ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: རྡོག་རྩ་ཆིག་སྒྲིལ།

17.09.2016 22:56:54
གངས་རིན་ཆེན།

དཔྱིད་དཔལ་ལྷ་མོའི་འཛུམ་དཀར་གྱི་མདངས་ལས།།
ས་འཛིན་བུ་མོའི་འཇོ་སྒེག་གི་མགུར་རྒྱན།།
དུང་སེམས་ལང་ཚོའི་འཛུམ་ཞལ་གྱི་འོད་སྣང༌།།
ཁྱེད་དང་ང་ཡི་ཤོར་ཟིན་པའི་ལོ་ཟླ།།


  གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 5542  

26.07.2016 03:49:56
འཆམ་ར་དྲི་མེད་རྒྱལ་མཚན།

༄།། བྷག་སུ་ཆུ་ཁའི་མེ་ཏོག
                                        ས་མཐའི་གཡུ་རལ།(འཆམ་ར་བ།)
༈ ལྷུང་ལྷུང་འབབ་པའི་ཆུ་མོ་རྒྱང་ལ་བཞུད་དུས།།
ལྡིང་ལྡིང་འཕར་བའི་སྙིང་འདི་ཤུལ་དུ་ལུས་བྱུང་།།
རི་ལུང་སྨུག་པས་བཏུམ་པའི་ས་ཁུག་རེ་ནས།།
ཁྱེད་རང་འབོད་པའི་སྐད་འདི་སྙིང་ལ་རྗེ་ཨང་།།


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 4900  

21.01.2016 01:48:07
གངས་རིན་ཆེན།

ཤ་རུས་པ་འབྲེལ་བའི་སྤུན་ཟླ་ཚོ།།

ས་ངེས་མེད་འཁྱམ་པའི་གངས་ཕྲུག་ངས།།

སེམས་དྲི་མེད་ལྷག་བསམ་དར་དཀར་བསྒྱུར།།

རང་ཆོལ་གསུམ་བོད་ལ་ཚིག་གསུམ་ཞུ།།

  གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 1 བཀླཌ་ཐེངས།: 1881  

25.12.2015 00:50:18
རྨོངས་རྟུལ་ནག་པོ།

-------ཆོས་པ་སྐམ་པོའི་གཟུགས་བརྙན་དང---- -----སློབ་གཉེར་སྐམ་པོའི་བརྩོན་འགྲུས།----
ཆོས་བརྒྱད་གདོན་གྱི་རློམ་པའི་ཁེངས་དྲེགས་ཀྱིས་བསྐུལ་བས།།
དོན་གྱི་ཉམས་ལེན་ཞིག་གིས་རྒྱང་ཐག་དེ་བཀྱེད་པས།།
མ་དཔྱད་ཆོས་པའི་གཟུགས་ཀྱི་འཛུམ་རིས་ཀྱིས་གང་ཡང༌།།
བརྟག་ན་བདག་སེམས་དམར་པོ་གཤིན་འདྲེ་ཡི་རང་བཞིན།།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 1228  

14.07.2015 23:00:58
གངས་རིན་ཆེན།

___སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཕུལ།

རིན་པོ་ཆེ།་་་་ཁྱེད་ནི་ང་ཚོའི་གངས་ཅན་ཁ་བའི་ལྗོངས་སུ་མ་རིག་གི་མུན་པ་སེལ་བའི་ཉིན་བྱེད་དེ། མུན་ནག་སྤྲིན་ཚོགས་ཀྱི་སྒྲིབ་པའི་མཐོ་སྒང་དུ།  གང་གིས་སྙིང་རྗེའི་འོད་སྣང་སྦྱིན་པའི་མ་ལུས་གངས་ཅན་གྱི་འགྲོ་བ་ལ་ཤེས་རིག་གི་སློབ་གྲྭ་འཛུག། ནང་ཆོས་ཀྱི་སྒྲོན་མེ་སྤར། དགེ་བསྒྲུབ་སྤང་བླངས། བཟང་པོའི་ཆོས་མཐུན་གྱི་བྱ་བཞག་སོགས་སྒོ་ཀུན་ནས་གདོང་དམར་སྐྱེ་འགྲོ་རྣམས་ལ་གདམས་པའི་བསླབ་བྱ་ནི་སྟོང་གསུམ་ནོར་གྱི་ཟླ་དང་བྲལ། ད་དུང་མི་རིགས་འདི་ལ་མ་འོང་གི་གཟིགས་རྒྱང་རིང་ཞིང༌། མི་རིགས་འདི་ཡི་དཀའ་སྡུག་ཡོད་ཚེ་ཁུར་དུ་བཞེས་ཤིང༌། འགྱུར་མེད་ཀྱི་ལྷག་བསམ་དང༌། གཡོ་མེད་ཀྱི་ལ་རྒྱལ་ནི་རི་རབ་བཞིན་དུ་བརྟན།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 0 བཀླཌ་ཐེངས།: 1753  

11.07.2015 23:48:12
གངས་རིན་ཆེན།


གངས་རི་རྩེ་ནས་ཤར་བའི།། གསེར་གྱི་ཉི་མ་གསེར་པོ།།
གངས་ཅན་བོད་ལ་ཤར་ནས།། སྡུག་གི་མུན་པ་སེལ་རོགས།།



མཐོ་རེག་ནམ་མཁའི་ངོག་ནས།།འཛུམ་ཆུང་དུང་ཟླ་དཀར་པོ།།
བོད་འབངས་དྲོད་ཀྱིས་འཚོལ་ནས།། སྡུག་གི་མུན་པ་སེལ་རོགས།།


ལྷོ་ཡི་ནམ་མཁའི་སྐར་ཆེན།།ཟེར་འོད་ཕྱོགས་བརྒྱ་འཕྲོ་ནས།།
མ་རིག་འགྲོ་བ་ཡོངས་ཀྱི།།རྨོངས་མུན་ལོག་ཚོགས་སེལ་རོགས།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 1516  

11.01.2015 02:57:08
འཆམ་ར་དྲི་མེད་རྒྱལ་མཚན།

༈ འཕྲུལ་རྟ་ལ་གཟབ་གཟབ་གྱིས།
ཡུན་རིང་བསགས་པའི་དངུལ་གྱིས་འཕྲུལ་རྟ་ཉོ་བའི་དུས་སུ། །
འཕྲུལ་རྟའི་འཕྲུལ་དང་འདྲ་བའི་སློབ་སྦྱོང་རང་ལ་ཡོད་དགོས། །
བྱོལ་སོང་རྟ་ཕོ་ཞོན་པའི་སློབ་སྦྱོང་དེ་ལས་མེད་ན། །
རང་སྲོག་གཅོད་པའི་རལ་གྲི་རང་གིས་ཉོ་བཞིན་ཡོད་སྲིད། །

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 3 བཀླཌ་ཐེངས།: 1599  

22.10.2014 01:52:13
བེ་རི་འཇིགས་མེད་དབང་རྒྱལ།

སྐད་ཡིག་ནི་གནམ་སའི་ལྷ་ཡིས་གནང་བའི་རང་བྱུང་གི་དངོས་གྲུབ་ལྟ་བུ་ཞིག་མ་ཡིན་པར། མི་ལོ་ས་ཡ་བཞིའི་ཡར་སྔོན་ནས་རྒྱ་མཚོའི་འཇིམ་རྡུལ་ལ་རྣམ་ཤེས་ཞུགས་ནས་སྲོག་ཆགས་ཀྱི་བྱུང་རིམ་མགོ་འཛུགས་པའི་རྗེས་ནས་སྲོག་ཆགས་རིགས་གཅིག་སྐམ་སར་སླེབས་པ་དེ་དག་ལས་ཆེད་པའི་སྲོག་ཆགས་རྣམ་གྲངས་དུ་མའི་ཁྲོད་ནས་སྤྲ་སྤྲེའུ་མི་རུ་འགྱུར་བའི་དུས་རབས་ནས་མགོ་བཙུགས་ཏེ་བྱུང་བ་ཞིག་ཡིན་ལ། སྐབས་དེའི་སྲོག་ཆགས་དེ་དག་གི་བརྗོད་པ་ངག་གི་རང་བཞིན་ལྷན་སྐྱེས་སུ་གནས་པའི་སྐད་ཀྱི་རྣམ་གྲངས་ཉུང་ཉུང་ལས་མེད།

  རྡོག་རྩ་ཆིག་སྒྲིལ། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རིག་གནས་བདག་སྐྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1537  

27.09.2014 09:09:45
གངས་རིན་ཆེན།

རེ་དྭོགས་ཀྱིས་སྟོང་བའི་གྲྭ་རྐྱང༌།
༡༽
ཡངས་པའི་ས་ཆེན་གོ་ལ་འདི་ཡི་ནང༌།།
འབྱོར་ལྡན་མི་ཡི་གསེར་གྱི་ཁང་པ་དང༌།།
རིས་མེད་མྱི་ལ་དངུལ་ཆར་འབབ་ན་ཡང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ། | གངས་དཀར་སེམས།
བསམ་ཚུལ། 2 བཀླཌ་ཐེངས།: 1629  

24.09.2014 23:17:21
གངས་རིན་ཆེན།

དགེ་ལེགས་མཚན་དཔེ་འོད་སྟོང་འབར་བའི་རབ་བརྗིད་སྐུ །།
བརྒྱད་ཁྲི་བཞི་སྟོང་འགལ་མེད་སྙན་འཇེབས་ཚངས་དབྱངས་གསུང༌།།
ཟག་མེད་བདེ་བའི་གཏེར་གྱི་ཐུགས་རྗེ་རབ་ཏུ་མངའ།།
འཇམ་དཔལ་དབྱངས་ཉིད་བདག་བློ་ཀུ་མུ་སྐྱོངས་བ་མཛོད །།

  རྡོག་རྩ་ཆིག་སྒྲིལ། | གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1750  

05.02.2014 03:45:50
ཐུབ་བསྟན༌ཡར་འཕེལ།

1. རྒྱུ་མཚན་ལྡན་པའི་ཉེན་ཁ་བརྒྱུད་མི་ཕོད་པ།
2. སྙུགས་བསྲིང་ནས་དཀའ་ངལ་ཁྱད་གསོད་མི་བྱེད་པ།
3. རྒྱ་ཆེ་ས་དང་ཕུགས་ལ་བསམ་བློ་མི་གཏོང་བ།
4. བྱ་བ་གང་ལའང་གཙོ་ཕལ་དང་གོ་རིམ་མེད་པ།
5. ཐབས་ལམ་སླ་ཤོས་ལ་བསམ་བློ་གཏོང་བ།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 1777  

30.01.2014 07:46:45
ངག་དབང་རྡོ་རྗེ།

(གྲགས་ཅན་གཞས་མ་ཟླ་སྒྲོན་ལགས་ཀྱིས་བཏང་གནང་བའི་གཞས་ཀྱི་གཞས་ཚིག་གཅིག་འདིར་ཡོད།)
གངས་ལྗོངས་དང་ང༌། །
ཟླ་གཞོན། །
རི་བོ་ཇོ་མོ་གླང་མ། །ང་ཡི་སེམས་པ་ཡིན་ཞིང༌། །
ཆུ་བོ་ཡར་ཀླུང་གཙང་པོ། །ང་ཡི་སྟོབས་དང་ཤུགས་ཡིན། །
ང་ཡི་ལུས་ངག་ཡིད་གསུམ། །ཁ་བའི་ལྗོངས་ཀྱིས་གནང་ལ༌། །
གལ་སྲིད་ང་ཡང་མེད་ན། །རི་ཀླུང་ཙམ་གྱི་གནས་ཡིན། །

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 1 བཀླཌ་ཐེངས།: 1953  

27.01.2014 13:12:59
གསར་འཕྲིན།

བོད་ནས་ཁུངས་ལྡན་གནས་ཚུལ་ཐོན་པར་གཞིགས་ན། ཁམས་ལི་ཐང་ཉག་ཆུ་མགོ་ལོག་དགའ་ལྡན་གསང་སྔགས་ཆོས་འཁོར་གླིང་དགོན་དུ་སློབ་གྲྭའི་གུང་སང་དང་བསྟུན་ནས་སློབ་མ་༤༠༠ལྷག་ལ་བོད་ཀྱི་ཆོས་རིག་ངོ་སྤྲོད་དང་སློབ་འཕྲིད་གནང་ཡོད་འདུག


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 1 བཀླཌ་ཐེངས།: 1818  

28.12.2013 10:16:26
འཆམ་ར་དྲི་མེད་རྒྱལ་མཚན།

གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་ནས་ ༢༠༡༣ ལོར་གཞུང་འབྲེལ་དཔེ་དེབ་འགྲེམས་སྤེལ་ཞུས་པ་ཁག་ཅིག་གི་ངོ་སྤྲོད་སྙིང་བསྡུས།


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 3099  

27.11.2013 10:14:48
འཆམ་ར་དྲི་མེད་རྒྱལ་མཚན།

༈ རི་བོའི་རྩེ་ལ་ཆས་འགྲོ

མགོ་བོ་ཐུར་དུ་མ་སྒུར་ནམ་མཁའ་སྟོང་པ་རེད་དོ། །
གོམ་ཁ་འགྲམ་དུ་མ་དགག་མདུན་ལམ་བདག་མེད་ཡིན་ནོ། །
མིག་གིས་སྨད་ལ་མ་བལྟ་འགྲོ་ས་སྟོད་ལ་ཡིན་བ། །
ཁ་ཕོ་ཡང་སྡོམ་གྱིས་དང་རི་བོའི་རྩེ་ལ་ཆས་འགྲོ །


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 2 བཀླཌ་ཐེངས།: 2044  

15.11.2013 23:40:20
གངས་རིན་ཆེན།

ཤེས་ཡོན་སྦྱངས་དགོས།
ཤེས་རིག་ཡོན་ཏན་སྦྱངས་བརྩོན་མ་བྱེད་ན།།
ཤེས་མེད་མི་མགོ་ནགས་མི་ཡི་བྲན་གཡོག་ཡིན།།
ཤེས་ལྡན་བློ་ཡི་ལོ་རྟོགས་མ་བཅོམ་ན།།
ཤེས་དམན་རྣམ་རྟོག་ཟད་པའི་ཐབས་དང་བྲལ།།

  གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 1629  

17.10.2013 09:25:59
གངས་རིན་ཆེན།

རང་རྒྱལ་གཞན་ཕམ་བདུད་ཀྱི་རླུང་འཚུབ་ལྡང༌།།
ཞི་བདེ་ཉི་མ་དུས་ཀྱི་ནུབ་པའི་སྐབས།།
རིན་མེད་བུ་ལ་མ་ཡི་ངང་ཚུལ་བཞིན།།
བསྟན་འཛིན་རྒྱ་མཚོ་གཙུག་གི་དབུས་ན་མཆོད།།

  རྡོག་རྩ་ཆིག་སྒྲིལ། | བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1502  

10.10.2013 07:01:31
ལོག་སྨྲ་ཚར་གཅོད།

བྱེས་འབྱོར་ནང་དར་དམར་ཡར་བསྒྲེང་རེད། ། གཞིས་བཞུགས་ནང་དར་དམར་མར་གཡུག་རེད། །
ཡར་བསྒྲེང་དང་མར་གཡུག་བར་མཚམས་དེར། ། བན་ཆུང་ངའི་མགོ་བོ་འཁྲུགས་སོང་ཐལ། །
  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 4 བཀླཌ་ཐེངས།: 1332  

14.08.2013 23:23:42
གངས་རིན་ཆེན།

མཚུངས་མེདཤམ་བྷ་ལའི་དྲ་གྲོགས་ཡོངས་ལ་ཞུ་རྒྱུ།
དེ་རིང་ནི་རྒྱ་གར་རང་བཙན་གྱི་ཉིན་མོ་ཡིན་པས་རྒྱ་གར་མི་དམངས་ལ་
རང་དབང་ཐོབ་པའི་དགའ་འོས་པ་ཞིག་དང་།
རང་མི་རིགས་ལ་མཚོན་ན་རང་ཡུལ་རང་དབང་མེད་པའི་སྐྱོར་སྡུག
་གི་གནས་སུ་ལྷུང་བས་དགའ་སྐྱོ་གཟུང་གི་བསུ་མ་ཞུ།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 2 བཀླཌ་ཐེངས།: 1705  

12.08.2013 08:40:30
གངས་རིན་ཆེན།

༄། ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་ཀྱིས།།
ཆོས་དང་མཐུན་པའི་རླབས་ཆེན་བྱ་བ་ཀུན།།
ཆོས་ལུགས་ཀུན་དང་ཅུང་ཟད་མི་འགལ་བའི།།
ཆོས་ཚུལ་ཟབ་མོི་སྟོན་པའི་མགོན་དེས་སྐྱོངས།།

  གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 0 བཀླཌ་ཐེངས།: 2005  

ཤོག་ངོས། 1 ནས། 7
| -