ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: རྡོག་རྩ་ཆིག་སྒྲིལ

31.12.2015 13:09:32
རྨོངས་རྟུལ་ནག་པོ།

 

མཐོ་སྒང་བོད་པ་ཚང་གི་ནོར་བུ་ཞིག།

ཀ་ཁའི་རིན་ཐང་སྨྲ་བའི་མགོན་པོ་ཞིག།།

བོད་ཀྱི་ཚེ་སྲོག་སྐྱོབ་པའི་སྐྱེས་ཆེན་ཞིག།

དེ་རིང་དྲན་པའི་སེམས་པ་ཆུ་ཁོལ་ཁོལ།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ | མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 1953  

22.12.2015 12:22:27
རྨོངས་རྟུལ་ནག་པོ།

འཇིག་རྟེན་གདུང་གི་མུན་ནག་སྤྲིན་རུམ་ན།།
མཚར་སྣང་འཛིན་པའི་ཤེད་བུ་ཅི་མི་མཚར།།
ངན་བསམ་རྨུ་ཐག་ནག་པོས་གཟེབ་ལ་ཁེན།།
གཞན་སྐྱོན་རྔམས་ཀ་བརྟོལ་བའི་ཨ་ཙ་མ།།


  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 1142  

21.12.2015 10:26:07
རྨོངས་རྟུལ་ནག་པོ།

ཁེངས་པའི་བཟི་བའི་དྲེགས་ཚིག་གསོན་པོ་དེ་བློ་ལྡན་སུ་ཞིག་གི་རྣ་ལམ་དུ་བཞུར་བ་ན་རུས་རྐང་དང་སྙིང་དམར་གཟེར་བའི་གྲང་འདར་གྱི་བསམ་གཞིག་ཀློང་ནས་ཁྱེད་ལ་ཤ་ཚ་བའི་སྙིང་རྗེ་དུ་མ་ཞིག་ཆར་དུ་བསྙིལ་ངེས།     རེད།    ཁྱེད་ཀྱིས་གདན་སའི་གྲྭ་རྐྱང་རྣམས་སྐྱ་སིང་ངེར་ཐལ་བའི་མདོག་སྟེ་གོས་ལྭ་ཧྲུལ་པོའི་ནང་གི་དབུལ་ཕོངས་ཤིག་གི་འདུ་ཤེས་འཛིན་བཞིན་འཕྱ་སྨོད་དང་མཐོང་ཆུང་བྱེད་པར་ཁྱེད་རང་འདོད་པ་རེད།  

  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 1170  

20.05.2015 00:33:46
གངས་རིན་ཆེན།

ཁྱོད་དང་ང་ཚོའི་མིག་ཆུ་འདྲེས་ཡོད། བལ་ཡུལ་བ་སེམས་པ་མ་སྐྱོ།
ང་ཚོ་ཁྱོད་དང་གནས་སའི་གོ་ལ་གཅིག་ལ། འཚོ་སའི་ཁྱིམ་གཞི་གཅིག །  བདེ་སྡུག་གི་མྱོང་ཚོར་ཀྱང་གཅིག །སྐྱིད་ན་ངག་གི་དབྱངས་གཅིག་ལ། སྡུག་ན་མིག་གི་མཆི་མ་གཅིག ། རང་བྱུང་གི་གོད་ཁ་ཕོག་པའི་སྤུན་ཟླ་ཚོ། གནམ་སྔོན་པོ་འདི་ཡི་འོག་ཏུ་གདོད་མ་ནས་འཚོ་གནས་བྱེད་པའི་རིགས་རུས་དང་ཤ་མདོག་གཅིག་ཡིན་མིན་ལ་མ་ལྟོས་པ་རྒྱལ་ཁབ་དང༌། མི་དམངས།  གཞུང་དང༌། ཚོགས་པ། སྒེར་པ་དང༌། ཆོས་པ། དད་སྟོབས་ཅན་དང༌། འབྱོར་ལྡན་ཅན། ད་དུང་ལྷག་བསམ་ཅན།མདོར་ན། ཡོད་ཚད་ནས་ཡོད་ཚད་དང༌།

