ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.05.2013 08:06:57
གངས་དཀར་སེམས།

ཁྱོད་རང་ཉལ་སྟངས་གང་འདྲ་ཡིན་ནམ། ཚོད་ལྟ་ཞིག་བྱོས་དང་།

 

images/stories/blog_images/Ganglha/1.jpg༡།    ཁ་སྦུབས་ལོག་ནས་ཉལ་བ།

 

ཉལ་སྟངས་འདིའི་འགྲེལ་བཤད།  གལ་ཏེ་ཁྱོད་མཚན་གང་ཁ་སྦུབས་ལོག་ནས་ཉལ་གྱི་ཡོད་ན་ཁྱོད་ནི་སེམས་ཁམས་གུ་དོག་ཅན་ཞིག་དང་། ད་དུང་བདག་འཛིན་ཆེ་བའི་མི་ཞིག་ཡིན།  ཁྱོད་ཀྱིས་ཐོག་མཐའ་བར་གསུམ་དུ་གཞན་གྱིས་ཁྱོད་ཀྱི་རེ་བ་དང་འཚམ་དགོས་ཟེར་ནས་གཉའ་གནོན་སྤྲོད་ཀྱི་ཡོད་པ་དང་།  རང་ལ་དགོས་པ་དེ་གཞན་ལའང་དགོས་པར་ངོས་འཛིན་བྱེད་ཀྱི་མེད།  ཁྱོད་ནི་གཞན་གྱི་སེམས་ཚོར་ལ་རྩ་བ་ཉིད་ནས་སྣང་མེད་ལྟ་མཁན་ཞིག་དང་།  ཡང་ན་དེར་དོ་སྣང་མེད་མཁན་ཞིག་ཡིན་པས་།   ད་ནས་བཟུང་ཉལ་སྟངས་དེ་བློས་གཏོང་བྱ་བའི་དུས་ལ་སླེབས་ཡོད།


 

images/stories/blog_images/Ganglha/2.jpg༢།   ཁ་ཟུར་ལ་འཁོར་ཞིང་ཕྲག་པར་བསྙེས་ནས་ཉལ་བ།

 

ཉལ་སྟངས་འདིའི་འགྲེལ་བཤད།   གཟུགས་པོ་འཁུམ་ནས་ཉལ་མཁན་དང་མི་འདྲ་བ།  ཁྱོད་རང་ནི་གུས་ཞབས་དང་དྲང་ཚུགས་ལྡན་ཞིང་དགའ་འོས་པའི་མི་ཞིག་རེད།  འོན་ཀྱང་སྐྱོན་མེད་མཁན་ཞིག་འཇིག་རྟེན་འདིར་དཀོན་པོ་ཡིན་ཕྱིན།  ཁྱོད་རང་གི་འཚོ་བའི་གནད་ཆེ་ས་དེ་ངེས་པར་དུ་སྤོབས་པ་གསོ་སྐྱོང་བྱ་རྒྱུ་ནས་འགོ་བརྩམས་དགོས།  ཁྱོད་ཀྱིས་ནོར་འཁྲུལ་དང་འཐུས་ཚང་མིན་པའི་གནས་སྟངས་ལ་ཁ་ཕྱོགས་སྟངས་སྦྱོང་དགོས་ཤིང་།  གནས་སྟངས་དེ་ནི་དོན་དངོས་ཐོག་སོ་སོ་འཚར་ལོངས་ཡོང་བར་དགོས་ངེས་ཡིན་པར་ཤེས་རྟོག་བྱེད་དགོས།  དེ་འདྲ་བྱས་ན་བདེ་སྐྱིད་ཀྱང་དུས་མཚུངས་སུ་ཁྱོད་རང་ལ་ཁ་ཕྱོགས་ནས་ཁྱོད་ཀྱི་རྗེས་སུ་འབྲངས་སྲིད་པ་རེད།

 

images/stories/blog_images/Ganglha/3.jpg༣།  ཁ་ཟུར་ལ་འཁོར་ནས་རང་སོར་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།  ཉལ་སྟངས་འདིས་ཁྱོད་ནི་སྤོབས་པ་དང་ལྡན་པ་ཞིག་ཡིན་པར་མངོན་ཡོད།  ཁྱོད་རང་གི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་གནས་ཚུལ་ག་རེ་ཡིན་ཡང་རྒྱལ་ཁ་ཐོབ་ཀྱི་ཡོད།  མི་འདིའི་རིགས་ཀྱིས་སོ་སོའི་གོམས་གཤིས་ལྟར་ཕྲག་པར་བསྙེས་ནས་ཁ་ཟུར་ལ་འཁོར་ནས་རང་སོར་ཉལ་གྱི་ཡོད།  ཉལ་སྟངས་འདིས་མ་འོངས་པར་མི་འདི་དབང་ཤུགས་ལྡན་པའི་ཕྱུག་པོ་ཞིག་ཆག་རྒྱུ་ཡིན་པར་བཏོན་གྱི་ཡོད།

 

images/stories/blog_images/Ganglha/4.jpg༤།  གཟུགས་པོ་འཁུམ་ནས་ཟུར་ལ་ཉལ་བ།

 

ཉལ་སྟངས་འགྲེལ་བཤད། ་ ཉལ་སྟངས་འདིས་ཁྱོད་ལ་བདེ་འཇགས་མེད་པའི་སེམས་ཚོར་ཞིག་མངོན་གྱི་ཡོད་པར་བརྟེན།  ཁྱོད་རང་ལ་བདག་འཛིན་ཆེ་ཞིང་ཕྲག་དོག་དང་འཁོན་སེམས་སྐྱེས་སྲིད་པ་རེད། གང་ཡིན་ཟེར་ན་ཁྱོད་ནི་ཁོང་ཁྲོ་ལངས་སླ་བ་ཞིག་ཡིན་སྟབས།   ཁྱོད་རང་གི་ཉེ་འཁོར་དུ་ཡོད་པའི་མི་རྣམས་ངེས་པར་དུ་ཁོ་ལ་ཧ་ཅང་ཡིད་གཟབ་བྱེད་བཞིན་ཁྱོད་ཀྱི་སྡུག་ངལ་བསྐྱར་ལངས་མི་ཡོང་བ་དང་། ཁོང་ཁྲོ་མི་ལོངས་པའི་ཐབས་ཤེས་བྱེད་ཀྱི་ཡོད།

 

images/stories/blog_images/Ganglha/5.jpg༥།   ཕྱོགས་གཅིག་ལ་རྐང་པའི་སྤུས་མོ་ཡ་གཅིག་འགུག་སྟེ་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།  ཁྱོད་ཀྱི་གཤིས་ཀ་ནི་ཧ་ལས་ལས་དང་ཧོན་ཐོར་ཐོར་བྱེད་རྒྱུར་དགའ་ཞིང་།  དེ་མིན་གཞན་གྱིས་ཁྱོད་རང་ལ་དགའ་སྤྲོ་སྦྱིན་རྒྱུ་དཀའ་མོ་རེད།  ཁྱོད་རང་རྒྱུན་དུ་གཞན་ལ་རྙོགས་དྲ་བཤད་རྒྱུ་དང་གནས་ཚུལ་ཡོངས་ལ་བློ་ཡིད་ཚིམས་པ་ཞིག་ཡོང་མྱོང་མེད།   དེར་བརྟེན་བློ་འཚབ་ནི་ཁྱོད་ཀྱི་མིང་གཞན་ཞིག་རེད།  ཁྱོད་རང་ལམ་སེང་རྔང་སྐྲག་ལངས་རྒྱུ་དང་།  དོན་དག་ཆུང་ཙག་རིགས་ལའང་ཧོན་ཐོར་མདོག་བྱེད་ཀྱི་ཡོད།  ཁྱོད་རང་ངེས་པར་དུ་སོ་སོར་འཚོ་བ་ནི་ཧང་སང་དགོས་པ་ཞིག་མིན་བསྐུལ་མ་གཏོང་དགོས་པ་དང་།  སེམས་པ་ལྷོད་ལྷོད་དགོས་པ་ཤེས་འཇུག་དགོས།

