ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

31.07.2009 13:45:33
གཡུ་འབྲུག་སྔོན་མོ།

ཁོ་བོ་ཧེ་གཟུགས་དྲ་ཁྱིམ་དུ་གཞིས་བཟུང་ནི་ཟླ་བ་དྲུག་ལྷག་ཤིག་སོང་ཟིན་ཡང་ཟིན་བྲིས་རིན་ཐང་ཅན་ཞིག་འབྱོར་མ་སོང་། ཡིན་ཡང་རང་ནུས་གང་ལྕོགས་ཀྱིས་པར་དང་གསར་འགྱུར་ལྷུག་རྩོམ་ཚིག་བཅད་བཅས་བསྡོམས་པའི་ཟིན་བྲིས་དྲུག་བཅུ་ཁ་གོང་ལ་ཉེ་ཡོད། དེ་ལྟར་བརྒྱུད་རིམ་ནང་དྲ་གྲོགས་རྣམས་ཀྱི་ཟིན་བྲིས་ལ་ཡང་བཤད་གྲྭའི་ངལ་གསོའི་ཁོམ་པ་ཡོད་ཚད་བེད་སྤྱེད་དེ་ལྟ་ཀློགས་དང་དཔྱད་བརྗོད་རེ་བཟོ་ཁུལ་བྱེད་པ་ཡིན།


དེས་ན་ཀུན་གྱི་འབྲེལ་ལམ་བདེ་ཆེད་དང་དྲ་གནས་སུ་གཞན་གྱི་ངོ་འབག་གྱོན་ནས་མི་བཤད་དགུ་བཤད་བྱེད་མཁན་ཡང་མི་ཉུང་བ་ཡོད་ངེས་ཡིན་འདུག་པས་དེ་ན་སྤྱི་བསྒྲགས་སུ་རང་ཉིད་ཀྱི་ཁ་པར་ཨང་གྲངས་དང་བསྡོད་གནས་ཀྱི་མིང་། རང་ཉིད་ཀྱི་འདྲ་པར་སོགས་བཀོད་ན། འགན་མི་ཁུལ་བའི་ཟིན་བྲིས་རིགས་ཉུང་བ་དང་གཞན་གྱི་ངོ་འབག་གྱོན་མཁན་ཡང་ཉུང་རུ་འགྲོ་སྲིད་སེམས།འདི་ལྟར་བྱས་ན་དགོས་པའམ་ཕན་ཐོག་རེ་འདུག་སེམས་ན་རྗེས་མ་རང་ཉིད་ཀྱི་མིང་དངོས་དང་ཁ་པར་ཨ་གྲངས་འདྲ་པར་མེད་པའི་ཟིན་བྲིས་པ་སུ་ཡོད་ན་དེ་ལ་ང་ཚོས་དཔྱད་བརྗོད་སོགས་བྱིད་ནས་རིམ་བཞིན་བསྒྱུར་བཅོས་བྱིད་དགོས། ངོ་སྟོན་མི་ཕོད་པའི་ཟིན་བྲིས་པ་དང་གཞན་གྱི་ངོ་གྱོན་པའི་ཟིན་བྲིས་པའི་རིགས་ཀུན་ལ་སོ་སོའི་ཟིན་བྲིས་ལ་སྐྱོན་ནམ་ཡང་ན་ཉེས་པ་རེ་ཡོད་པ་རེད་མ་གཏོགས་འདི་ལྟར་བྱིད་མི་སྲིད། དེས་ན་འདི་ཕྱོགས་ལ་དཔྱད་བརྗོད་རེ་གང་གནང་རོགས་དང་།འདི་ནི་ཁོ་བོས་ཧེ་གཟུགས་དྲ་བ་ལ་འཅང་བའི་དུང་སེམས་ཡིན་ལ་གོ ང་དུ་འགྲོ་བའི་ཕྱིར་དུ་ཡང་ཡིན།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -