ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཆན།: ཞི་བདེའི་ཟིན་བྲིས།

16.07.2011 07:13:56
ལོག་སྨྲ་ཚར་གཅོད།

༄ ༅། །ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་ གནང་བའི་ནང་གསལ་ལྟར་ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་གདན་ཞུས་ མཇལ་འཕྲད་ཞུ་གཏན་འཁེལ་འདུག  སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྔ་ལོའི་ཕྱི་ཟླ་ ༢ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཞུས་ཡོད།


  ཞི་བདེའི་ཟིན་བྲིས།
བསམ་ཚུལ། 1 བཀླཌ་ཐེངས།: 2462  

05.09.2009 17:38:23
གཡུ་འབྲུག་སྔོན་མོ།

བློ་མཐུན་རྣམ་པ་དང༌། གྲོགས་པོ་རྣམ་པ་ཚོ། ངའི་སྐད་ཆའི་མཇུག་འགྲིལ་ཉེའི་སྐབས་འདིར་ངས་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུ་ནི། དེ་རིང་ང་ཚོ་འདི་གར་དགའ་སྤྲོ་མཉམ་འཛོམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱ་རྒྱུར་འབྲེལ་ཡོད་གནད་དོན་རྣམས་ལ་གྲོས་བསྡུར་བྱེད་པའི་སྐབས་འདིར་རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་རང་ཤུགས་སུ་དྲན་གྱི་འདུག

  ཞི་བདེའི་ཟིན་བྲིས།
བསམ་ཚུལ། 0 བཀླཌ་ཐེངས།: 7231  


| -