ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.05.2013 10:37:49
གངས་དཀར་སེམས།

/images/idoblog/upload/blog-photos/9.jpg
༡། གེ་རི་སིའི་རྒྱལ་ཁབ་ཀྱི་སྙན་ངག་པ་ཧཱེ་མཱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་Hima ཁོང་ནི་ཕལ་ཆེར་དུས་རབས་བརྒྱད་དང་དགུ་ཙམ་དུ་གནའ་དུས་ཀྱི་ཀཱི་རི་སའི་རྒྱལ་ཁབ་ཀྱི་སྙན་ངག་པ་ཞིག་རེད་འདུག ཆུང་དུས་ཤར་གླིང་ཆུང་ཆུང་ཞེས་འབོད་སྲོལ་ཡོད་པའི་སར་སྐྱེས། མིག་གཉིས་ལོང་བ་ཞིག་རེད། ཁོང་གིས་ལོ་རྒྱུས་ཀྱི་སྙན་ངག་དབྱི་ལི་ཡ་ཐེ་ཞེས་པ་དང་། ཨཱོ་ཟེ་ཏི། ཟེར་བའི་དེབ་གཉིས་བརྩམས་དེབ་དེ་གཉིས་ལ་བསྡུས་མིང་ཧཱེ་མའི་ལོ་རྒྱུས་སྙན་ངག་ཅེས་འབོད། དེང་དུས་དེའི་སྐོར་རྒྱུ་ཆ་ཁུངས་ལྡན་གྱིས་ཁོང་འཇིག་རྟེན་འདིར་བྱོན་མྱོང་བ་ར་སྤྲོད་གསལ་པོ་མེད་སྟབས། ཡང་ལ་ལས་ཧཱེ་མ་ཁོང་ནི་གཏམ་བརྗོད་ནང་བཀོད་སྒྲིག་བྱས་པའི་མི་སྣ་ཞིག་རེད་ཀྱང་ཟེར་སྲོལ་ཡོད། དེ་མིན་ཧཱེ་མའི་ལོ་རྒྱུས་སྙན་ངག་དེབ་ཅེས་པའི་སྐོར་རྩིས་རིག་མཁས་དབང་མང་དག་ཅིག་གིས་དེ་ནི་དུས་རབས་ཁ་ཤས་སོང་ཟིན་པའི་ནང་ལོ་རྒྱུས་ཐོག་གི་ངག་རྒྱུན་ཀྱི་སྙན་ངག་ཕུལ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག


༢། དབྱི་ཊ་ལི། རྒྱལ་ཁབ་ཀྱི་ཚིག་སྦྱོར་རིག་པའི་རྩོམ་པ་པོ་གྲགས་ཅན་ཏཱན་ཏིང།་་་་་་་་་་་་་་་་Dante ཨཱ་ལི་ཀེ་རི་ཏྭན་ཏིང་། ཕྱི་ལོ་༡༢༦༥འཁྲུངས། ཕྱི་ལོ་༡༣༢༡འདས། དུས་རབས་བཅུ་གསུམ་མཇུག་ཏུ་དབྱི་ཏ་ལིའི་རིག་གནས་གསར་དར་སྔོན་དུ་ཧྥོ་ལོ་ལུན་ས་ཟེར་བའི་ས་དེར་རླབས་ཆེན་གྱི་སྙན་ངག་པ་ཁོང་འཁྲུངས། ཁོང་ནི་དབྱི་ཏ་ལའི་སྙན་ངག་པ་ དང་སྐད་ཡིག་གི་རྩ་བ་འཛུགས་མཁན་ཡིན། ཡཱོ་རོབ་རིག་གནས་སྐྱར་དར་སྐབས་ཀྱི་གསར་གཏོད་མི་སྣ་གྲལ་རེད། ཁོང་གི་སྙན་ངག་རིང་མོ་ལྷའི་རོལ་དབྱངས་ཅེས་པ་དེས་གྲགས་པ་ས་གདན་དུ་བཞགས། དེ་བཞིན་ཁོང་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆེས་ཕུལ་བྱུང་གི་སྙན་ངག་པ་ཞིག་དང་། འཛམ་གླིང་ཡོངས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག ཁོང་ལ་ཨཱོ་རུ་སུག་གི་འགོ་གཙོ་ཨཱན་གེ་སིས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་མཇུག་བསྒྲིལ་བ་དང་དེང་རབ་མ་རྩ་རིང་ལུགས་དུས་ཀྱི་འགོར་མི་སྣ་གཙོ་གྲལ་ཞིག་ཡོད་པ་དེ་ནི་དབྱི་ཏ་ལའི་ཏཱན་ཏིང་རེད། ཁོང་ནི་དུས་རབས་དཀྱིལ་མའི་མཐའ་མཇུག་གི་སྙན་ངག་པ་ཞིག་དང་། དུས་མཚུངས་སུ་དུས་རབས་གསར་མའི་འགོ་ཙམ་གྱི་སྙན་ངག་པ་ཞིག་རེད་། ཅེས་བཤད་ཡོད།

images/idoblog/upload/blog-photos/2.jpg༣། ཇཱ་མན་ནིའི། སྙན་ངག་པ་དང་ཟློས་གར་རྩོམ་པ་པོ་གྲགས་ཅན་བསམ་བློ་བ་ཀཱེ་ཏེ།་་་་་་་་་་་་་་་་་་་་Kate ཁོང་ནི་ཕྱི་ལོ་ ༡༧༤༩  ཟླ་ ༨ ཚེས་ ༢༨ ཉིན་འཁྲུངས།  ཕྱི་ལོ་ ༡༨༣༢ ཟླ་ ༣ ཚེས་ ༢༢ ལ་གྲོངས། དབྱིང་ཆུ་འགྲམ་གྱི་ཧྥ་ལན་ཁེ་ཧྥུར་འཁྲུངས། གཏམ་བརྗོད་རྩོམ་པ་པོ་དང་སྙན་ངག་པ། རང་བྱུང་གི་ཚན་རིག་མཁས་དབང། རྒྱུ་རྩལ་རིག་པའི་གཞུང་ལུགས་སྨྲ་བ་པོ་དང་ཆབ་སྲིད་མི་སྣ་བཅས་ཡིན། ཁོང་ནི་ཝེ་མའི་སྲོལ་རྒྱུན་དམིགས་དཔེར་འོས་པའི་གྲགས་ཅན་གྱི་གཙོ་བོ་མི་སྣ་ཞིག་རེད། གཏམ་བརྗོད་དང་སྙན་ངག ལྷུག་རྩོམ་གྱི་གསར་གཏོད་མཁན་ཞིག་ཡིན་པའི་ཆ་ནས་ཁོང་ནི་ཇཱ་མན་ནི་རྒྱལ་ཁབ་ཆེས་རླབས་ཆེན་གྱི་རྩོམ་པ་པོ་ཞིག་དང་། དུས་མཚུངས་སུ་འཛམ་གླིང་རྩོམ་རིག་གར་སྟེགས་ཐོག་ཆེས་ཕུལ་བྱུང་དང་འོད་སྟོང་འབར་བའི་མི་སྣ་ཞིག་རེད་འདུག

 

 

 

༤། དབྱིན་ཇིའི། སྟོང་བསམ་རིང་ལུགས་པའི་སྙན་ངག་པ་པཱེལ་ལུན། ་་་་་་་་་་་་་་་་་Byron ཅཱོ་ཏྲི་པཱེ་ལོན་ནི་ཕྱི་ལོ་ ༡༧༨༨ ལོར་འཁྲུངས།  ༡༨༢༤ ལོར་གྲོངས། དབྱིན་ཇིའི་དུས་རབས་བཅུ་དགུའི་འགོའི་སྐབས་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཅན་ཞིག་གོ བརྩམས་ཆོས་ལ་ཆཱ་ཨར་ཧ་ལོ་ཏེ་ཡིས་ཡུལ་བསྐོར་ཟིན་ཐོ་ཞེས་པ་དང་། ཐཱང་ཧོང་སོགས་ཡོད། ཁོང་གི་སྙན་ངག་ནང་པཱེ་ལུན་ལུགས་ཀྱི་དཔའ་བོ་ཞེས་པའི་རྩོམ་པ་པོ་ཁྱུ་ཞིག་གསོ་སྐྱོང་བྱས་པར་སྐད། ཁོང་ནི་རླབས་ཆེན་གྱི་སྙན་ངག་པ་ཞིག་དང་མི་ཚེའི་ཕུག་བསམ་ཕྱིར་འཐབ་རྩོད་བྱེད་མཁན་དཔའ་རྒོད་ཅིག་རེད་འདོད། ཁོང་གིས་ཧུར་བརྩོན་ཆེན་པོས་གསར་བརྗེའི་ནང་ཞུགས་ཅིང་། ཀཱི་རི་སའི་མི་རིགས་བཅིངས་འགྲོལ་གྱི་ལས་འགུལ་ནང་བཞུགས་མྱོང་བ་མ་ཟད་ལས་འགུལ་ཆེན་པོ་དེའི་འགོ་འཁྲིད་མི་སྣ་གྲལ་ཡང་ཡིན་འདུག

 

 

 

༥། དབྱིན་ཇིའི་རིག་གནས་གསར་མའི་སྐབས་ཀྱི་ཟློ་གར་དང་ཚིག་སྦྱོར་རིག་པའི་ཆེད་མཁས་ཧྲཱ་ཧྲི་པི་ཡ།་་་་་་་་shakespeare ཧྲཱ་ཧྲི་པི་ཡ། ཕྱི་ལོ ༡༥༦༤ ཟླ་ ༤ ཚེས་ ༢༣ ཉིན་འཁྲུངས། ཕྱི་ ལོ ༡༦༡༦ ཟླ་ ༤ ཚེས་ ༢༣ ཉིན་འདས། དབྱིན་ཇིའི་རྩོམ་རིག་སྐྱར་དར་སྐབས་ཀྱི་རླབས་ཆེན་གྱི་གཏམ་བརྗོད་རྩོམ་པོ་པོ་དང་སྙན་ངག་པ། ཡཱོ་རོབ་རིག་གནས་སྐྱར་དར་སྐབས་ཆེས་ཕུལ་བྱུང་གི་རྩོམ་པ་པོ་གྲངས་ཅན་ཞིག་རེད། འཛམ་གླིང་ཡོངས་ཀྱི་རྩོམ་རིག་མཁས་དབང་གྲལ་ཡོད་ཅིང་། བརྩམས་ཆོས་ཟློས་གར་རིགས་སོ་བརྒྱད་དང་། སྙན་ངག་ཡིག་ཕྲེང་བཅུ་བཞི་ཞེས་པའི་སྙན་ངག་མི་འདྲ་བ་བརྒྱ་དང་ང་ལྔ་ཡོད། གཞན་ཡང་ལོ་རྒྱུས་འབྲི་བཀོད་ཀྱི་སྙན་ངག་རིང་པོ་གཉིས་དང་སྙན་ངག་གཞན་ཡང་མང་པོ་བྲིས་ཡོད་འདུག ཁོང་གི་བརྩམས་ཆོས་རིགས་སྐད་རིགས་གཞན་སྣ་ཚོགས་སུ་བསྒྱུར་ནས་འཁྲབ་སྟོན་བྱས་ཡོད་པའི་གྲངས་ཀ་དེ་རྩོམ་པ་པོ་གཞན་ལས་མང་བ་ཡོད།

 

 

 

༦། ཕཱ་རན་སའི། རྩོམ་པ་པོ་གྲགས་ཅན་ཡུ་གོ ་་་་Hugo ཡུ་གོ ཕྱི་ལོ ༡༨༠༢ ཟླ་ ༢ ཚེས་ ༢༦ ཉིན་འཁྲུངས། ༡༨༨༥ ལོའི་ ཟླ་ ༥ ཚེས་ ༢༢ ཉིན་འདས་གྲོངས་སུ་གྱུར། ཁོང་ནི་ཧྥ་རན་སི་རྒྱལ་ཁབ་ཏུ་འཆར་ཡན་རིང་ལུགས་པའི་འཐུས་གཙོར་འོས་པའི་རྩོམ་པ་པོ་ཞིག་ཡིན། དུས་རབས་བཅུ་དགུའི་དུས་འགོ་ཙམ་ཧུར་བརྩོན་ཆེ་བའི་འཆར་ཡན་རིང་ལུགས་པའི་རྩོམ་རིག་ལས་འགུལ་གྱི་འགོ་འཁྲིད་རེད། ཧྥ་རན་སིའི་རྩོམ་རིག་གི་ལོ་རྒྱུས་ཐོག་ཕུལ་བྱུང་གི་རྩོམ་པ་པོ་རེད། ཁོང་ནི་དུས་རབས་བཅུ་དགུའི་ཧྥ་རན་སི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོའི་དུས་འགྱུར་ཡོངས་བརྒྱུད་མྱོང་མཁན་ཞིག་ཀྱང་རེད། མི་ཚེའི་གཅིག་ནང་སྙན་ངག་དང་བརྩམས་སྒྲུང།  ཟློས་གར་དང་ལྷུག་རྩོམ་སྣ་ཚོགས། རིག་ གནས་སྐོར་གྱི་དཔྱད་བརྗོད་དང་ཆབ་སྲིད་དཔྱད་བརྗོད་སྣ་ཚོགས་བྲིས་མྱོང་མཁན་ཞིག་ཡིན།

 

 

 

 

images/stories/blog_images/thaigor.jpg༧། རྒྱ་གར་གྱི་རྩོམ་པ་པོའམ་སྤྱི་ཚོགས་ལས་འགུལ་བ། སྙན་ངག་པ་གྲགས་ཅན་ཐེ་ཀོ། ་་་་་་Thai geo ཐཱེ་གོར། ཕྱི་ལོ ༡༨༦༡ ཟླ་ ༥ ཚེས་ ༧ ཉིན་འཁྲུངས། ཕྱི་ ལོ་ ༡༩༤༡ ཟླ་ ༨ ཚེས ༧ ཉིན་འདས། རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་དང་ཚན་ཉིད་རིག་པའི་མཁན་དབང། དེང་རབ་མི་རིགས་རིང་ལུགས་ལ་རྒོལ་མཁན་ཞིག་ཡིན། ཕྱི་ལོ་ ༡༩༡༣ ལོར་ནཱོ་བེར་རྩོམ་རིག་བྱ་དགའ་ཐོབ་ཅིང་དེའང་ཤར་གླིང་ཡུལ་གྲུ་ཁག་ཏུ་བྱ་དགའ་དེ་ཐོབ་མཁན་ཐོག་མ་རེད། ཕྱིའི་རྒྱལ་ཁབ་ཁག་ནས་ཁོང་སྙན་ངག་པ་ཞིག་ལ་ངོས་འཛིན་བྱས་པ་ལས་ཚན་རིག་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཉུང། འོན་ཀྱང་རྒྱ་ གར་དུ་གྲགས་པ་ལྟར་ན་དེ་གཉིས་གཅིག་མཚུངས་ཡིན་པ་དང་། ཁོང་གི་སྙན་ངག་ནང་ཆོས་ལུགས་དང་ཚན་ཉིད་རིག་པའི་ལྟ་བ་གཏིང་ཟབ་པོ་ཡོད་པས་རེད། ཁོང་སྒེར་ལ་མཚོན་ན་ཁོང་གི་སྙན་ངག་དེ་དག་ནི་ལྷ་ལ་ཕུལ་པའི་ལག་རྟགས་ཡིན།་་ཁོང་གི་སྙན་ངག་ནི་རྒྱ་གར་ནང་ལོ་རྒྱུས་སྙན་ངག་གི་གོ་གནས་འཛིན་ཡོད་པ་མ་ཟད། རྒྱ་གར་བ་མང་པོས་ཁོང་ནི་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

 

 

 

images/idoblog/upload/blog-photos/6.jpg༨། ཨཱོ་རུ་སུག རྩོམ་རིག་མཁས་པ་གྲགས་ཅན་ལཱེ་ཧྥུའུ་ཐོ་ཨར་ཟི་ཐེ། ་་་་་་་་་་་་་་་་་་་་་་་་་་་་་་་Tolstoy ཐཱོ་ཨར་ཟི་ཐེ། ཨོ་རུ་སུག་གི་རྩོམ་པ་པོ་དང་བསམ་བློ་བ། དུས་རབས་བཅུ་དགུའི་མཇུག་དང་ཉི་ཤུའི་སྔོན་ཙམ་གྱི་རླབས་ཆེན་གྱི་རྩོམ་རིག་མཁས་དབང་རེད། དུས་རབས་བཅུ་དགུ་དཀྱིལ་དུ་ཨོ་རུ་སུག་དོན་དངོས་རིང་ལུགས་པར་རྒོལ་མཁན་ཞིག་དང་།འཛམ་གླིང་རྩོམ་རིག་ཐོག་གི་རྩོམ་པ་པོ་གྲགས་ཅན་། ཁོང་ལ་བློ་རིག་དང་གསལ་གྱི་དོན་དངོས་རིང་ལུགས་པའི་སྐྱེས་རབ་ཀྱི་སྒྱུ་རྩལ་བ་ཞེས་འབོད། བརྩམས་ཆོས་གཙོ་བོ་འཐབ་འཛིང་དང་ཞི་བདེ། ཨན་ན་ཁ་ལེ་ཉི་ན། ཤི་ལོག་བཅས་ཡོད་ཅིང་། ད་དུང་བྱིས་སྒྲུང་མང་པོ་བརྩམས་ཤིང་མི་མང་པོས་དད་སྨོན་གྱི་ཡུལ་ཞིག་རེད། ཁོང་གི་བརྩམས་ཆོས་ནང་ཨོ་རུ་སུག་གསར་བརྗེའི་དུས་ཀྱི་མི་མང་གི་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་སྐོར་འབྲི་བཀོད་བྱས་པར་བརྟེན། ཨོ་རུ་སུག་ཟླ་བ་བཅུ་ པའི་གསར་བརྗེ་ཟེར་བ་དེའི་མེ་ལོང་ལྟ་བུ་ཞིག་ལ་ངོས་འཛིན་བྱས། སྐབས་དེའི་གཙོ་འཛིན་ལེ་ཉིང་གིས་ཐཱོ་ཨར་ཟི་ཐེས་འཛམ་གླིང་ཐོག་ཆེས་ཕུལ་བྱུང་གི་བརྩམས་ཆོས་བྲིས་ཡོད་ཅེས་བསྟོད། ཁོང་གི་རྡོ་རྗེ་ཕ་ལམ་གྲངས་དྲུག ཅེས་པ་དང་ཆུ་ནང་མཆོང་ བ། དེ་མིན་དབུལ་ཕོངས་ཅེས་པའི་བརྩམས་ཆོས་དེ་དག་སློབ་གྲྭའི་སློབ་ཚན་དུ་བཀོད་ནས་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད།

 

 

 

http://www.marxists.org/archive/gorky-maxim/gorky.jpg༩། ཨཱོ་རུ་སུག འབྱོར་མེད་གྲལ་རིམ་རྩོམ་རིག་གི་རྨང་གཞི་འདིང་མཁན་ཀཱོ་ཨར་ཅི།་་་་་་་་་་་་Gorky ཀཱོ་ཨར་ཅིས། ཕྱི་ལོ་ ༡༨༦༨ ཟླ ༣ ཚེས ༢༨ ཉིན་འཁྲུངས། ཕྱི་ ལོ ༡༩༣༦ ཟླ ༦ ཚེས་ ༡༨ ཉིན་འདས་གྲོངས་སུ་གྱུར། ཁོང་ནི་ཨུ་རུ་སུ་ཀྱི་སྤྱི་ཚོགས་རིང་ལུགས་དང་དངོས་དོན་རིང་ལུགས་པའི་བསམ་བློའི་རིག་པའི་གཞུང་གི་རྩ་བའི་རྨང་གཞིང་འདིང་མཁན་ཡིན་ལ་ཆབ་སྲིད་ལས་འགུལ་བའི་མཁས་ཅན་དང་། དེ་བཞིན་ཨོ་རུ་སུག་གི་རྩོམ་རིག་ཀྱི་གསར་གཏོད་མཁན་བཅས་ཡིན། ཁོང་གི་བརྩམས་ཆོས་གྲགས་ཅན་ནང་རྒྱ་མཚོའི་ཁུག་རྟ། སྐྱེ་མ། བྱིས་པའི་དུས། འཇིག་རྟེན་ཁམས་སུ། ང་ཡི་སློབ་ཆེན་གྱི་དུས་སྐབས། ཅེས་ཡོད་པ་རེད།

images/idoblog/upload/blog-photos/8.jpg༡༠། རྒྱ་ནག་གི་དེང་རབས་རྩོམ་རིག་མཁས་པའམ་བསམ་བློ་བ། གསར་བརྗེ་བ་ལུའུ་ཞོན།་་་་་་་་་་་་་་Lu Xun ལུའུ་ཞོན།  མིང་དངོས་ཀྲུའུ་ཧྲུ་རིན། ཕྱི་ལོ ༡༨༨༡ ཟླ ༩ ཚེས ༢༥ ཉིན་འཁྲུངས། ༡༩༣༦ ལོའི་ཟླ ༡༠ ཚེས ༡༩ ཉིན་འདས། རྒྱ་ནག་ཀྲེ་ཅང་ཧྲོའོ་ཞིང་ནས་ ཡིན། ལོ་བཅུ་བདུན་སྔོན་མིང་གཞན་ཀྲུའུ་ཀྲང་ཧྲུའུ་ཞེས་འབོད་ཀྱང་དེ་རྗེས་ཀྲུའུ་ཧྲུ་རིན་ཞེས་བསྒྱུར། སྨྱུག་མིང་ལ་ལུའུ་ཞོན་ཞེས་པ་དེ་གྲགས་པ་བྱུང། ལོ་གཞོན་སྐབས་ཕྱི་ལུགས་མཁས་པ་ཉི་ཚེ་སོགས་ཀྱི་མཛའ་བརྩེ་ཆེན་པོ་ཞེས་པའི་ཤུགས་རྐྱེན་ཐབས་ཏེ་ཕྱི་ལོ་ ༡༩༠༤ ལོར་ཤཱན་ཐེ་གསོ་རིག་སློབ་ཆེན་འགྲིམས་མྱོང་ཡང་དེ་རྗེས་རྩོམ་འབྲིའི་ལས་སུ་ཞུགས། ཚེ་གཅིག་ནང་ཡིག་འབྲུ་ཁྲི་དྲུག་སྟོང་བརྒལ་བའི་རྩོམ་བྲིས་པའི་ནང་བརྩམས་ཆོས་གྲལ་ལ་ཡིག་འབྲུ་ཁྲི་ལྔ་བརྒྱ་དང་། ཞུ་དག་དང་འཕྲིན་ཡིག་རིགས་ལ་ཡིག་འབྲུ་ཁྲི་བརྒྱ་ལྷག་ཡོད། དེའི་ནང་ལྷུག་རྩོམ་དང་བརྩམས་སྒྲུང་ཐུང་གྲས། སྙན་ངག་དང་དཔྱད་བརྗོད། འབོལ་རྩོམ་དང་ཡིག་བསྒྱུར་བྱས་པའི་བརྩམས་བཅས་ཚུད། རྒྱ་ནག་ཏུ་ལྔ་བཞི་ལས་འགུལ་ཞེས་པའི་རྗེས་སུ་ རྒྱ་ནག་རྩོམ་རིག་ཐོག་ཤུགས་རྐྱེན་ཆེན་པོ་བཞག དམར་ཤོག་གཙོ་འཛིན་མོའོ་ཡིས་ལུའུ་ཞོན་ནི་རླབས་ཆེན་གྱི་རྩོམ་རིག་མཁས་དབང་དང་བསམ་བློ་བ། གསར་བརྗེ་བ་བཅས་ཡིན་ཞིང་རྒྱ་ནག་རིག་གནས་གསར་བརྗེའི་གཙོ་བོ་མི་སྣ་ཡིན་ཞེས་བསྟོད་མྱོང།


  གངས་དཀར་སེམས།
 

01.05.2013 13:02:06

པར་རིས་ཁོ་རེ་བཞག་ཐུབ་ཀྱི་མི་འདུག   སྐྱ་ཟིང་བ་ལ།

 
 
03.05.2013 10:56:44

པར་དེ། པར་དེ། ཡང་ཟིང་བསླངས་སོང་ད། ཨ་ཅག་གངས་ལྷ་མ། ཁ་སྔོན་པར་ཡག་པོ་མི་མཐོང་དུ། དེ་རིང་མཐོང་སོང་། ངོ་མ་འདི་དག་ཤེས་དགོས་རྒྱུ་ཞིག་ནི་རེད་བ།

 
 
03.05.2013 23:27:57

དྲ་བདག་ཆོས་བཟང་ལགས་ཐུགས་རྗེ་ཆེ་ཞུ། དངོས་གནས་པར་དཔེ་ཡག་པོ་བཞག་འདུག  ད་དུང་Hugoཡི་པར་ཞིག་བཞག་རོགས། 
ཨ་ཕོ་དབྱིན་གཉེན་ལ་དགའ་བསུ་ཞུ།

 
 
13.05.2013 01:29:08

སློབ་སྦྱོང་མང་ཙམ་གནོངས་དང་པར་རིས་བཞག་པ་ལས་སླ་པོ་རེད་འདུག

 
 
14.05.2013 08:10:54

ཐུགས་རྗེ་ཆེ་ལགས།

 
 
20.05.2013 05:24:22

དྲ་གྲོགས་རྣམས་ལ་ཞུ་རྒྱུ།   འདིར་རྩོམ་པ་པོ་གྲགས་ཅན་བཅུའི་ལོ་རྒྱུས་ཉུང་བསྡུས་རེ་ཁ་གསབ་བྱས་ཡོད་ལགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -