ལ་སོགས་སྟོན་པའི་གཏད་རབས་བདུན །།
བསམ་ཚུལ། 0 བཀླཌ་ཐེངས།: 2551  

01.01.2013 04:57:18
གངས་རིན་ཆེན།

༄༅།  ཕྱི་ལུགས་ལྟར་སྤྱི་ལོ་༢༠༡༣ཡི་སྟོང་ལོ་གསར་ཚེས་ ལ་མཚམས་འདྲི་ཞུ། རིགས་གཅིག་པའི་སྤུན་ཟླ་ལགས་དུས་ཀྱི་འཁོར་ཕྱོགས་དང་སྲིད་ཀྱི་འཕོར་འགྱུར་སོགས་ཕྱོགས་ཀུན་ནས་བདེན་པའི་དབྱར་རྔ་སྒྲོག་དུས་ངས་ཅག་ལ་རིང་ནས་བརྣག་པས་རང་དབང་གི་བདེན་མཁའ་མྱུར་དུ་གསལ་བ་ངེས་ལ་ཞི་བདེ་དཀྱིལ་འཁོར་བདག་པོ་གངས་ལྗོངས་སུ་འཆར་ལ་རེ་བས་བཀྲ་ཤིས་པའི་སྨོན་མདུན་ཡང་ཡང་ཞུ་བ་དང་ལྷན་དུ་ཡངས་པའི་ས་ཆེན་འདི་ན་འཚོལ་གནས་བྱེད་པའི་སྲོག་ལྡན་གྱི་སྐྱེ་འགྲོ་རྣམས་ལ་ཕྲན་ཕུག་གི་ལས་དོན་གང་ལ་འཇུག་ཀྱང་དུས་ཚོད་ནི་གསེར་ལས་དཀོན་པའི་དེའི་ཆ་རྐྱེན་དང་པོ་ཡིན་པས་དགོས་གལ་ཤིན་ཏུ་ཆེ་བ་མཐོང་།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 2163  

27.12.2012 10:26:56
གངས་རིན་ཆེན།

༄༅། བདེན་པའི་མར་མེ། ཨེ་མ་ཤེལ་དཀར་གྱི་གངས་རིའི་མུན་ཁྱུད་ཕྲེང་བ་ཡོངས་སུ་བསྐོརཞིང་རྩི་ཤིང་དང་ནོར་ལུག་འཕེལ་ཁ་ལྡན་ལ་བཅོས་མིན་གྱི་ལས་འབྲས་ལ་དད་འདུད་ཆེ་བའི་མི་རིགས་འདི། བཙན་པོའི་སྟོང་གི་བརྒྱུད་པ་ནས་བྱུང་བའི་གདོང་དམར་གངས་ཅན་གྱི་བོད་པ་ཞེས་འབོད།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 5 བཀླཌ་ཐེངས།: 2063  

13.12.2012 10:08:26
སྨར་ཁམས་ཀུན་དགའ།

བགྲོད་ལམ་ཀྱག་ཀྱོག་དེད་དེ།།
མེ་འཁོར་སྦྲུལ་བཞིན་བཞུགས་ནས།།
གློག་འོད་སྐར་ཚོགས་བཀྲམ་པའི།།
རྒྱལ་ས་ལྡི་ལིར་འབྱོར་སོང་།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1518  

09.12.2012 01:37:10
ལོག་སྨྲ་ཚར་གཅོད།

ཡ་གངས་ཅན་པ་ཚོ། ད་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་འདྲ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་ གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་ དྲག་པོ་ཞིག་སྤྲོད་དེ་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱེད་ཐུབ་ ཀྱི་མེད་པ་གསལ་པོར་ཆགས་ཟིན་པ་རེད།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 15 བཀླཌ་ཐེངས།: 1313  

08.12.2012 12:15:22
ལི་ཐང་ངག་དབང་དབྱིག་གཉེན།

མེར་སྲེག་དྲན་ཚུལ།
_______མེ་མཆོད་ཀྱི་ཉིན་འདི་ལ་དག་ལ་བྲིས་པ།
སྣང་བྱེད་མལ་དུ་འཛུལ་བའི་ས་སྲོད་དེར།།
བྱ་བརྒྱ་ཚང་དུ་ལོག་པའི་དགོང་དྲོ་དེར།།
ཁེར་རྐྱང་ས་མཐའ་འཁྱམ་པའི་སྙིགས་དུས་འདིར།།
སྐྱོ་སྣང་རླུང་གིས་དད་པའི་སྙན་ངག་འབྲི།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 5 བཀླཌ་ཐེངས།: 1921  

03.12.2012 01:51:28
འཕན་ལོ།

མཛེས་སྡུག་སྙིང་གི་མེ་ཏོག།
ཐག་རིང་སྤང་ལ་བཞད་པ།།
ཡིད་ཀྱིས་དྲན་པ་མ་གཏོགས།།
མཇལ་བའི་སྐལ་བ་མི་འདུག།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1552  

30.11.2012 01:50:34
ལོག་འཇོམས་རལ་གྲི།

ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ།
བསྐལ་པ་སྟོང་གི་མུན་པའི་མངལ་སྦུབས་ན་སྦྲུམ་པའི།
གོད་ཆག་དང་འཇིགས་ཉེན་གྱིས་ཟོས་པའི་པོ་ཏ་ལ།
ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེའི་འོད་ངོགས་ནས་མངོན་བྱུང་།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 967  

29.11.2012 10:38:06
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ ༢༠༡༢ ཟླ་ ༡༡ ཚེས་ ༣༠ བར་བོད་ནང་རང་ལུས་མེར་བསྲེགས་བཏང་གནང་མཁན་རྒྱལ་སྤྱིའི་དཔའ་བོ་དཔའ་བོ་རྣམས་ཀྱི་མཚན་གཞུང་རིང་མོ་འདིའི་ནང་ས་གནས་དང་། མཚན། ལོ་གྲངས་བཅས་འབྲེལ་ཡོད་ལ་བསྐྱར་འདྲི་བྱས་ཏེ་ལམ་སྟོན་ལྟར་གསལ་འགོད་གང་ཐུབ་ཞུས་ཡོད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1505  

25.11.2012 08:43:54
ལོག་སྨྲ་ཚར་གཅོད།

ཁྱེད་ཚོས་ཉོན་དང་གངས་ཅན་པ་ཡི་དགོས་འདུན་འབོད་སྒྲ་ཅི་ཞིག་རེད།།
ཁྱེད་ཚོས་ལྟོས་དང་གདོང་དམར་བ་ཡི་མེར་སྲེག་རྣམ་པ་ཅི་འདྲ་རེད།།
ཁྱེད་ཚོས་མྱོངས་དང་ཁ་བ་ཅན་པས་ལུས་སེམས་ན་ཟུག་ཇི་འདྲ་རེད།།
ཀྱེ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1162  

25.11.2012 03:29:11
བྲག་འགོ་དཀོན་མཆོག་དར་རྒྱས།

དགེ་བཅུའི་ཁྲིམས་ལ་བརྩི་སྲུང་མི་བྱེད་པ་རྣམས་ནི་ཆོས་པ་ཡིན་ཡང་སྡིག་རྒན་དང་། བོད་མི་ཡིན་ཡང་ལྟ་ལོག་པའི་གྲལ་དུ་འགྲོ་བ་ཙམ་དུ་མ་ཟད། དགེ་བཅུའི་ཁྲིམས་འདི་དེངས་སང་གསར་དུ་བཟོས་པ་ཞིག་མ་རེད་ལ། འདི་ནི་ཆོས་རྒྱལ་ཚོའི་སྐུ་དུས་སུ་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་ང་ཚོར་གནང་བའི་ཕྱག་རྗེས་ཡིན་པས། དེ་ལ་མི་དགའ་མཁན་མགོ་མཁྲེགས་ཀླད་རྒྱ་ཆུང་ཆུང་ཅན་རེ་གཉིས་ཡོད་ཀྱང་རྒྱུ་མཚན་ ཅི་ཡང་མེད་ཚུལ་གཤམ་དུ་གསལ་བཤད་བྱས་འདུག་གཟིགས་པར་ཞུ།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1816  

23.11.2012 09:24:22
ལོག་སྨྲ་ཚར་གཅོད།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༠།༠༠ ཡས་མས་སུ་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ཀྱིས། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1223  

03.04.2012 11:50:06
སྐྲན།

ང་རང་བཙན་བྱོལ་དུ་ཡོང་དགོས་དོན་ཡང་བོད་ཀྱི་རྩ་དོན་རྩོད་མི་ཆོག་པའི་ཁོར་ཡུག་ཅིག་ནས་མ་བཟོད་པ་ཁོ་ན་ཡིན།དྲི་བ། ཐོག་མར་ཁྱོད་རང་ངོ་སྤྲོད་དང་ལོ་རྒྱུས་མདོར་བསྡུས་ཤིག་གསུངས་རོགས། ལན། ངའི་མིང་ལ་བསྟན་པ་དར་རྒྱས་ཟེར་བ་དང་ཕ་ཡུལ་ཨ་མདོ་མགོ་ལོག་གཅིག་སྒྲིལ་རྫོང་སོག་རི་ཡུལ་ཚོ་རྫ་ར་རུ་ཆེན་ཟེར་བ་ནས་ཡིན།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 1524  

28.03.2012 19:57:32
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་འཕྲལ་དུ་ལག་ལེན་བསྟར་དགོས་པའི་རེ་འདུན་བཞི་ལྡན་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1083  

28.03.2012 19:35:18
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༧ །༡༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་གྲྭ་ཤེས་རབ། རང་ལོ་ ༢༠  ཕ་མིང་ལ་བསོད་དོན། མ་མིང་ཉི་མ་ཡིན་པ་ཁོང་གིས་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ནས་དུས་ཐོག་དེར་སྐུ་གྲོངས་ཡོད་འདུག

བསམ་ཚུལ། 0 བཀླཌ་ཐེངས།: 1084  

26.03.2012 10:30:00
མིག

ཤ་དུང་རུས་འདྲེས་ཀྱི་སྤུན་ཟླ
ང་ངུ་འདོད  ཤུགས་ཀྱིས་ངུ་འདོད
ང་ནི་ཁྱེད་ཀྱི་གཟི་བརྗིད་ལྡན་པའི་མིག་མཐར་འཁོར་ནས
ངས་རང་གི་ངོ་གདོང་དེའང་ངོ་ཤེས་ཀྱིན་མི་འདུག

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1109  

23.03.2012 12:01:35
མིག

བྱ་རྒོད་ཀྱིས་རོ་སྒམ་སྔོག་གིན་འདུག
སྤྱང་ཀིས་མཆུ་ཏོ་ནས་ཁྲག་རླངས་འཐུལ་བཞིན་འདུག
ཕ་བོང་དེར་ཀླད་ཞོ་དཀར་ཆིལ་ལེར་བསྲེས་འདུག
རོ་བདག་གིས་ཚིག་ཟིན་པའི་མི་དེའི་བྲང་ཁོག་བཤའ་བྱུང

  བོད་ཀྱི་གནད་དོན་སྐོར་གླེང་བ། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 1314  

ཤོག་ངོས། 3 ནས། 12
| -