ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.04.2013 00:27:31
གངས་དཀར་སེམས།

མཁས་པ་ཡུའུ་ཅན་རོང་于建嵘 གིས་རྒྱ་ནག་གི་འགོ་འཁྲིད་ལ་བསམ་འཆར་ཁག་བཅུ།

དང་པོ། རྒྱ་ནག་འདི་མཛེས་སྡུག་གམ་སྟོང་པའི་རྨི་ལམ་ཞིག་ཏུ་བྱོལ་མི་འཇུག་རྒྱུ།  ཕྱིའི་ཁོར་ཡུག་ལ་གཏོར་བཅོམ་གཏོང་བའི་ཁྲིམས་སྒྲིག་གི་རྩ་བའི་འབྱུང་རྐྱེན་དག་ལ་བཅོས་བསྒྱུར་གཏོང་དགོས།


གཉིས་པ། ལྐོག་ཟ་རུལ་སུངས་ཀྱིས་རྒྱ་ནག་ལ་རྡོག་རོལ་གཏོང་མ་བཅུག་རོགས།     ཁྲིམས་ལུགས་བཅོས་བསྒྱུར་གཏོང་རྒྱུ་འགོ་བརྩམས་དགོས།

གསུམ་པ། ཁྲིམས་ལུགས་ནི་བེད་མེད་ཀྱི་ཤོག་ལྷེ་ཙམ་ཞིག་ཏུ་མ་བཞག་རོགས།     དབང་འཛིན་ཚོགས་པས་རང་འགུལ་གྱིས་ཁྲིམས་ལུགས་སྲུང་སྐྱོར་བྱེད་ཐུབ་ཀྱི་མ་རེད།

བཞི་པ། གཞོན་སྐྱེས་རྣམས་སྤྱི་ཚོགས་ཀྱི་བེད་མེད་ཀྱི་རྙིགས་རོ་ལ་མ་བསྒྱུར་རོགས།     སྤྱི་ཚོགས་དམའ་རིམ་གྱི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སློབ་གསོ་ཐོབ་ཆེད་རོགས་སྐྱོར་བྱ་དགོས།

ལྔ་པ། ཞིང་པ་རྣམས་སྤྱི་ཚོགས་སུ་སྤྲང་འཁྱམ་རྒྱག་མཁན་ལ་མ་བསྒྱུར་རོགས།    གྲོང་ཁྱེར་ཅན་དུ་བསྒྱུར་བ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཡིན་དགོས་པ་རེད།

དྲུག རྫུན་མ་འཁྲབ་པ་དེ་སྤོབས་པ་ལ་མ་བརྩི་རོགས།    དོན་དངོས་བཀག་སྡོམ་དང་ལམ་ལུགས་མཁྲེགས་བཟུང་ཅན་ལ་མ་བརྟེན་རོགས།  དེ་ནི་འདྲ་མཉམ་གྱི་འགྲན་རྩོད་ཀྱིས་ཡོང་ཐབས་བྱ་དགོས་པ་རེད།

བདུན། ཡུལ་མིའི་དབང་ཆར་བཙན་གནོན་གྱི་ལམ་ལུགས་དེ་རྒྱལ་ཁབ་བཅོས་བསྒྱུར་གྱི་ལག་ཆར་བེད་སྤྱོད་མ་གཏོང་རོགས།   ངལ་རྩོལ་བསྒྱུར་བཀོད་ཀྱི་ཁྲིམས་ལུགས་རྩ་མེད་བཟོ་དགོས།

བརྒྱད། མི་མང་འཐུས་མི་ཚོགས་ཆེན་དེ་མིག་མདུན་གཤམ་རྒྱུའི་ལྟད་མོ་ལྟ་བུ་ཙམ་མ་བྱེད་རོགས།   སྲིད་འཛིན་དང་ཁྲིམས་ལུགས་སྡེ་ཚན་གྱི་དཔོན་པོ་དེ་ཚོ་འཐུས་མི་ཚོགས་ཆེན་ནས་ཕྱི་འཐེན་བྱ་དགོས།   དོན་དམ་པའི་འོས་བསྡུ་ཞིག་ལག་བསྟར་བྱེད་དགོས།

དགུ་པ། ཁྲིམས་སྒྲིག་སྒྲོམ་གཞིའི་ཕྱི་ཕྱོགས་ཀྱི་ཆབ་སྲིད་བཅོས་བསྒྱུར་བྱེད་མཁན་དེ་ཚོ་དགྲ་བོ་ལ་མ་བརྩི་རོགས།

བཅུ། ལོ་རྒྱུས་ཀྱི་འོས་འགན་མ་བོར་རོགས།  གྲལ་རིམ་གྱི་ཁེ་ཕན་འདྲ་མཉམ་ཐོབ་དགོས་པ་ལས།  དབང་ཤུགས་ནི་ཁེ་ཕན་རག་མཁན་ཁོ་ནའི་ཆེད་དུ་མ་རེད།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -