ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: མ་འོངས་པའི་དབུ་ཁྲིད།

31.12.2015 13:09:32
རྨོངས་རྟུལ་ནག་པོ།

 

མཐོ་སྒང་བོད་པ་ཚང་གི་ནོར་བུ་ཞིག།

ཀ་ཁའི་རིན་ཐང་སྨྲ་བའི་མགོན་པོ་ཞིག།།

བོད་ཀྱི་ཚེ་སྲོག་སྐྱོབ་པའི་སྐྱེས་ཆེན་ཞིག།

དེ་རིང་དྲན་པའི་སེམས་པ་ཆུ་ཁོལ་ཁོལ།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ | མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 1955  

16.03.2012 02:58:13
ལོག་སྨྲ་ཚར་གཅོད།

བོད་པའི་ཆེད་ལས་པ་ཁྲི་དང་འབུམ་ཐོན་དགོས་ཀྱི་དགེ་བཤེས་སོགས་ཐོན་མི་དགོས། ཕོའི་རྟགས་ཅན་ལ་མོའི་འདུ་ཤེས་ཅན་གྱི་སྤུན་གྲོགས་ཉི་མ་ལྷ་མོ་སོགས་ཟིན་བྲིས་པ་ཡོངས་ཀྱིས་གུས་པར་དགག་བཞག་སྤོང་གསུམ་མཛད་པར་དགའ་བསུ་ཡོད། ཐ་ཤལ་གྱི་མི་བུ་ང་ནི་བདག་འཛིན་དང་ཉོན་མོངས་ཀྱི་གཞན་དབང་དུ་སོང་ལ་གང་ཡང་མི་ཤེས་ཅིང་ཅི་ཡང་མི་འཇོན་མཁན་ཡིན་པ་བདེན་མོད། དེ་དག་ནི་གུས་པའི་རྩོམ་ཡིག་གི་བརྗོད་གཞི་ངོ་མ་དེ་མིན།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 2 བཀླཌ་ཐེངས།: 1516  

11.03.2012 00:23:40
ལོག་སྨྲ་ཚར་གཅོད།

གསུམ་བཅུའི་དུས་དྲན་ཉིན་གུས་པ་སྔ་ཙམ་ཡར་ལངས་ནས་བལ་ཡུལ་དུ་གནས་སྡོད་བྱེད་ཆོག་པའི་འཛིན་བྱང་ཞིགཡོད་པ་དེ་རྒྱབ་ཁུག་ནང་བླུགས་ཏེ་དུས་དྲན་འདུ་འཛོམ་བྱེད་སར་ཕྱིན། ས་གནས་དེར་བལ་ཡུལ་ཉེན་རྟོག་པ་ཡོངས་ཀྱིས་དྲག་ཆས་གོན་པ་དང་མ་གོན་པ་གང་སར་ཁེངས་ཏེ་འཇུ་བཟུང་བྱེད་ཆོག་ཆོག་གིས་མཐའ་ནས་བསྐོར་འདུག

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 20 བཀླཌ་ཐེངས།: 1753  

08.03.2012 02:57:37
ལོག་སྨྲ་ཚར་གཅོད།

༸གོང་ས་མཆོག་བོད་པའི་ཆབ་སྲིད་ཀྱི་དབུ་འཁྲིད་མ་གནང་བའི་རྗེས་ནས་བོད་ཀྱི་ཆབ་སྲིད་ལ་སྨན་པའི་ལས་ཁུང་ཐ་དག་སྒོ་རྒྱབ་རྒྱུའི་ཉེན་ཁ་འདུག ཨ་རིའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཚན་པ་སྒོ་རྒྱབ་རྩིས་རེད་ཟེར། བོད་པ་རང་ངོས་ནས་ཀྱང་བོད་གཞུང་གི་མཚན་སྙན་ཡང་མེད་པ་བཟོས། བལ་ཡུལ་ལའང་བོད་གཞུང་གི་ལས་ཁུང་ནི་མིང་ཙམ་ལས་སྒོ་རྒྱབ་ཟིན་པ་དང་ཁྱད་མེད།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 8 བཀླཌ་ཐེངས།: 1532  

16.02.2012 00:01:22
ལོག་སྨྲ་ཚར་གཅོད།

དེ་རིང་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་ལ་གཟིངས་རྟགས་ཤིག་ཐོབ་གྲབ་ཡོད་པ་དང་དེ་ལེན་ཞོར་དུ་ནེའུ་ཡོག་ཏུ་ཁོང་གི་སྐུ་ཟླ་དང་ལྷན་དུ་ལོ་གསར་རིང་གུང་སེང་གཏོང་ཆེད་ཕེབས་པ་རེད་ཟེར། དེ་ནས་རིམ་བཞིན་ཡོ་རོབ་སོགས་ལ་སྤྲོ་འཁྱམ་ལ་ཕེབས་རྩིས་རེད་ཀྱང་བཤད་འདུག དྭ་གང་ཤེས།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 4 བཀླཌ་ཐེངས།: 1418  

13.01.2012 08:30:56
ལོག་སྨྲ་ཚར་གཅོད།

གུས་པ་ཡང་རྡོ་གདན་དུ་སོང་ནས་དེ་རིང་ཕྱིར་ཡོང་མ་ཐག་ཡིན། བོད་པ་ལས་ཧི་མ་ལའི་མི་རིགས་ཀྱི་ཆོས་ཞུ་བ་ཚོས་ཧ་ཅང་གི་ཆོས་སེམས་ཆེ་བ་ལྟ་བུ་ཞིག་ངས་མཐོང་ཚུལ་བྱུང། བོད་མི་ཚོས་ཕལ་ཆེར་ཆོས་ལ་ཨ་གསར་ཡལ་ནས་ངས་མཐོང་ཚུལ་བྱས་ན་རྒྱ་ཆ་དྲུག་ཅུ་ནི་ཚོང་དང་ཞལ་འདེབས་སོགས་ཀྱི་ཁེ་གཉེར་གྱི་གོ་སྐབས་འཚོལ་བ་ཁོ་ན་ལས་ཆོས་དོན་དུ་གཉེར་ནས་ཕེབས་པ་མིན་པར་ཚད་དཔག་བྱེད་ཐུབ་ཀྱི་འདུག

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 1 བཀླཌ་ཐེངས།: 2050  

13.05.2011 12:28:15
ཁྲུང་ཁྲུང་དཀར་པོའི་བུ།

དང་པོ། འདས་པའི་ལོ་ཤས་སྔོན་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་གྱི་སྐོར་གསུངས་དུས་གཞུང་མང་ཚང་མས་བགྲེས་ཡོལ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བགྲེས་ཡོལ་གནང་རྒྱུ་ཐུགས་ཐག་བཅད་དེ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་གསུང་འཕྲིན་ནན་པོ་གནང་བ་དང་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཆེན་པོ་སོང་བ་རེད།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 3541  

26.04.2011 06:23:35
ལོག་སྨྲ་ཚར་གཅོད།

ཁྱི་དཀར་པོས་རྨུག་པའི་རྨ་ཁ་དང་།།  ཁྱི་ནག་པོས་རྨུག་པའི་རྨ་ཁ་གཉིས།།
རྨུག་བྱེད་ལ་དཀར་ནག་གི་ཁྱད་པ་ལས།།  རྨ་ཁ་ལ་ཟུག་གཟེར་གྱི་ཁྱད་པ་ཅི།།
Tongue out
གཡས་སྐོར་དུ་སྐྱོད་པའི་ནང་བཙུན་དང།། གཡོན་སྐོར་དུ་སྐྱོད་པའི་བོན་བཙུན་གཉིས།།
སྐོར་ལམ་གྱི་ཁ་ཕྱོགས་ཁྱད་པ་ལས།།         སླེབས་ས་དང་འཁོར་སར་ཁྱད་པ་ཅི།།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 17 བཀླཌ་ཐེངས།: 6144  

19.04.2011 21:59:18
ཁྲུང་ཁྲུང་དཀར་པོའི་བུ།

བོད་ནས་གསར་ཏུ་ཕེབས་པའི་གསར་འབྱོར་བ་མི་གྲངས་༧༠༠ལྷག་ལ་རྒྱ་གར་གནས་སྡོད་སྐྱབས་བཅོལ་ལག་འཁྱེར་(RC)གསར་བཟོ་མ་ཐུབ་པའི་དཀའ་ངལ་དངོས་འབྲེལ་ཡོད་པ་བརྟེན་ཉེར་ཆར་རང་གཞུང་བཀའ་ཁྲིའི་རྒྱབ་སྐྱོར་འོག་གསར་བཟོ་བྱས་ཡོད་ན་ཡང་ཉིན་གྲངས་བཅོ་ལྔའི་དུས་ཡོན་ལས་སྤྲོད་མི་འདུག། འདི་ནི་བལ་ཡུལ་དབུས་སྣེ་ལེན་ཁང་གི་ལས་བྱེད་གྱི་བྱས་སྟངས་མ་ཤེས་པ་འམ་དེའི་ཐད་ནད་མོ་མ་བྱས་པའི་སྐྱོན་ཡིན་པ་འདྲ།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 2 བཀླཌ་ཐེངས།: 3601  

03.04.2011 10:41:54
ལོག་སྨྲ་ཚར་གཅོད།

འཛམ་གླིང་ཞི་བདེའི་དེད་དཔོན་དང་འཚེ་མེད་ཞི་བའི་ལས་འགུལ་ལ་མཐའ་གཅིག་ཏུ་ནན་སྐུལ་དང་ཡིད་ཆེས་གནང་མཁན་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་སྐབས་སུ་རྒྱ་ནག་དམར་གཞུང་གིས་བོད་བཙན་བྱོལ་གཞུང་ལ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ཀྱི་ཉེས་མེད་སྐྱོན་འཛུགས་བྱེད་ས་ཞིག་མེད་ཀྱང་།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 31 བཀླཌ་ཐེངས།: 6671  

18.03.2011 05:29:40
ཁྲུང་ཁྲུང་དཀར་པོའི་བུ།

snowlion1གཤམ་གསལ་རྣམས་ནི་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་ལ་རྒྱལ་སྤྱིའི་ནང་སྙན་གྲགས་འབར་བའི་གསར་ཤོག་ཁག་གིས་སྤེལ་བའི་དུམ་ཚན་འགའ་ཞིག་ཡིན། ༡། རྒྱ་གར་གྱི་The Telegraph ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 3 བཀླཌ་ཐེངས།: 8918  

17.03.2011 22:49:49
བཟོད་པ་ལྷ་རྩེ་

འདས་པའི་ཟླ་བ་མང་པོའི་སྔོན་ནས་དྲ་རྒྱ་ཁག་དང་ཚགས་ཤོག་ཁག་བཅས་ལ་དོ་སྣང་ཤུགས་ཆེན་བྱས་ནས་བཀའ་ཁྲི་འོས་བཞིན་མཚམས་པ་ཞིག་སྩལ་བའི་རྒྱུད་རིམ་ནང་གི་བསམ་ཚུལ་འགའ་ཤོད་འདོད་བྱུང་། དེ་སྔོན་བཀའ་ཟུར་བཀྲས་མཐོང་ལ་གཞུང་རྒྱུ་ལྐོག་བཟའ་བྱས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་ཁག་ཏུ་དོན་ཀྱང་དེ་དག་ནི་བདེན་པ་མ་ཡིན་པ་སྐབས་དེ་དུས་ཕྱག་ལས་མཉམ་དུ་གནང་བའི་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 8 བཀླཌ་ཐེངས།: 3107  

11.03.2011 09:03:34
བཟོད་པ་ལྷ་རྩེ་

དེང་དྲྭ་རྒྱ་ཁག་ལ་ཉམས་ཞིབ་བྱས་པ་ཡིན་ན་བཀའ་ཁྲིའི་འོས་དམིགས་དང་སྤྱི་མཐུས་ཀྱི་འོས་དམིགས་དག་གི་འགན་ཁྲི་ཇེ་ཆེ་ནས་ཇེ་ཆེར་གྱུར་བཞིན་པ་དང་རྫ་དྲགས་ཇེ་ཆེ་ནས་ཇེ་ཆེར་གྱུར་བཞིན་ཡོད་པ་ནི་བོད་སྤྱི་བའི་བདེ་སྡུག་བསམ་མཁན་ཚང་མས་མཁྱེན་དང་མཁྱེན་མུལ་ཡིན་ལ། དེ་སྔོན་ཁོ་བོས་བཀའ་ཁྲིའི་འོས་འགན་དང་སྤྱི་མཐུས་ཀྱི་ནུས་པ་ཞེས་པ་ཞིག་ཀྱང་འབྲི་མྱོང་།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 2 བཀླཌ་ཐེངས།: 3244  

11.03.2011 05:46:36
ལོག་སྨྲ་ཚར་གཅོད།

སྔ་ཉིན་གསུམ་བཅུ་དུས་དྲན་གྱི་ཉིན་མོར་སྦི་སྦི་སི་དང་སི་ཨེན་ཨེན་བཅས་གློག་འཕྲིན་ཁག་ནང་༸གོང་ས་མཆོག་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བ་ཉིན་བོད་ཀྱི་ཡུལ་གྱར་སྲིད་གཞུང་གི་གྲོས་ཚོགས་ནང་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་འབུལ་དང་རྩ་ཁྲིམས་སྐྱར་བཅོས་གནང་རྒྱུའི་གནས་ཚུལ་ཐོན་པ་དང་།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 25 བཀླཌ་ཐེངས།: 8650  

03.03.2011 19:38:23
བཟོད་པ་ལྷ་རྩེ་

དང་པོ་བློ་བཟང་སེངྒེ་ལྷ་རེད།
བར་དུ་བློ་བཟང་སེངྒེ་མི་རེད།
མཐའ་མ་བློ་བཟང་སེངྒེ་འདྲེ་རེད།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 4 བཀླཌ་ཐེངས།: 3952  

21.02.2011 04:48:04
ལི་ཐང་ངག་དབང་དབྱིག་གཉེན།

ཕྲན་གྱིས་དེ་རིང་ ༼བཀྲས་མཐོང་ཐེངས་འདིའི་བཀའ་ཁྲིར་འོས་ ༽ཞེས་ཁ་བྱང་འདི་ལྟར་ཞིག་འབྲི་འོང་དུས་ཧར་ཏེ་ཁྱེད་ཚོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་སྣང་རབ་རིབ་ཅིག་གཏན་གཏན་བསླེབ་འོང་། དེ་ནི་ཕྲན་ལ་མཚོན་ན་རིགས་པའི་བརྡར་ཤག་བཅད་། རྣམ་དཔྱོད་ཀྱིས་སྒོ་ནས་བསམ་བློ་རྣལ་དུ་ཕབས། ཆོལ་ཁའི་ཕྱོགས་ཞེན་མཐའ་དག་རྒྱང་རིང་དུ་དོར་བའི་སྒོ་ནས་སྙིང་ཁུང་རུས་པའི་སྟེང་ནས་བཞུར་བའི་སྐད་ཆ་ཞིག་སྟེ།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 8 བཀླཌ་ཐེངས།: 6759  

28.01.2011 12:04:50
སེར་ལྷོ་བློ་བཟང་རྒྱ་མཚོ།

ད་ལྟའི་འཛམ་གླིང་སྟེང་གི་རླབས་ཆེ་བའི་སྐྱེས་ཆེན་ཞིག་དང་། མ་འོངས་འགྲན་ཟླ་བྲལ་བའི་དམ་པ་ཞིག་འཚོལ་བ།
༡  ༽  ཐོག་མའི་གླེང་སློང་།
༈   འགྲོ་བ་མི་ཞེས་པའི་སེམས་ཅན་འདི་འཇིག་རྟེན་ཁམས་འདིར་འགོ་འབུས་པ་ནས་བཟུང་། སོ་སོའི་རྟོག་དཔྱོད་ལ་གཞིགས་པའི་བདེ་སྐྱིད་དང་ཐོབ་ཐང་རྩོད་ལེན་བྱེད་ཀྱིན་ཡོད།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 3299  

25.01.2011 09:39:28
ཁྲུང་ཁྲུང་དཀར་པོའི་བུ།

ཕྱི་ལོ་༢༠༡༡ ཟླ་༢་ཚེས་༡༣་ཉིན་ཆུ་སྒང་དབུས་རྒྱུན་གསར་འདེམས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་གཏན་ཁེལ་བས། དྷ་ས་ས་གནས་ཁྱབ་ཁོངས་ཀྱི་རྒྱ་ཆེའི་མདོ་སྟོད་སེར་སྐྱ་མི་མང་ཡོངས་ནས་གལ་ཆེ་དོན་ཆེར་གཟིགས་ནས། བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་བསྣམ་སྟེ་གོང་ཚེས་ཉིན་ངེས་པར་དུ་འོས་བླུག་པར་ཕེབས་རོགས་གནང་།
བསམ་ཚུལ། 8 བཀླཌ་ཐེངས།: 7978  

24.12.2010 21:42:05
ལོག་སྨྲ་ཚར་གཅོད།

བོད་ཀྱི་ཕ་ས་ཡོངས་རྫོགས་རྒྱ་ཡིས་དབང་འོག་ཏུ་ཤོར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ཟིན་པ་དང་གཅིག བོད་ཀྱི་རིག་གཞུང་སྐད་ཡིག་གོམས་གཤིས་དང་བཅས་པ་ཤི་མ་གསོན་གྱི་མཚམས་འདིར། གཞིས་ལུས་བོད་མིས་ཐོབ་ཐང་རྩོད་ལེན་གྱི་འབོད་སྒྲ་སྒྲོགས་བཞིན་པ་དང་གཉིས།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 8 བཀླཌ་ཐེངས།: 7995  

24.11.2010 03:35:20
ལོག་སྨྲ་ཚར་གཅོད།

དྲྭ་གྲོགས་ཡོངས་དང་རྒྱ་ཆེ་བོད་མི་ཀློག་པ་པོ་རྣམས་ལ་ཛ་དྲག་གིས་གནས་ཚུལ་འབུལ་དོན།  དེ་སྔོན་རྡ་རམ་ས་ལའི་རྩོམ་པ་པོ་མིང་ཡོད་མཁན་ཞིག་གིས་རྩོམ་ཡིག་ནང་རྒྱལ་བ་རིན་པོ་ཆེ། རྒན་ཡོལ་ཆ་ཚང་གནང་དགོས་པའི་ཟུར་ཟའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུངས་འདུག་པས།

  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 8 བཀླཌ་ཐེངས།: 7908  

ཤོག་ངོས། 1 ནས། 3
| -