ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.01.2013 11:40:53
མིག

ལམ་བར་ནས་མིག་ཆུ་ལྷུང་ཞིང
མིག་ཆུ་བྱིད་མཁན་ལའང་མིག་ཆུ་འཛག་བཞིན་ཡོད
རི་བོ་འདི་མཐོང་ཐེངས་རེར
ཕ་རོལ་བརྒལ་མཁན་གྱི་སྐྱེས་བུ་སུ་སུ་ཡོད་དམ་སྙམ་ན
ཁྱེད་ཀྱིས་ང་ལ་བྲག་རི་ལྟ་བུའི་མི་གཞི་ཞིག་གནང་འོང་གིན

གྲང་ངར་གྱིས་བསིལ་རླུང་ཡོམ་ཡོམ་བྱེད་པའི་ནམ་གུང་དེར
འོད་འཚེར་འཚེར་བྱེད་པའི་སྐར་མདའ་ཞིག་ལྷུང་སྟེ
བདག་གི་ཕྱི་རོལ་ན་ཚ་ལོང་ལོང་བྱེད་བཞིན་རྒྱ་མཚོ་ན་འཐིམ་སོོང
བྱིས་པ་ཞིག་གིས་སྨྲེང་ངག་འདོན་བཞིན་རྒྱ་མཚོ་ན་མཆོངས་དུས
བདག་གི་མིག་ཆུའི་ཁྲོད་དུ་འོད་ལམ་ལམ་གྱི་ཁྱེད་རང་འགྲིལ་བྱུང
ཨེ་ཤི་ཡ་དང་ཡོ་རོབ་ཀྱི་གླིང་ཆེན་འགའ
ཤོག་ངོས་ལྟེབ་པ་བཞིན་རྒྱབ་ཏུ་གཡུགས་ནས་ཡོང་དུས
རང་ཉིད་དང་འདྲ་བའི་རྣམ་ཤེས་དུ་མ་ཞིག
ངུ་འབོད་ཀྱིས་རྨི་ལམ་ནུབ་ཟིན་པའི་ཕྱི་དྲོ་དེར་འཛག་འགྲོ་གིན་འདུག
ཟླ་འོད་མེད་པའི་སྨག་རུམ་དགུང་ཁ་དེ་ནས
མིག་ཆུས་གྱེར་བའི་སྐྱོ་གླུ་ལེན་མཁན་གྱི་ཚེ་སྲོག་ཅིག་གིས
མཁའ་མཐའ་ལ་ཅེར་ནས་ཁྱེད་ཀྱི་འོད་སྣང་ལ་ཕྱིར་དྲན་བྱེད་ཀྱིན་ཡོད
*Solzhenitsyn,ཨུ་རུ་སུའི་རྩོམ་རིག་མཁས་ཆེན།༡༩༧༠ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།རྩོམ་ཆོས་ལ་(ཉིན་གཅིག) (སྐྲན་ནད་ཁང་།)(ཀོ་ལ་ཀི་གླིང་ཚོམ།)སོགས་འདུག

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -