ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.02.2013 02:02:46
གངས་དཀར་སེམས།

ལྐོགས་ཟ་རུལ་སུངས་ལ་ངོ་རྒོལ་དང་རྒྱ་ནག་མི་དམངས་དབར་ཉེ་པོ་གཏོང་རྒྱུ་སོགས་བཅའ་ཁྲིམས་སྒྲོག་ནས་ལོ་ངོ་སྟོང་ཕྲག་ནང་ལའང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོར་བསུ་བ་བྱེད་ཀྱི་ཡིན་ཟེར་མཁན་ཞཱིས་ཅིང་ཧྥིང་གིས་འོག་རིམ་དཔོན་བློན་ཚོར་བཤད་སྟངས་དེ་འདྲ་ཞིག་བཟོས་ཡོད་པ་རེད།
ཁོས་༼གནད་དོན་ཐད་གཞི་རྩའི་རང་བཞིན་ཅན་གྱི་ནོར་འཕྲུལ་རིགས་རྩ་བ་ནས་ཤོར་མི་ཉེན། དེ་ནི་ཡོ་བསྲང་དང་གུན་གསབ་བྱ་ཐབས་མེད་པ་ཞིག་རེད།༽ཅེས་བཤད་ཡོད། འོ་ན་རྩ་བའི་རང་བཞིན་གྱི་གནད་དོན་གང་ཡིན་ཟེར་ན། དེ་ནི་དམར་པོའི་རིང་ལུགས་དང་དམར་ཤོག་ལ་འཛིན་པའི་ལྟ་བ་དེ་རེད།

ཞཱི་ཅིང་ཧྤིང་གིས་ཨཱོ་རུ་སུག་ཐོར་ཞིག་སོང་བའི་སྐོར་༼དེའི་གནད་ཆེའི་རྒྱུ་མཚན་ནི་ཕུག་བསམ་གྱི་ལྟ་བར་གཡོ་འགུལ་ཐེབས་པའི་རྐྱེན་གྱིས་རེད།༽དང། ཡང་༼མཐར་ཀཱ་ཨར་པ་ཆོ་ཧྥུས་ཨཱོ་རུ་སུག་མཇུག་བསྒྲིལ་བའི་སྐད་ཆ་སྙོམས་ཆུང་ཞིག་གིས་ཚོགས་པ་ཆེན་པོ་དེ་དེ་མུར་རྩ་མེད་སོང་བ་རེད།༽ ༼སྐབས་དེར་སྐྱེས་བུ་གཅིག་ཕྱིར་དོན་ནས་གྱོང་རྒུད་དེར་ཁ་གསབ་རྒྱབ་ཐུབ་མེད་པ་རེད།༽ཅེས་དང། ཁོས་སླར་ཡང་དེ་སྔོན་ཨོ་རུ་སུག་གི་འགོ་འཁྲིད་ཀཱ་ཨར་པ་ཆོ་ཧྥུ་ལྟ་བུ་ཞིག་ཡོང་གི་མ་རེད་ཅེས་བསྒྲགས་གཏམ་སྤེལ་ཞིང། ༼བཅོས་སྒྱུར་མི་གཏོང་མཁན་དང། བཅོས་སྒྱུར་གཏོང་མི་དགོས་པ་དེ་དག་དུས་ཚོད་ཅི་ཙམ་སོང་ཡང་བཅོས་སྒྱུར་གཏོང་གི་མ་རེད།༽ཅེས་སོགས་བཤད་ཡོད་པ་རེད།

བཤད་སྲོལ་ལྟར་ན་ཁོའི་སྐད་ཆ་དེ་དག་གསལ་པོ་མེད་ཀྱང་ང་ནི་ཁོའི་སྐད་ཆ་རེད་ཟེར་བ་དེ་དག་ལ་ཡིད་ཆེས་སོང། འོ་ན་བཅོས་བསྒྱུར་གཏོང་མི་དགོས་པ་དེ་གང་ཡིན་ནམ། ངས་ངོས་འཛིན་བྱེད་སྟངས་ལྟར་ན་ཁོའི་སྐད་ཆ་དེའི་ནང་དོན་ནི་དམར་ཤོག་གི་དབང་ཆའི་གོ་གནས་དེ་བཅས་སྒྱུར་གཏོང་མི་དགོས་པ་ཟེར་བ་དེ་རེད་འདུག

དེས་ན་ཞཱིས་ཅིང་ཧྥིང་གིས་ཁོག་རྩིས་ག་རེ་བསྐོར་གྱི་ཡོད་དམ་ཞེ་ན། རྒྱལ་སྤྱིའི་ཐོག་རྩོད་མེད་གུང་ཕྲན་གྱི་རིན་ཐང་ངམ་དམར་པོའི་སྟོང་བསམ་གྱིས་འགྲོ་བ་མིའི་སྤྱི་ཁྱབ་ཀྱི་རིན་ཐང་དམངས་གཙོ་ལ་ཁ་གཏད་གཅོག་རྒྱུ་དེ་རེད། འདིའི་ཐོག་ཁོག་རྩིས་མང་པོ་མེད་པར་གྱུར་ཟིན་པའི་ནང་ཀཱོ་རི་ཡ་རྒྱལ་ཁབ་ནི་དེའི་ནང་གི་གཅིག་རེད། དེར་བརྟེན།  རྒྱ་ནག་གི་དཔོན་རིགས་གསར་པ་ཚོས་རྒྱ་ནག་མི་མང་ངོས་ནས་མུ་མཐུད་དེ་དག་ལ་གུ་ཡངས་སྤྲོད་དགོས་པའི་མ་འོངས་གནས་སྟངས་ལ་ང་ཚོས་བསམ་གཞིགས་ཐུབ་པ་ཞིག་ཡིན།

རྒྱ་ནག་ཏུ་དམར་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དྲྭ་བ་ལྟ་བུ་དེས་ས་གནས་རིམ་པ་ཁག་གི་འགོ་དཔོན་ཚོར་སྟངས་འཛིན་བྱ་བརྩིས་ཡོད་པ་དང། དམར་ཤོག་སྲིད་དབང་སྒེར་འཛིན་གྱི་ལྕག་གི་ཡོ་བྱེད་དེས་ལྐོགས་ཟ་རུལ་སུངས་ཀྱི་དཔོན་བློན་ཚོ་ཐག་གཅོད་བྱ་རྒྱུ། དེ་བཞིན་གུ་ཡངས་སྤྲད་ཡོད་ཟེར་བའི་སྔོན་འགྲོའི་ཆ་རྐྱེན་ཐོག་ནས་དམར་ཤོག་ཚོགས་པ་མིན་པའི་ཕྱིའི་སྨྲ་བརྗོད་ཀྱི་ཁོར་ཡུག་ཡོངས་སུ་རྫོགས་པར་སྐྱོན་བརྗོད་བྱས་པར་བརྒྱུད་དམར་ཤོག་རང་ངོས་ཡིད་འོངས་ཀྱི་རྣམ་པ་ཞིག་ཏུ་བཟོ་བསྐྲུན་བྱེད་དེ་མི་མང་གི་སེམས་བསླུ་ཐབས་ཀྱིས་དུས་རབས་བར་མའི་ནང་དམར་ཤོག་གི་ལོ་རྒྱུས་ཀྱི་ལེའུ་ཞིག་འབྲི་བཀོད་བྱས་ནས་མུ་མཐུད་དབང་ཆ་རྒྱུད་འཛིན་བྱ་ཐབས་ལ་འགན་སྲུང་བྱེད་ཀྱི་ཡོད་པ་རེད།

དེ་སྔོན་ཅཱང་ཅིང་གོ་ཡིས་འགྱུར་ལྡོག་མེད་པའི་ཆབ་སྲིད་དབང་འཛིན་པའི་ཚོགས་པ་ཞིག་མེད་པའི་རྒྱུས་ཤེས་དེ་རྟོགས་ནས། ཁོས་དུས་རབས་ཀྱི་གོམས་སྟབས་དང་བསྟུན་ནས་གཱོ་མིན་ཏང་དེ་མིག་སྔར་གྱི་དམངས་གཙོའི་ཆབ་སྲིད་ཚོགས་པར་འགྱུར་ལྡོག་གཏོང་ཐུབ་པ་བྱུང་བ་དང། ཐེའེ་ཝན་གྱི་ཁྲིམས་ལུགས་དམངས་གཙོ་མངོན་འགྱུར་ཡོང་བར་བྱས་རྗེས་བཞག་ཡོད། གཱོ་མིན་ཏང་ཚོགས་པ་དེ་སྔོན་ཆབ་སྲིད་དབང་འཛིན་པའི་ཡིན་པའི་ངོས་ནས་འཕོ་འགྱུར་ཐེངས་མང་བྱུང་ཡོད་པར་བརྟེན། ཅཱང་ཅིང་གོ་ཁོ་རང་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཡོད་པ་རེད།

དམངས་གཙོའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཐོབ་ཤོར་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཡིན། འོན་ཀྱང་དོན་དངོས་ཐོག་སྲིད་དབང་སྒེར་གཅོད་དང་དབང་འཛིན་པའི་རྒྱལ་ཁབ་ནང་དབང་འཛིན་ཚོགས་པ་དེའང་དབང་སྒྱུར་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་རེད། དབང་སྒྱུར་གྱི་ཐོབ་ཐང་དེ་དྲག་ཤུགས་ལ་བརྟེན་ནས་འགན་སྲུང་བྱེད་དགོས། དེང་རབས་ཀྱི་ལོ་རྒྱུས་ཐོག་ནས་བལྟས་ཚེ་དབང་འཛིན་ཆབ་སྲིད་ཚོགས་པ་དེ་དག་ཡང་ན་དམངས་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་ཚོགས་པར་འགྱུར་ལྡོག་འགྲོ་རྒྱུ་དང། ཡང་ན་ཐོར་ཞིག་འགྲོ་རྒྱུ་དང་མགོ་གཏིང་བསློགས་པ་ཤ་སྟག་རེད།   རྒྱ་ནག་དང་ཀཱོ་རི་ཡ། ཀཱུ་པ་གསུམ་ནི་མགོ་གཏོང་བསློག་མ་ཐུབ་པ་དང།   འགྱུར་ལྡོག་གང་ཡང་སོང་མེད་པའི་རྒྱལ་ཁབ་གསུམ་རེད། འོན་ཀྱང་དེ་དག་ནི་ལ་ཁའི་ཉི་མ་ལྟ་བུ་དུས་ཚོད་མང་པོ་ལྷག་མེད་པ་རེད།

ལོ་རྒྱུས་ཀྱི་ཁ་ཕྱོགས་ནས་བལྟས་ཚེ། ང་ཚོས་མ་འོངས་པའི་རྒྱ་ནག་དམར་ཤོག་གི་འགོ་གཙོ་ཞཱིས་ཅིང་ཧྥིང་གི་ཁོག་རྩིས་དེ་ནོར་ཡོད་པར་ཤེས་ཐུབ། ཁོས་འཇིག་རྟེན་འདིའི་ཐོག་ཁྲིམས་ཀྱིས་སྟངས་འཛིན་བྱས་པའི་དམངས་གཙོའི་རྦ་རླབས་ཆེན་མོ་དེ་འགོག་ཐབས་མེད་ལ། ཁོས་དམར་ཤོག་གི་མཁྲེགས་འཛིན་གྱི་དབང་ཆ་དེས་སླར་ཡང་དང་གཙང་གི་རླབས་ཆེན་དང་གཟི་བརྗིད། ཡང་དག་པའི་དམར་ཤོག་ཚོགས་པ་ཞིག་བསྐྲུན་ཐབས་མེད། དེ་བཞིན་ཁོས་བཤད་པ་ལྟར། ཞཱི་ཅིང་ཧྥིང་ཁོ་རང་ཡང་དམར་ཤོག་གི་སྲིད་དབང་སྒེར་གཅོད་དེར་སྲུང་སྐྱོབས་བྱེད་མཁན་གྱི་གནམ་ས་འདེགས་ཐུབ་པའི་སྐྱེས་བུ་ཟེར་བ་ཞིག་འགྱུར་མི་སྲིད།

རྒྱ་ནག་གི་དམར་ཤོག་འདི་ཡང་ན་དམངས་གཙོའི་སྲིད་ཚོགས་གཅིག་ཏུ་འགྱུར་རྒྱུ་དང། ཡང་ན་ཐོར་ཞིག་དང་མགོ་གཏིང་བསློག་རྒྱུ་ལས་དེ་མིན་གཞན་གྱི་མདུན་ལམ་ཞིག་ལྷག་མེད། ཞཱིས་ཅིང་ཧྥིང་ཁོ་རང་ཡང་དམར་ཤོག་སྲིད་ཚོགས་མཐའ་མཇུག་གི་རྒྱལ་པོ་ཞིག་གམ། ཡང་ན་ཆབ་སྲིད་དམར་ཤོག་དེ་དམངས་གཙོར་བསྒྱུར་མཁན་གྱི་འགོ་བརྩམས་མཁན་ཞིག་ལས་གཞན་གདམ་ཁ་གང་ཡང་ལྷག་མེད་པ་ཧ་ཅང་གསལ་པོ་རེད། དེ་མིན་དེ་སྔོན་ཧུའུ་ཅིང་ཐོ་ནང་བཞིན་འུར་སྒྲའི་རྔ་དང་རོལ་མོ་དཀྲོལ་བཞིན་མུ་མཐུད་དབང་ཆ་རྒྱུད་སྤྲོད་བྱ་རྒྱུ་དེའང་དཀའ་ལས་ཁག་པོ་ཞིག་རེད་འདོད།

 

རྩོམ་པ་པོ་(傅申奇)


  གངས་དཀར་སེམས།
 

20.02.2013 13:25:05

ཨོ་ཙི་་་མཛེས་མ་ལགས། དེ་རིང་ནི་ངོ་མ་སེམས་པ་ཤོར་ཡ་འདྲ་ཞིག་འདུག འདྲ་པར་དེ་ཡང་ཡིད་དུ་འོང་བ་ཞིག་འདུག་་་་ཧཧཧཧཧཧ་

ཐོག་མ་ངས་་མདོ་སྟོད་པའི་སྤྱི་འཐུས་རྣམས་ཀྱིས་ཕྱག་ལས་ཡག་པོ་གནང་གྱི་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་དགའ་པོ་བྱུང་ཞུ་རྒྱུར་ཡིན། དེ་ཡང་ཟླ་བ་གཅིག་ཙམ་རིང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཀྱི་གནད་ཡོད་མི་སྣ་ལ་ཞུ་གཏུགས་བྱས་པ་ཡག་པོ་རེད་བསམས་ཀྱི་འདུག ཞུ་གཏུགས་ལས་འགུལ་འགོ་འཙུགས་ནས་ལོ་གཅིག་ཙམ་འགྲོ་གི་ཡོད་རེད། ཨ་རི་དང་ཁ་ན་ཊ་སོགས་ནས་བོད་མི་ཚོས་འགོ་འཛུགས་པ་རེད། ཡག་པོ་འདུག ངས་བསམ་ཚུལ་བྱས་ན་ཞུ་གཏུགས་ཀྱི་ལས་འགུལ་འདིས་ཧ་ཅང་གི་ནུས་པ་ཐོན་གྱི་རེད་བསམས་ཀྱི་མི་འདུག ཡིན་ནའང་མར་མེ་འཕྲད་སྐོར་གྱི་ལས་འགུལ་ལས་ཡག་བ་འདུག གཅིག་རེད།
གཉིས་ནས་་རྗེས་མ་ཁྲིམས་གཏུག་བྱ་ན་དེ་ལས་ནུས་པ་ཆེ་བ་ཡོང་གི་བསམ་གྱི་འདུག་་་་ཨོ་ཡ་་་མང་པོ་མི་བཤད་་་་ཁྱེད་ཀྱི་བསྒྱུར་རྩོམ་འདི་ལ་གཅིག་བལྟ་གི་ཡིན།

 
 
20.02.2013 13:58:39

རྒྱ་མི་དེས་ཨོ་ཙི་བཤད་འདུག དོན་ངོ་མ་བཤད་མི་འདུག་བསམས་ཀྱི་འདུག དགོས་དབང་གི་སྐད་ཆ་རེད་བསམས་ཀྱི་འདུག ཞྭིས་ཅན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་མདོག་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་གཞུང་དམར་ཤོག་ཚོགས་པ་ཕུད་ཚོགས་སྡེ་གཞན་ཁག་གི་འདུ་འཛོམས་ཚོགས་འདུ་ཞིག་གི་སྟེང་། ཞཱིས་ཅིན་ཕེན་གྱིས་ “དམར་ཤོག་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣས། ངེས་པར་དུ་བློ་སྟོབས་ཆེན་པོས་སྐད་ཆ་དྲང་བདེན་དང་བསམ་ཚུལ་འདོན་ཐུབ་པ་བྱེད་དགོས་ལ། གལ་སྲིད་རྣ་བར་སྙན་པོ་མེད་ནའང་། བདེན་པ་བདེན་ཐུབ་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་འདོན་ཐུབ་དགོས།” ཞེས་བརྗོད་ཡོད་པ་རེད། གུ་ཡངས་ཡིན་མདོག་རེད་་་ཧཧཧ

ཞྭིས་ལགས་ཏང་གི་ཕག་པ་རྣམས་གསོ་སྐྱོང་བྱེད་མཁན་ཡིན་པ་ལས་ལྐོག་ཟ་རུལ་སུངས་ཁྲིམས་ལ་སྦྱོར་མཁན་ཞིག་ཡིན་ཤེས་ཀྱི་མ་རེད། ཁོ་རང་རང་ཉིད་ཏང་གི་གསོ་ཕག་ཆེན་པོ་ཞིག་རེད། ཀྲུང་གོའི་ཆབ་སྲིད་དམངས་གཙོའི་ཕྱོགས་སུ་སྒྱུར་པ་ལ་དཀའ་ཆེན་པོ་གསུམ་ཡོད་རེད།
༡་་་ཏང་གི་དཔོན་པོ་ཕྱུག་བདག་ཚོའི་རྒྱུ་འགོ་ཐོན་མིན་སེམས་འཕྲལ་རེད།
༢་་་གོ་གནས་ཤོར་དོགས་ཀྱི་སེམས་འཕྲལ་རེད།
༣་་་བོད་དང་ཕྱི་སོག ཐད་ཝན་སོགས་ཁ་འབྲལ་འགྲོ་དོགས་སེམས་འཕྲལ་རེད།
འདི་གསུམ་པོ་དཀའ་ངལ་ཆེ་ཤོས་རེད། ཐོག་མ་གཉིས་ལ་གཏོར་ཕོག་ཡོང་རེད་བསམས་ན་ཤི་འཇུས་རོ་འཐོམ་བྱེད་ཀྱི་རེད། འདི་གཉིས་ལ་ཉེན་ཁ་མེད་ན་དམངས་གཙོའི་ཕྱོགས་སྒྱུར་གྱི་རེད་འདོད། གཞན་གོང་ནས་སྒྱུར་བཅོས་མ་བྱེད་ན་འོག་ནས་མི་དམངས་ཀྱིས་ཡར་སྒྱུར་བཅོས་གཏོང་འོང་གི་རེད། དེ་དུས་གསོ་ཕག་ཚོ་བྲོས་ན་ལམ་མེད་པ་ཞིག་ཡོང་གི་རེད་བ་་་་་་་་་་་ཧཧཧཧ

 
 
07.03.2013 05:29:23

ཨ་ཕོ་ཅོ་རི་ལགས། རྒྱ་རིགས་གཙོས་མི་མང་ཡོངས་ནས་དམར་ཤོག་ཡར་བཅོས་བསྒྱུར་གཏོང་བའི་དུས་ཤིག་ཡོང་བར་སྒུག་ཡོད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -