ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

20.12.2010 11:52:38
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ ཞོགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་ཆེན་བཀྲིས་སྡིངས་ནས་ར་བང་ལར་ཆིབས་བསྒྱུར་གནང་སྐབས་ལམ་བར་དུ་འཁེལ་བའི་གཡུང་དྲུང་བོན་གྱི་དགོན་པ་ཞུ་༌༌༌༌༌རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དུ་ཞབས་སོར་བཀྲིན་འཁྱུག་ཙམ་བསྐྱངས་གནང་འདུག


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 6096  

18.12.2010 08:06:15
ཁྱུངཿསྨོན་ལམ།

བོད་གཞུང་བདེ་སྲུང་ལས་ཁུངས།
༑ རྒྱ་གར་གནས་སྡོད་བཙན་བྱོལ་བོད་མི་ཡོངས་ནས་སྤྱིར་བཏང་གནས་ཚུལ་ཁག་ཅིག་དང༌།
དམིགས་བསལ་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་སྐོར་
རྒྱུན་ཤེས་དགོས་གལ་ཡོད་པའི་ལམ་སྟོན།
བསམ་ཚུལ། 5 བཀླཌ་ཐེངས།: 6121  

12.12.2010 07:13:56
ཁྱུངཿསྨོན་ལམ།

ཕྱི་ལོ་ ༢༠༡༠།༡༡།༣༠ ཉིན་མེག་སི་ཀོ་(Mexico)ཁྱུང་རྫོང་ཚོགས་པ་ནས་ཇི་ལྟར་གྲ་སྒྲིག་ཞུས་པ་བཞིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་སྟོན་འཁོར་ལྷན་མིག་སི་ཀོ་(Mexico)རྒྱལ་ས་ནས་ཐད་འཕུར་གནམ་གྲུ་བརྒྱུད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 5973  

12.12.2010 06:05:05
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༡ པའི་ ༢༣ ཉིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་སྟོན་འཁོར་ལྷན་ཕ་རན་སིའི་རྒྱལ་ས་(Paris)ནས་མཁའ་ལམ་བརྒྱུད་(Mexico)བོན་ཚོགས་ཏེ་(www.garudamexico.org)ལ་ཆིབས་སྒྱུར་བསྐྱངས།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 6692  

08.12.2010 05:23:12
སྨར་ཁམས་ཀུན་དགའ།

ཀ་བཤད་སྙིང་པོ་དོན་དང་མི་མཐུན་ཀྱང་།།
ཀ་ཡེ་གྲོགས་དང་སྐྱིད་སྡུག་མཉམ་མྱོང་གི།
ཀ་ལི་སུམ་ཅུ་རྐང་ལམ་ཕྲ་མོའི་རྒྱུད།།
ཀ་ཁ་བཀླགས་པའི་ང་རོ་སྒྲ་འདི་ཐལ།།
བསམ་ཚུལ། 4 བཀླཌ་ཐེངས།: 8057  

27.11.2010 07:17:13
གངས་སེང་།།

མཛེས་ལྡན་གངས་རིའི་ཡུལ་དུ་ལྟེ་ཁྲག་འཐོར་ཡང་ལས་དབང་།
གིས་གཞན་ཡུལ་དུ་འཕྱན་པའི་ཡུལ་གྱར་བ་བདག་ཤམ་བྷ་ལའི་།
ཞིང་འདིར་སྤུན་གྲོགས་རྣམས་དང་སྐྱིད་སྡུག་མཉམ་མྱོང་།
གི་གླེང་མོལ་ཆེད་དུ་འདིར་སླེབ་པ་ཡིན་པས་སྤུན་གྲོགས་།
དག་གིས་ལམ་སྟོན་གང་མང་གནང་བའི་རེ་བ་ཡོད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 6799  

16.11.2010 06:51:23
ཆོས་འཛོམས།

ཕ་ལོ་དྲིན་ཆེ་ཉི་མ་ནུབ་ལ་ཕེབས།    མ་ལོ་དུང་ཆུང་ཟླ་བ་སྤྲིན་གྱི་སྒྲིབ།  བུ་མོ་ཁེར་རྐྱང་མུན་པའི་ནང་དུ་ལུས། ང་སྐྲག་གིན།    ང་འདར་གིན།  ང་སུས་སྐྱབས།  ང་སུས་མགོན།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 11 བཀླཌ་ཐེངས།: 3247  

12.11.2010 09:08:55
ཁྱུངཿསྨོན་ལམ།

ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་སར་ཁྲིམས་དྲུང་མདའ་ཟུར་ཀུན་དགའ་རྡོ་རྗེ་ལགས་དང་། སྦེལ་ཀོབ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་གཉིས་ཀྱིས་དམ་བཅའ་འབུལ་གནང་མཛད་འདུག


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 6420  

11.11.2010 08:48:12
རོ་བདག

ཁ་སང་དྲ་ལམ་ནས།
འབོད་སྒྲ་གཅིག་དང་དམིགས་ཡུལ་གཅིག་པའི།
ཁྱེད་ཅག་གི་པར་རིས་དང་།
བརྙན་གཟུགས་མཐོང་བྱུང་།    དེ་དུས་ང་ལ།
བསམ་ཚུལ། 0 བཀླཌ་ཐེངས།: 3049  

06.11.2010 03:36:48
ཁྱུངཿསྨོན་ལམ།

གཡས་རུའི་འཆད་རྩོད་ཆེན་མོའི་བྱུང་རབས་ངོ་སྤྲོད།
རྩོམ་གྱི་ཡོང་ཁུངས། ཧི་མ་ལ་ཡའི་བོན།
རྩོམ་པ་པོ། དགེ་བཤེས་ཉི་མ་དོན་འགྲུབ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 5362  

03.11.2010 23:02:05
ལོག་སྨྲ་ཚར་གཅོད།

ཁ་སང་སྤྱི་ཚེས་༣་ཉིན་དགོང་མོར་བལ་ཡུལ་གྱི་རྒྱལ་ས་དཀྱིལ་དུ་ཁམས་པའི་གྲྭ་རྒན་ཞིག་གིས་ནེ་སྒོར་འབུམ་གསུམ་ཁྱེར་ནས་སོང་སྟབས་དེ་པའི་ཇག་པ་འགའ་ཞིག་ནས་འཕྲོག་བཅོམ་བྱེད་རྩིས་བྱེད་སྐབས་གྲྭ་པ་དེས་བློ་ཁོག་ཆེན་པོས་འཐབ་འཛིང་བྱས་པས་མི་མང་པོས་འཕྲོག་མ་ཐུབ་པ་སོང་། མཐར་ཇག་པ་ཞིག་ནས་མེ་མདའ་རྒྱབ་ནས་གྲྭ་པ་དྲན་མེད་དུ་སོང་ཏེ་དངུལ་ཚང་མ་ཁྱེར་ཡོད་འདུག གྲ་པ་དེ་དེ་རིང་ཞོགས་པར་དྲན་པ་སོས་ཡོད་འདུག


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 13 བཀླཌ་ཐེངས།: 7725  

29.10.2010 04:53:35
ཨ་ཁུ་ཀླད་དམར།

ཀུན་གསལ་ནམ་མཁའ་ཡི་དབུས་སུ།།
མཚན་མོ་སྒྱུ་སྐར་གྱི་ཁྲོད་དུ།།
བསིལ་ཟེར་འོད་དཀར་ཏེ་རྔུབ་དུས།།
སྐྱིད་མའི་ཞལ་རས་ཏེ་དྲན་སོང་།།
བསམ་ཚུལ། 0 བཀླཌ་ཐེངས།: 2861  

23.10.2010 02:52:25
ཁྲུང་ཁྲུང་དཀར་པོའི་བུ།

སྟོབས་འབྱོར་མངའ་ཐང་རྒྱས་རྒྱས་པའི་བོད་ཡུལ་ན།།
ཤེས་རིག་སྣ་ཚོགས་སྦྱང་སའི་དགོན་སྡེ་མང་།།
མདོ་སྔགས་རིག་གནས་ཀུན་ལ་མཁས་དབང་ཡོད་།།
ཞི་བདེའི་བསྟི་གནས་ཆེན་པོ་དེ་འདྲའི་སྐབས།།
ཆིག་སྒྲིག་བསམ་བློ་ཞན་པས་རང་དབང་ཤོར་།།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 26 བཀླཌ་ཐེངས།: 8441  

20.10.2010 10:29:22
བཀྲ་ཤིས་ཚེ་བརྟན།

བོད་མི་ས་ཡ་དྲུག་ལ་སྐྱིད་སྡུག་གི་འཚོ་བ་ཅི་འདྲ་ཞིག་བྱུང་རུང་ནམ་ཡང་བརྗེད་ཐབས་མེད་པའི་པཎ་ཆེན་ལཌ།
བདེ་ཆེན་དག་པའི་ཞིང་དུ་དགྱེས་དགུར་ལ་རོལ་ཡང་།།
གངས་ལྗོངས་སྣོད་བཅུད་རྒུད་པའི་སྨག་རུམ་ལ་དགོངས་ཏེ།།
ཡང་སྤྲུལ་ཟླ་བའི་འཛུམ་ཞལ་མཁའ་མཐའ་ནས་ངོམས་རུང་།།
ནག་ཕྱོགས་རུ་དར་དམར་པོའི་ཆུ་འཛིན་གྱིས་བསྒྲིབས་སོང་།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 12 བཀླཌ་ཐེངས།: 2839  

20.10.2010 00:18:05
ཁྱུངཿསྨོན་ལམ།

༄༅། །རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཆབ་མདོ་བཅིངས་འགྲོལ་བཏང་ནས་མི་ལོ་ ༦༠ འཁོར་བའི་རྟེན་འབྲེལ་ཆེ་མོ་ཞེས་པ་ཞིག་གོ་སྒྲིག་ཆེད་ཕྱི་ལོ་ ༢༠༠༩ ཟླ་ ༣ ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞེས་པས་རྣམ་གྲངས་ཁྱོན་བསྡོམས་རིགས་ཆེན་པོ་ ༣ གྱི་ནང་ཁག་ ༤༧ ལ་མ་དངུལ་སྒོར་དུང་ཕྱུར་ ༡༣༡ གཏོང་རྒྱུའི་ཆོག་མཆན་སྤྲད་དེ་ ༢༠༡༠ ཕྱི་ཟླ་ ༩ པའི་ནང་བར་རྣམ་གྲངས་གཉིས་ཙམ་ལས་གཞན་ཚང་མ་འགོ་འཛུགས་ཀྱིས་ལས་དོན་སྒྲུབ་བཞིན་ཡོད་སྐོར་བཤད་ཡོད་པ་རེད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 6461  

19.10.2010 11:02:28
གངས་དཀར་ཚེ་རྒྱ།

ཚོགས་བསགས་དཀའ་སྤྱད་དྲག་པོར་མ་བརྩོན་ཀྱང་།།
སྔོན་སྨོན་ལས་ཀྱིས་འབྲེལ་བའི་བྱེད་པོ་ཡིས།།
ཚེ་ཕྱེད་གཉིད་ལ་ཡུར་བའི་གངས་ཕྲུག་ཞིག།།
ད་ལྟ་ཤམ་བྷ་ལ་ཡི་ཞིང་འདིར་འབྱོར།།
ཨེ་མ་ངོ་མཚར་ཆེ་་་་་་་ངོ་མ་སྐྱིད་པོ་རེད་ཡ་་་་་་་་་་་་་་་

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 6134  

19.10.2010 04:07:14
བཀྲ་ཤིས་ཚེ་བརྟན།

ལྷུན་སྟུག་ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་ཕྲེང་བས་ཡོངས་བསྐོར་ཞིང་།།
གངས་ལྗོངས་ལྔ་ལྡན་ཆོས་ཀྱི་ཞིང་ནས་རྒྱལ་ཀུན་འདུས་པའི་ཞལ་སྐྱིན་ཏེ།།

མཚན་དཔེའི་ཉི་འོད་འབུམ་གྱིས་མངོན་མཛེས་ལྷ་མོ་དོན་གྲུབ་འགྲོ་བའི་གཉེན།།
ཞིང་འདིར་བྱོན་པའི་དུས་སྟོན་འཆར་ལ་ཟོལ་མེད་དད་པའི་འཚམས་འདྲི་ཞུ།།

བསམ་ཚུལ། 14 བཀླཌ་ཐེངས།: 2506  

18.10.2010 00:41:50
ཁྱུངཿསྨོན་ལམ།

༄༅། །འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་གནང་གསལ་ལྟར་ན། ༢༠༡༠ ཟླ་ ༡༠ ཚེས་ ༡༥ ཉིན་སྒྱིས་ཚང་སྟག་སྨྲིག་གམ། སྐལ་བཟང་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་རེ་ཞིག་གློད་བཀྲོལ་བཏང་ཡོད་འདུག



  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 5707  

17.10.2010 06:02:26
གངས་དཀར་ཚེ་རྒྱ།

གཅིག
སྐྱིད་སྡུག་འདུ་མ་མི་སྙོམས་འཇིག་རྟེན་གྱི་ཞིང་འདིར།།
དོན་གྱི་བྱམས་ལྡན་གངས་རིའི་བུ་རྒྱུད་ཅིག་ཡིན་ན།།
མཐོ་དགའ་དམན་ལ་བརྙས་པའི་ངང་ཚུལ་དག་དོར་ཏེ།།
ཉམ་ཆུང་བརྩེ་བས་སྐྱོངས་དང་ལེགས་ཚོགས་ཀྱི་གཞི་མ།།
བསམ་ཚུལ། 9 བཀླཌ་ཐེངས།: 5882  

13.10.2010 21:36:38
ཁྱུངཿསྨོན་ལམ།

བོད་སོག་ཆིངས་ཡིག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཉིན་དང་པོའི་སྐོར།
ཆུང་ཚེ་རིང་གི་ twitter ལས་བཤུས།
༢༠༡༠།༡༠།༡༣


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 8943  

ཤོག་ངོས། 9 ནས། 12
| -