 

images/stories/blog_images/Ganglha/6.jpg༦།   རྐང་ལག་བཀྲམ་ཞིང་ཁ་ཡར་ལོག་ནས་ཉལ་སྟངས།

 

ཉལ་སྟངས་འགྲེལ་བཤད།  དེ་ནི་ཆེས་རང་དབང་དང་དགའ་ཚོར་གྱི་སེམས་ཁམས་གཅིག་རེད་ཨང་།  ཉལ་སྟངས་འདིས་ཁྱོད་རང་དྲང་ཚུགས་ཀྱི་རང་གཤིས་མངོན་ཐུབ་ཅིང་།  ཁྱོད་ནི་གཞན་ལ་ལྷོད་དལ་གྱི་བག་ཆགས་སྦྱིན་མཁན་གྱི་བཟའ་ཟླ་ཞིག་དང་།  མཛེས་སྡུག་ལ་དད་འདུན་བཅང་མཁན་ཞིག་ཡིན་པར་ཚོར་ཐུབ།  འོན་ཀྱང་དུས་མཚུངས་སུ་ཁྱོད་རང་བག་མེད་ལོངས་སྤྱོད་བྱེད་མཁན་ཞིག་ཀྱང་ཡིན་པར་གསལ།  ཡིན་ཡང་སྟབས་ལེགས་པ་ཞིག་ལ་ཁྱོད་ནི་དངུལ་སྒོར་མང་པོ་བསགས་ཐུབ་མཁན་ཞིག་ཡིན།  ཁྱོད་ཀྱི་གཤིས་ཀའི་ནང་ད་དུང་དགའ་སྤྲོ་མིན་པའི་ཁྱད་ཆོས་ཤིག་ཡོད།  མང་ཉུང་ལ་མ་ལྟོས་པར་གནས་ཚུལ་ག་རེ་ཡིན་ནའང་ཇུས་རྟོག་དགོས་པའི་སེམས་ཁམས་ཤིག་དང་།  དེ་བས་ཐབས་སྡུག་པ་ཞིག་ནི་གཞན་གྱི་མཐོང་སྣང་ལ་ཁྱོད་ནི་རྒྱང་བཤད་བྱེད་རྒྱུར་དགའ་པོ་ཡོད་མཁན་ཞིག་རེད། ད་ནས་བཟུང་མི སུ་འདྲ་ཞིག་ཁྱོད་ཀྱི་སྒྲུང་གཏམ་ནང་གི་གཙོ་བོ་མི་སྣ་འགྱུར་སྲིད་དམ།

 

images/stories/blog_images/Ganglha/7.jpg༧།   ལག་གཉིས་མགོ་རྒྱབ་ཏུ་བཞག་ནས་ཐད་ཀར་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།  ཁྱོད་ལ་ཚོད་མཐོའི་བློ་གྲོས་དང་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་ལྡན།  ཡིན་ཡང་སྐབས་འགར་ཁྱོད་རང་ལ་ཁྱོ་མེད་ཀྱི་བསམ་བློ་དེ་འདྲའང་འཁོར་གྱི་ཡོད།   དེ་ནི་གཞན་གྱིས་བསམ་གཞིགས་དཀའ་ཞིང་ཁྱོད་ཀྱིས་བསམ་པ་ལྟར་ཡོང་ཐབས་མེད་པ་རེད།  ཁྱོད་རང་ཁྱིམ་མི་རྣམས་ལ་གཡོག་བྱ་མཁས་པའི་མི་ཞིག་རེད།  འོན་ཀྱང་ཁྱོད་རང་གཞན་ལ་བརྩེ་དུང་བཅང་དཀའ་བའི་མི་ཞིག་ཀྱང་ཡིན་སྟབས་གཞན་གྱིས་ཁྱོད་ལ་བསམ་བློ་གཏོང་དཀའ་བ་ཞིག་ཀྱང་མ་ཡིན་ནམ།

