ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

27.06.2011 23:34:42
ཚངས་སར་འཕྲིན་ལས།

cཁོར་ཡུག་གཙང་བཟོའི་ལམ་ནས་༧རྒྱལ་བ་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་བྱས་པ། ཟླ་བ་འདིའི་ཚེས་༢༦ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཀརྨ་བཀའ་བརྒྱུད་ན་ལེན་ཌ་དགོན་པ་ ནས་རྒྱལ་བ་ཀརྨ་པ་མཆོག་བོད་ལུགས་ལྟར་ན་དགུང་ལོ་༢༦དང་ཕྱི་ལུགས་ལྟར་ན་༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དྲུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། དུས་དྲན་མཛད་སྒོའི་ཐོག་དད་ལྡན་སེར་སྐྱ་མི་མང་གིས་རྒྱལ་བ་ཀརྨ་པའི་སྐུ་པར་ མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཞིང་ཁོང་གི་སྐུ་ཚེ་ཡུན་དུ་བརྟན་པར་གསོལ་ འདེབས་ཞུས་ཡོད་པ་རེད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 4303  

24.06.2011 22:52:16
རྒྱལ་ཐང་སེམས་ཀྱི་ཉི་ཟླ།

སོ་དཀར་ཞལ་འཛུམ་བསྟན་པའི་རྣམ་འགྱུར་ལས།།
སླུ་བྲིད་མཛེས་མོའི་འཛུམ་གྱིས་བསུས་པ་མཐོང་།།
ཐང་སྟོང་སྐྱ་མོའི་ནང་གི་སྤྱང་སྟོང་འདིས།།
ཐལ་རྡུལ་ཀློང་ནས་ངུ་འབོད་བྱེད་པ་མཐོང་།།
བསམ་ཚུལ། 2 བཀླཌ་ཐེངས།: 2395  

21.06.2011 21:30:13
ཁྱུངཿསྨོན་ལམ།

༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་ཕྱི་ལོ་
༢༠༡༡ཟླ་ ༦ ཚེས་ ༡༧ ནས་ཚེས་ ༡༨ བར་མོན་གྷོ་འདོད་རྒུ་གླིང་མི་མང་
ཚོགས་ཁང་ཆེན་མོར་བསྐོང་ཚོགས་གནང་བའི་
གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2534  

21.06.2011 21:22:12
ཁྱུངཿསྨོན་ལམ།

༄༅། །བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་ཁག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་ ༡༩ པའི་དབུས་རྒྱུན་རྒྱལ་ཡོངས་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ དང་།  དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ གཉིས་ལ་རིམ་བཞིན་གནང་མཚམས་འོས་ཐོན་དབུས་རྒྱུན་རྣམས་ཀྱིས་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2573  

21.06.2011 13:57:31
ཆོས་འཛོམས།

དེང་སང་རྒྱ་ནག་གི་བོད་ཁྱོན་ཡོངས་ལ་ལམ་ཆེན་བཟོ་བཞིན་ཡོད་པ་མ་ཟད་ད་དུང་དེ་དང་མཉམ་དུ་འཛུགས་བསྐྲུན་སྣ་ཚོགས་བྱེད་བཞིན་འདུག  འབྲོག་པའི་ས་ཁུར་མང་པོ་ལ་ལམ་བཟོ་བ་དང་དེང་རབས་ཅན་གྱི་འཕྲུལ་ཆ་མང་པོ་བེད་སྤྱོད་བྱས་ནས་རྩྭ་ཐང་བེད་མེད་དུ་གཏོང་བཞིན་འདུག  འབྲོག་པ་ཚོའི་ཕྱུགས་ཟོག་འཚོར་བསྡད་བྱེད་ས་ཙམ་ཡང་མེད་པར་གྱུར་ཡོད།  དེའི་རྐྱེན་གྱི་ཕྱུགས་ཟོག་མི་ཚོང་ཐབས་མེད་རེད་གལ་དེ་ཕྱུགས་ཟོག་དེ་དག་མེད་པ་བཟོས་ན་ངེས་རྟེན་གྱི་འཚོར་གཞི་ཞིག་མེད་པས་ད་ཆ་གང་བྱེད་དགོས་མི་ཤེས་པ་གྱུར་ཡོད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 2039  

19.06.2011 12:12:56
ཁྲུང་ཁྲུང་དཀར་པོའི་བུ།

༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ། མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ ནས་ཚེས་ ༡༨ བར་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་བསྐོང་ཚོགས་གནང་བའི་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 3344  

08.06.2011 22:24:20
གངས་རིན་ཆེན།

དྲག་གྲོགས་ཚོར་ དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་ཕོར་འགྱུར་ཇི་ཙམ་སོང་ཡང་རང་ཡུལ་དུ་གནས་པའི་སྤུན་ཟླ་ཚོའི་མི་རིགས་ལ་བཅང་པའི་Frownལ་རྒྱལ་རྡོ་རྗེ་བྲག་ལྟར་བརྟེན་ཞིང་ད་དུང་ཁོང་རྣམ་པའི་མི་རིགས་འདི་ལ་སྙིང་སྟོབས་དང་ཕམ་མེད་ཀྱི་ལུས་སྲོག་བཏང་དེ་ འབྱུང་འགྱུར་གྱི་མི་རབས་རྣམས་ལ་རྒྱང་མིག་རིང་དུ་བལྟ་ཞིང་ཡོད་ཚད་མི་རིགས་འདི་ཡི ་བདེ་སྡུག་མཆེད་དུ་ བསམ་ཕོད་ལ་ བྱེད་ཕོད་པ་ དངོས་གནས་ཁོང་རྣམས་པ་དཔའ་རྒོད་རང་མ་རེད་དམ་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 5205  

07.06.2011 23:15:31
ཁྲུང་ཁྲུང་དཀར་པོའི་བུ།

248551_115498385203869_100002311230160_144793_6385833_n ཉིན་ཆར་བོད་མདོ་ཁམས་ཉག་རོང་ཁུལ་གྱི་ན་གཞོན་ཚོས།  ༡༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།  ༢ བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག   བོད་ཆོལ་ཁ་གསུམ་ཆ་གཅིག་ཡིན་ཞེས་པའི་འབོད་སྒྲ་བསྒྲགས་ཞོར་ཞི་བའི་སྐད་འབོད་བྱེད་པའི་བརྙན་པར་གསར་བ་ཞིག་བོད་ཀྱི་དྲ་བརྙན་གསར་ཁང་ལ་འབྱོར་འདུག་པས་གཤམ་གྱི་དྲ་རྒྱུ་རྒྱུད་གཟིགས་རོགས་གནང་།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 7 བཀླཌ་ཐེངས།: 4253  

26.05.2011 03:38:23
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་གང་སར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་བྱས་ཤིང། ཕྱི་ཟླ་ ༥ ཚེས་ ༢༥ ཕྱི་དྲོ་རྡ་ས་ས་གནས་ཆུ་སྒང་རྒྱུན་ལས་ཁང་དུ་ཆུ་སྒང་འོས་བསྡུའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། ཚོགས་མི་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ཚོགས་མི་ཆུ་སྒང་དབུས་རྒྱུན་ཚོགས་གཙོ་སྨར་ཁམས་ཆོས་འཕེལ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 9 བཀླཌ་ཐེངས།: 7798  

14.05.2011 22:46:17
ལི་ཐང་ངག་དབང་དབྱིག་གཉེན།

རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན་འགའ། སྒོ་ཡོན་ཏན་བཟང་པོ། —དོར་ཞི་དང་ཚུལ་ཁྲིམས་བློ་གྲོས་སོགས་ལ། དུས་ཀྱི་དགོངས་པ་དང་བསྟུན་ཏེ་བོད་ཀྱི་སྐད་ཡིག་སྤྱི་དང་བོད་ཡིག་སྤྱོད་མཁན་སྤྱི།བོད་རྩོམ་མཛད་མཁན་སྤྱི་ལ་བོད་པ་དྲྭ་བདག་གང་མང་གིས་དཀའ་ངལ་ཅི་རིགས་སྤྱད་དེ།ལྷག་བསམ་གྱི་ངོས་དང་ཉེར་མཁོ་ཡི་ངོས་ནས་བོད་ཕྱི་ནང་གཉིས་སུ་ནང་དོན་དང་དམིགས་པ་མི་མཚུངས་པའི་སྤྱི་སྒེར་གྱི་དྲྭ་ཚིགས་ཉིས་བརྒྱར་ཉེ་བ་ཞིག་དོ་དམ་དང་བསྟར་སྒྲིག་བྱེད་ཀྱིན་ཡོད་པ་དང༌།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 6 བཀླཌ་ཐེངས།: 7004  

05.05.2011 05:54:41
སེམས་ཀྱི་གསང་ཉུལ་བ།

ང་ནི་རྩོམ་རིག་གི་འཇིག་རྟེན་དུ་ཁ་སྐྱུར་མངར་གསུམ་གྱི་འཚོ་བ་སྐྱེལ་བའི་མི་བུ་ཐེབས་ཆགས་ཤིག་དང་རྟོག་དཔྱོད་ཀྱི་འགག་འཕྲང་བརྒྱུད་དེ་འོང་བའི་སེམས་ཀྱི་གསང་ཉུལ་བ་ཞིག་ཡིན་ཡང་དྲྭ་ནང་གི་འཛམ་གླིང་འདིར་ཐོན་པ་ཐེངས་དང་པོ་དེ་ཡིན། ང་ནི་དྲྭ་གྲོགས་ཚོའི་ཤེས་རིག་གི་རྩི་བཅུད་ལ་འཐུང་འདོད་ཀྱི་འགྲམ་ཆུ་ལྡང་བའི་གསར་སྐྱེས་ཀྱི་སྦྲང་མ་ཆུང་ཆུང་ཞིག་ཡིན་པས།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 3808  

04.05.2011 10:27:09
ལི་ཐང་ངག་དབང་དབྱིག་གཉེན།


རྒྱལ་གཅེས་དཔའ་བོ་ཁོང་སྐུ་གཤེགས་ནས་ཉིན་ཞེས་དགུ་འཁོར་བའི་མྱ་ངན་གྱི་ཚབ་ཏུ་བྲིས།།
སྤུན་ཟླའི་ལས་དབང་ཡ་ཁོག་སེམས་སུ་ཉར་དུས།།
ཚོར་སྣང་ལྕི་མོ་ཞིག་གིས་བྲང་ཁོག་རྡུང་དུས།།
ན་ཟུག་རྙིང་པ་ཞིག་གིས་ཧོབ་ཀྱིས་དཀྲོག་དུས།།
ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 5 བཀླཌ་ཐེངས།: 6182  

01.05.2011 03:23:15
ཁྲུང་ཁྲུང་དཀར་པོའི་བུ།

ཆུ་སྒང་གི་སྒྲིག་འཛུགས་འདི་གཏོར་ན་འཐོར་ཆོག་ཆོག་ཅིག་དང་འདོད་ན་རྒྱབ་སྐྱོར་བྱས་སའི་ཁང་ཆུང་ཙམ་མ་ཡིན་པར་འདི་ནི་མདོ་ཁམས་ཀྱི་མེས་པོ་གོང་མ་འགས་ཆེས་གཟི་བརྗེད་ཆེ་བའི་མཚན་སྙན་གྱི་འོད་མདངས་ཞིག་གམ་དངོས་ཡོད་རླབས་ཆེན་བོད་མི་རིགས་འདི་ཆགས་འཇིག་གི་དུས་མཚམས་ལ་མདོ་ཁམས་དཔའ་བོ་ཟུང་གི་འགོན་སྐྱབས་ཏུ་མཛད་པའི་སྲུབ་མེད་ལོ་རྒྱུས་གལ་ཆེན་འདི་དག་གི་སྒྲིགས་འཛུགས་ཤིག་ལ་ཐུག་ཡོད།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2148  

16.04.2011 14:41:52
ཆོས་འཛོམས།

རྒྱང་རིང་ཡུལ་ན་བཞུགས་པའི།།
སྐྱབས་མགོན་ཕྱག་ན་པད་མོ།།
གཞིས་ལུས་བུ་མོ་བདག་གིས།།
གསོལ་བ་སྙིང་ནས་འདེབས་སོ།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 8 བཀླཌ་ཐེངས།: 2997  

14.04.2011 09:35:27
ལི་ཐང་ངག་དབང་དབྱིག་གཉེན།

༼སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་ནས་ལོ་གཅིག་འཁོར་བའི་མྱ་ངན་གྱི་རྗེས་དྲན་དུ།༽
འབྱུང་གཞི་འཁྲུག་པའི་གོད་ཆག་གཅིག་གིས་སྤུན་ཟླའི་ཚེ་སྲོག་བཅོམ་ན་ཡང་།།
དུས་འགྱུར་ངར་མའི་འཕགས་འཚག་གཅིག་གིས་རང་ཡུལ་མི་ལ་ཤོར་ན་ཡང་།།
འགྱུར་སྟངས་འདི་དག་མི་རྟག་སྒྱུ་མའི་ངང་ཚུལ་གཅིག་གི་རྣམ་པ་ལས།།
བདེན་པའི་ངོ་བོ་གདོད་ནས་གྲུབ་པའི་ཤེས་བྱའི་རྣམ་པར་ཡོད་མ་ཡིན།།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 7435  

11.04.2011 04:27:39
ཁྱུངཿསྨོན་ལམ།

༄༅། །མདོ་སྟོད་རྒྱ་ཆེའི་མི་མང་གིས་ཐད་ཀར་འོས་འདེམས་གནང་བཞིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་ ༡༩ པའི་དབུས་རྒྱུན་དངོས་གཞིའི་འོས་བསྡུའི་དུས་ཚེས་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་གཏན་འབེབས་ཞུས་ཡོད་པ་ལགས་ན་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་དངོས་གཞིའི་འོས་མི་ ༢༢ ལས་རང་རང་གང་མོས་ཀྱི་མི་གྲངས་ ༡༡ ལས་མ་མང་བ་གདམ་གནང་ཡོང་བ་ཞུ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 5 བཀླཌ་ཐེངས།: 5511  

08.04.2011 06:18:51
བདེ་ཆེན།

༈   ཀ༵་ཁ་ག་ང་གྱེར་འདོན་བྱས་ནས་ཁ༵་སང་དེ་རིང་བར་དག་དུ།།
ག༵་ས་ག་རུ་འཁྱམས་ཉུལ་བྱས་ཀྱང་ང༵་ཚོའི་རེ་བའི་དོན་མ་འགྲུབ།།
ཅ༵་ཅོ་སྒྲ་ལྡན་གྲོང་ཁྱེར་ནང་གནས་ཆ༵་ལུགས་ཡ་མ་ཟུང་སྟོན་ཞིང་།།
ཇ༵་ཆང་བཟའ་བཏུང་འདོད་དགུ་འཛོམས་ཀྱང་ཉ༵་ཆུང་ང་ཚོར་གནས་གཞི་མེད།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2539  

07.04.2011 02:46:23
ཁྲུང་ཁྲུང་དཀར་པོའི་བུ།

སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས། ༡༩༥༤ལོར་ཁམས་སྡེ་རོང་དུ་འཁྲུངས།   ཀྲུང་གོའི་ཞིབ་འཇུག་པ། རྒྱལ་ཁབ་ཕྱི་ནང་གི་མཁས་པ་གྲགས་ཅན་བཅས་ཡིན། ད་ལྟ་དཀར་མཛེས་ཁུལ་ཡིག་ཚགས་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད། བརྩམས་ཆོས་ལ། 《བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ།》དང་།《བདག་གི་རེ་སྨོན》《གནའ་བོའི་ཧྲུའུ་མིའི་འབྱུང་ཁུངས་ཀྱི་མཐིལ་བརྟོལ་བ》སོགས་ཡོད་པ་མ་ཟད། སྔ་ཕྱིར་《འཆམ་མཐུན་བརྟན་བརླིང་གི་བོད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གྲོས་འཆར་འགའ》ཞེས་པ་དང་《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ཐད་བཏོན་པའི་བྱ་ཐབས་བཅོ་ལྔ》སོགས་ཀྱི་གྲོས་འཆར་ཡི་གེ་བྲིས་ཏེ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གཙོ་བོ་དག་ལ་ཕུལ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 3133  

31.03.2011 14:23:39
ཁྲུང་ཁྲུང་དཀར་པོའི་བུ།

༡མཁས་དབང་བློ་བཟང་སེང་གེ་དང་བོད། དངོས་འབྲེལ་རྒྱལ་སྤྱིའི་ནང་བོད་དང་བོད་རིགས་སུ་གཏོགས་པའི་ཁྲོད་ཐོག་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ནི་སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 3871  

31.03.2011 09:56:21
གངས་དཀར་བུ་ཕྲུག

བོད་ཁ་བ་ཅན་གྱི་མཁས་དབང་ནང་།།
ལྷ་བླ་མའི་ལུགས་དང་འདྲེས་པའི།།
མཚན་སྙན་གྲགས་ཆེ་བའི་མཁས་དབང་སྟེ།།
ཁོང་མཁས་པ་བློ་བཟང་སེང་གེ་ཙམ།།
བསམ་ཚུལ། 4 བཀླཌ་ཐེངས།: 3088  

ཤོག་ངོས། 7 ནས། 12
| -