  རྡོག་རྩ་ཆིག་སྒྲིལ | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 0 བཀླཌ་ཐེངས།: 5972  

11.04.2012 12:34:10
འཆམ་ར་དྲི་མེད་རྒྱལ་མཚན།

ད་ལོའི་ཚོགས་ཆེན་འདི་སྒེར་གཅོད་རེད་དམ།
ན་ནིང་དམིགས་བསལ་ཚོགས་ཆེན་དེ་རྡ་སར་འཚོགས་པ་རེད་ལ། སྐབས་དེར་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་དེ་འདྲའང་བཏང་པ་རེད། བསྒྱུར་བཅོས་དེའི་གནད་ཆེ་ས་ཞིག་ནི། བོད་གཞུང་ཞེས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་ཀྱི་མིང་ཚིག་བླ་ན་མེད་པ་དེ་རྩ་མེད་བཏང་པ་རེད་ལ།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 3 བཀླཌ་ཐེངས།: 3561  

08.04.2012 05:25:39
འཆམ་ར་དྲི་མེད་རྒྱལ་མཚན།

དྲ་བདག་ཚོས་ཉོན་ཨང་། མེད་པ་བརྒྱད་ཀྱི་ཡར་ཞུ་ཡོད།
ཉིན་ཞག་དང་ཟླ་ངོ་མང་པོ་ཞིག་ཕྱིན་སོང་། བསམ་ཚུལ་དངོས་བརྒྱུད་གཉིས་ནས་ཞུས་ཡོད། འོན་ཀྱང་ཟིན་བྲིས་ར་བ་འདིར་དེང་སང་སྣང་མེད་ཀྱིས་ཟུར་འཇོག་བྱས་བྱུང་བས་རྒྱུ་མཚན་ག་རེ་ཐུག་པ་རེད། འདི་ལ་ཡོང་སྒོ་མེད་པས་རེད་དམ།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 5 བཀླཌ་ཐེངས།: 5142  

07.04.2012 11:25:58
འཆམ་ར་དྲི་མེད་རྒྱལ་མཚན།

༈ སྐར་མ་འཚོལ་གྱིན་པའི་ང་ཚོ།
ཆུང་ཆུང་ཆུང་ཆུང་ཞིག་གི་དུས་ནས
རང་གི་རྣ་བར་སྐར་ཚོགས་མང་པོ་དེའི་གཟུགས་བརྙན་གྲགས་ཞིང
རང་གིས་ཀྱང་སྐར་ཚོགས་དེ་དག་གི་རྣམ་པར་ཡིད་ལ་བཞེངས
ཉི་འོད་དང་ཁ་འཐབ་པའི་སྔོན་པོ་གནམ་གྱི་ངོས་ན

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 3287  

04.04.2012 02:15:55
འཆམ་ར་དྲི་མེད་རྒྱལ་མཚན།

ཆར་ཆུ་མེད་པའི་ལོ་ཟླ།
འུར་འུར་དུ་ལྡང་པའི་རླུང་དམར་དེའི་གསེང་ནས
ཐལ་རྡུལ་ཚོས་ངར་ཤུགས་གཅིག་ཏུ་བསྒྲིལ་ཏེ་གཡུལ་གཤོམ་སོང་ལ
གཡུལ་ས་ནས་ཁྱི་ལྡོམ་ཚོས་ཀྱང་ངུ་ཟུག་རེ་སྟོང་དབྱིངས་སུ་བསྐུར་བྱུང
རྩི་ཤིང་དང ཡལ་ག
བསམ་ཚུལ། 0 བཀླཌ་ཐེངས།: 3327  

01.04.2012 00:20:02
འཆམ་ར་དྲི་མེད་རྒྱལ་མཚན།

ད་དུང་ངོ་རྒོལ་འདི་དག་མུ་འཐུད་དགོས། བང་ཆེན་ཚགས་ཤོག་འདོན་ཐེངས་༣༧༩ པར་སྤེལ།
་                                                _____ཕྱི་གླིང་གི་མི་སེར་བོད་མི་ཚོ་མ་འཆུག་རོགས།
ད་ལྟའི་བོད་ཀྱི་འཐབ་རྩོད་འདི་ནི་༡༩༤༩ ལོ་ནས་འགོ་འབུས་པ་ཞིག་ཡིན་ལ། དེ་ནས་དགྲ་བོས་མགོ་སྐོར་དང་བསླུ་བྲིད་ཀྱི་རིགས་ལམ་འོག་ཏུ་བཙོན་འཇུག་དང་མུ་གེ དམར་གསོད་དང་སྡེབ་གསོད་སོགས་ཀྱི་མནར་གཅོད་རིམ་པ་བཏང་སྟེ།  བོད་ཀྱི་མུན་ནག་གི་ལོ་རབས་ཕྱེད་ལྷག་སོང་ཟིན།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 3456  

28.03.2012 07:08:02
འཆམ་ར་དྲི་མེད་རྒྱལ་མཚན།

༈ མེ་མདའི་འོག་གི་མེ་ལྕེའི་ཟུར་ནས་དགྲ་ནག་ལ་བཤད་པ།
_____འཆམ་ར་དྲི་མེད་རྒྱལ་མཚན།
ད་ལྟའི་ང་ཚོའི་མིག་མདུན་གྱི་བོད་ནི་ནམ་ཡང་དམར་ལྷམ་ལྷམ་དུ་འབར་གྱིན་པ་འདི་རེད། མེ་ལྕེ་འདི་ཚོའི་ནང་དུ་དེ་སྔོན་ཚེ་སྲོག་བཅུ་ཕྲག་གཉིས་ལས་བརྒལ་ཚར་སོང་། འོན་ཀྱང་ཁ་གཏད་ཀྱི་ཕྱོགས་ནས་གླེན་རྟགས་དང་། ཧམ་སེམས། ད་དུང་ཁྱད་གསོད་རྒྱུན་འཐུད་ཀྱིན་པ་ལས། དཀའ་རྙོག་འདིའི་མགོ་ཁུངས་འཚོལ་གྱིན་མི་འདུག་ལ།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 2 བཀླཌ་ཐེངས།: 3545  

25.03.2012 10:29:41
རླུང་ར་བ་ བློ་དགའ་།

ཁྲི་ཕྲག་ལོ་ལ་བརྒྱུས་པའི་འགྲོ་བ་ཡི་རིགས་ཤིག།
ས་ཆེན་འདི་ཡི་མགོ་བོའི་ཡ་ཐོད་ན་བསྐོས་ཀྱང་།
སྟོང་གཉིས་ལོ་ཚིགས་རྒས་པའི་གོད་ཁ་དང་སྡེབས་ནས།
ཡོད་ཚད་གཞན་དུ་ཤོར་ཡང་ཁོ་ཐག་དེ་མ་ཆོད་།


  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 3173  

24.03.2012 06:23:31
འཆམ་ར་དྲི་མེད་རྒྱལ་མཚན།

བྱང་ཤམ་བྷ་ལའི་དེང་སང་གི་གསར་འགྱུར་གལ་ཆེན་འགའ།
ཁ་སང་དེ་རིང་གི་ངའི་མདུན་རྒྱབ་ཚང་མ་སྟོན་རླུང་གྲང་མོ་ཞིག་གི་གསེང་ནས་འདབ་ལོ་སེར་པོ་རྣམས་རླུང་བུས་དལ་གྱིས་ཁྱེར་ཀྱིན་པ་ལྟར་རེད། མིག་ཆུ་རེས་བྲང་སྒོ་རྡུང་ནས་སྙིང་ནད་གཡག་རྭ་འདྲ་འདི་སེལ་ཐབས་མི་འདུག་ལ། དྲྭ་ངོས་སུ་ཅེར་བའི་མིག་མཐའ་ན་མེ་ལྕེ་དེ་ཆད་དུས་མི་འདུག་པས་ངའི་ལས་དབང་ལ་ངས་སྡོམ་ཁ་ཞིག་ལས་སླ་མོས་རྒྱག་ཐུབ་ཀྱིན་འདུག

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 4 བཀླཌ་ཐེངས།: 4862  

བསམ་ཚུལ། 18 བཀླཌ་ཐེངས།: 4986  

25.01.2012 05:34:27
འཆམ་ར་དྲི་མེད་རྒྱལ་མཚན།

མི་མང་ནི་ནམ་ཡང་ཁྱེད་ཚོའི་འགྲམ་ན་ཡོད།
_____ད་ནི་བོད་ཀྱི་འགོ་ཁྲིད་ཚོ་མ་འཆུག་རོགས།
ཕྱི་ལོ་གསར་པ་འགོ་བཙུགས་ནས་ཕྱི་ཚེས་༢༣ ཉིན་ཁམས་བྲག་མགོ་ནས་ཞི་རྒོལ་བྱས་ཏེ་དགྲ་ནག་གིས་བོད་མི་གཉིས་དམར་གསོད་བཏང་སོང་ལ། བོད་མི་སུམ་ཅུ་ཡན་མན་ཞིག་རྨས་མ་ཚབས་ཆེན་བཟོས་འདུག བོད་མི་བྱིངས་ནི་དྲག་པོའི་མཚོན་ཆ་འཕྱར་བའི་དམག་མི་ཚོས་མེ་མདའ་རྒྱག་ཆོག་ཆོག་གི་གནས་སྟངས་འོག་ལུས་ཡོད། ད་དུང་འདི་ནས་ཧ་མ་གོ་བ་ག་ཚོད་ཡོད་སྲིད་དམ།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 12 བཀླཌ་ཐེངས།: 3784  

19.01.2012 00:23:33
འཆམ་ར་དྲི་མེད་རྒྱལ་མཚན།

༅། །དུས་དབང་གི་སྔོན་གཞུག་ནས་བཏུས་པ།
སྟོང་ཆེན་ནམ་མཁའི་ངོས་ལ་འཕགས་པ་ཡི།།
ཤར་གྱི་ཟླ་བ་དཀར་མོའི་བསིལ་གྲིབ་འོག།།
སྐྱོ་བའི་བྲང་གོག་བཟེད་པའི་མི་རྐྱང་ལ།།
སྟོན་པ་དོན་ཀུན་གྲུབ་པས་གཉོར་སྐྱོང་གྱིས།།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 0 བཀླཌ་ཐེངས།: 3310  

13.01.2012 03:21:05
འཆམ་ར་དྲི་མེད་རྒྱལ་མཚན།

རྡོར་གདན་དུ་དུས་དབང་ཐེངས་༣༢ པར་བཅར་བ། བང་ཆེན་ཚགས་ཤོག་ཏུ་སྤེལ།
མི་ལོ་བཅུ་ཕྲག་ལྔའི་རྗེས་སུ་གཞིས་བྱེས་བོད་མི་འབོར་ཆེན་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ལྷན་འཛོམས་བྱུང་སོང་། ལྷན་འཛོམས་འདིའི་གསེང་ནས་འདས་པའི་བོད་ཀྱི་གཞིས་བྱེས་ཁ་བྲལ་བའི་ལོ་རྒྱུས་ནང་གི་གནད་དོན་མང་པོ་ཞིག་གསལ་པོར་བྱུང་ཡོད་ལ། གང་ཟག་སྒེར་སོ་སོར་མཚོན་ནའང་རང་ཡུལ་ནས་མི་ཡུལ་དང་། མི་ཡུལ་ནས་མི་ཡུལ་དུ་གྱེས་སོང་བའི་ནང་མི་བུ་ཕྲུག་ཐུག་འཕྲད་དང་། མ་བུ་མཉམ་འཛོམས་སོགས་ཀྱིས་མཚོན་ཧ་ཅང་ཁེ་ཕན་བྱུང་ཡོད།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 6 བཀླཌ་ཐེངས།: 5456  

02.01.2012 03:21:20
འཆམ་ར་དྲི་མེད་རྒྱལ་མཚན།

བོད་མི་ནང་འཁྲུག་ལ་ལམ་སྟོན་གྱི་ཐབས་ལམ། བང་ཆེན་ཚགས་ཤོག་ནང་སྤེལ་ཟིན། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ད་དུང་ཡང་དཔའ་བློ་ཁོག་ཟེར་བ་དེ་ནི་འཁྲུག་འཛིང་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་སྟབས་ཉེས་པ་ཞིག་ལ་འཁྲུག་འཛིང་དེའང་བོད་པ་ནང་ཁུལ་ལ་བསྐོར་ནས། ང་ཚོའི་སྤུན་ཟླ་མང་པོ་ཞིག་འཆི་ལམ་དུ་བཏང་དང་གཏོང་བཞིན་པའི་གནས་སྟངས་སྡུག་ཆགས་ཤིག་རེད།
  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 2 བཀླཌ་ཐེངས།: 3791  

27.12.2011 23:23:55
འཆམ་ར་དྲི་མེད་རྒྱལ་མཚན།

གོ་སྐབས་འདི་འཆོར་མི་ཉན། སྟབས་ཡག་པ་ཞིག་ལ་ད་ལོའི་དུས་འཁོར་དབང་ཆེན་སྐབས་སུ་བོད་ནས་བོད་མི་གང་མང་ཞིག་འབྱོར་བྱུང་། ཚོད་དཔག་བྱས་ན་ཁྲི་ཚོ་ཡན་མན་ཤོད་ཀྱི་འདུག འདི་ནི་དཔེར་ན་མ་དང་བུ་མོ་གཞིས་བྱེས་གྱེས་ནས་ཡོད་པ་དང་། སྤུན་དང་བཟའ་ཟླ་ཁ་འཐོར་ནས་ཡོད་པའི་བོད་མི་སྒེར་བའི་གནས་སྟངས་ལ་མཚོན་ན་སྐལ་བ་བཟང་པོ་ཞིག་ཡིན་པ་ལྟར།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 1 བཀླཌ་ཐེངས།: 3464  

07.12.2011 13:04:05
འཆམ་ར་དྲི་མེད་རྒྱལ་མཚན།

༈ རོགས་ཅོ་རི་བ་སོགས་ལ་དུས་ཐུང་ནང་གི་གླུ་ཐུང་ཞིག་བླངས་པ།
གླུ་མི་ལེན་གླུ་སྐད་ང་ལ་མེད།།
ངའི་མགྲིན་པའི་ནང་ན་མིག་ཆུ་ཡོད།།
ཆུ་རྦ་རླབས་གསེང་གི་སྐད་ཅོར་འདི།།
སྡུག་སྡུག་བསྔལ་འབོད་པའི་ཨམ་སྐད་ཡིན།།

  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 1 བཀླཌ་ཐེངས།: 2272  

24.10.2011 11:42:39
འཆམ་ར་དྲི་མེད་རྒྱལ་མཚན།

སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་།
བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་འདི་ནི། བོད་ཀྱི་བཅུ་ཕྲག་རིག་གནས་ལ་ཤ་ཚ་བའི་བྱ་བཟང་ལག་ལེན་དུ་དངོས་སུ་འདེབས་མཁན་གྱི་མི་སྣའི་གྲས། ཁྲོཾ་ཐར་མཁན་པོ་འཇམ་བློ་ལགས་ཀྱིས་དཀའ་བ་བརྒྱ་ཕྲག་ལ་བརྟེན་ནས་གྲུབ་པ་ཞིག་རེད།
  རྡོག་རྩ་ཆིག་སྒྲིལ
བསམ་ཚུལ། 7 བཀླཌ་ཐེངས།: 2392  

ཤོག་ངོས། 1 ནས། 4
| -