 

images/stories/blog_images/Ganglha/8.jpg༨།   རྐང་པ་གཅིག་ཐོག་གཅིག་བརྩེགས་ཀྱིས་ཐད་ཀར་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།   རྐང་པ་གཉིས་གཅིག་ཐོག་གཅིག་རྩེགས་ཀྱིས་ཉལ་སྟངས་འདིའི་མི་ལ་སོ་སོར་དགའ་སྣང་ཤུགས་ཆེར་ཡོད་མཁན་གྲལ་རེད།  མི་འདིའི་གྲལ་ནི་འཚོ་བའི་གཏན་འབེབས་ལྟ་བུའི་གོ་རིམ་ལ་གོམས་ལོབ་སོང་བར་བརྟེན།  འཚོ་བའི་ཐོག་གི་འགྱུར་ལྡོག་རིགས་ལ་ཁ་ཕྱོགས་དཀའ་མོ་ཆགས་ཀྱི་ཡོད།   ཁེར་རྐྱང་ནི་ཁྱོད་ཀྱིས་གདམ་ཁ་ཡག་ཤོས་ལ་ངོེས་འཛིན་བྱེད་ཡོད་ངེས།  ཕྱོགས་གཞན་ནས་བཤད་ན་ཁྱོད་རང་གནས་ཚུལ་ཐག་གཅོད་ཐུབ་པའི་འཇོན་ཐང་དེའང་ཁྱོད་ཀྱི་བཟོད་སྒོམ་ཚ་པོ་དེས་གཉའ་གནོན་འོག་བྱུང་བ་ཞིག་ཡིན་སྲིད་པ་རེད།

 

images/stories/blog_images/Ganglha/9.jpg༩།  ཉལ་སྟངས་གཞན་དག  རྐང་ལག་རྣམས་ལུས་ལ་སྦྱར་ནས་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།  མཛེས་སྡུག་ལྡན་པའི་འདས་ཟིན་གྱི་དྲན་གསོའི་གཞོགས་འདེབས་འོག་ཁྱོད་རང་གི་ཁེར་རྐྱང་དང་སྐྱོ་གདུང་ཚོར་བཞིན།  ཕམ་ཁའི་དཀའ་ཚེགས་འོག་ནས་ཐར་མ་ཐུབ་པར་བསྡད་ཡོད་སྲིད།   གནས་སྟངས་དེ་འདྲར་བརྟེན་ནས་ཁྱོད་ནི་འདྲི་དོག་ཁོ་ནའི་འོག་མདུན་སྤྱོད་མི་བྱེད་མཁན།  ཉོབས་སྣང་ཆེ་བའི་མི་ཞིག་ཡིན་སྲིད།  དེ་ལྟར་ཁྱོད་ཀྱིས་གཞན་ལ་བཞག་པའི་རྣམ་པ་དེ་ནི་བརྩེ་བ་ནི་ཁྱོད་དང་གཏན་བྲལ་གྱུར་ཟིན་པ་ལྟར་རེད།

 

images/stories/blog_images/Ganglha/10.jpg༡༠།   ཉལ་སྟངས་གཞན་དག  ཉལ་ཆས་ཀྱིས་ལུས་ཡོངས་བསྟུམ་ནས་ཉལ་བ།

 

ཉལ་སྟངས་འགྲེལ་བཤད།   ཁྱོད་རང་མི་ཚོགས་འདུས་སྡོད་ས་ནས་གུ་ཡངས་དང་སྟེར་བཟོ་དོད་པ་ལྟར་མངོན་ཞིང་།   བག་ཕེབས་བའི་རྣམ་པ་ཞིག་ཡིན།  འོན་ཀྱང་ཁྱོད་ཀྱི་སེམས་གཏིང་དུ་ཁྱོད་ནི་ངོ་ཚ་རྨིན་པོ་དང་ཉམས་ཆུང་ཞིག་རེད།  གལ་ཏེ་ཁྱོད་ལ་གཅིག་རྗེས་གཉིས་མཐུད་ཀྱི་དཀའ་ངལ་འཕྲད་ཚེ། ཁྱོད་ཀྱིས་སྡུག་ངལ་དང་རྙོགས་དྲ་དེའི་གནས་སྟངས་མྱོང་ནས་བསྡད་འདོད་ལས་གཞན་ལ་རེ་འདུན་བཏོན་ནས་རོགས་རམ་འཚོལ་འདོད་མེད་པ་རེད།   དེའང་ཡིན་ཏེ་ཁྱོད་རང་ཉལ་ནས་ཡོད་སྐབས་ཁྱད་མཚར་བ་དེ་འདྲ་བྱེད་ཀྱི་ཡོད་པས་རེད།

 


  གངས་དཀར་སེམས།
 

07.05.2013 10:11:30

རྩོམ་སྒྲིག་པར་ཞུ་རྒྱུ། ངས་པར་རིས་ཆུང་ངུ་བཅུ་འདིར་འཇོག་བསམ་ཡང་ལམ་ལྷོང་མ་བྱུང་བས་་ཁྱེད་ཀྱི་འཕྲིན་ཐུང་གི་འབྲེལ་བྱང་ངམ། ཡང་ན་ངོ་དེབ་ཀྱི་མཚན་བྱང་ཞིག་གནང་རོགས་་་ངས་ཁྱེད་ལ་རི་མོ་དེ་དག་བསྐུར་ཆོག་་ཐུགས་རྗེ་ཆེ་ལགས།

 
 
07.05.2013 14:22:27

གངས་ལྷ་ལགས་ཉལ་སྟངས་མང་པོ་མ྄ཁྱེན་གྱི་འདག་ཨ།

 
 
08.05.2013 00:39:57

མཁྱེན་ཡངས་གངས་ལྷ་ལགས། ཐུགས་རྗེ་ཆེ། སྐུ་ཉིད་ནས་གློག་འཕྲིན་ཁ་བྱང་འདིའི་ychoesang@gmail.comཐོག་པར་རིས་དེ་ཚོ་གཏོང་གནང་རོགས།

 
 
08.05.2013 00:56:22

ཕུལ་ཡོད།   ཆོས་བཟང་ལགས་ཐུགས་རྗེ་ཆེ་ལགས།

 
 
08.05.2013 01:57:04

:སྐུ་ཉིད་ནས་བཏང་གནང་བའི་པར་རིས་རྣམས་ཨང་རིམ་ལྟར་དྲ་ངོས་སུ་བཀོད་ཟིན་ཡོད་པས་གཟིགས་ཞིབ་གནང་རོགས། up:

 
 
08.05.2013 10:32:20

ལགས་སོ།   ཐུགས་རྗེ་ཆེའོ་ཞུ།

 
 
08.05.2013 11:59:36

དངོས་གནས་དཀའ་ལས་མང་པོ་རྒྱབ་འདུག་ཐུགས་རྗེ་ཆེའོ།།

 
 
13.05.2013 01:26:13

ངའི་ཉལ་སྟངས་ནི་དེའི་ནང་དུ་ཚོད་མི་འདུག་་་

 
 
13.05.2013 01:42:56

ངོ་ཚ་ཏོག་ཙམ་སྦྲགས།   ང་ཉལ་སྟངས་་་༦་་པ་རེད་་་་ཧུཧུཧུཧུཧུ་་་

 
 
13.05.2013 01:52:04

ཨོ་་་་་ཧོ་་་་ཉལ་སྟངས་ ༡ དང་ཏག་ཏག་རེད་་་་་་

 
 
18.05.2013 11:35:13

ཨ་ཅག་གངས་ལྷ་ཉལ་སྟངས་དྲུག་པ་དེ་ཡིན་ན་ངག་དབང་བྱམས་པར་ངོ་མ་སྐུ་བསོད་ཡོད་འདུག་ཨ། ཁོས་དཀའ་ལས་རྒྱག་ཡ་གོ་ཆོད་འདུག་ད།

 
 
19.05.2013 01:06:50

དྲ་གྲོགས་རིག་པའི་གླེང་བུ་ཟེར་སྟངས་དེ་ལ་ལྟོས་དང་་་་་་ངོ་ཚ་བ་ལ་་་་་་་ཧུཧུཧུཧུཧུ་་་་་་་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -