ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.12.2012 01:23:30
གངས་དཀར་སེམས།

ཕྱུག་པོས་རྒྱུན་དུ་དངོས་པོ་ཡོངས་མ་རྩ་ལ་བསྒྱུར་ཐབས་བྱེད་ཀྱི་ཡོད།    དེ་མིན་དབུལ་པོས་རྟག་ཏུ་ཚད་ཡོད་ཀྱི་དངོས་པོ་དེ་དག་བུ་ལོན་ལ་སྒྱུར་བཞིན་གནས་ཡོད།   དེ་ལྟར་བྱས་ན་དབུལ་ཕྱུག་གཉིས་དབར་གྱི་རྒྱང་ཐག་ཇེ་རིང་དུ་ལོས་ཀྱང་འགྲོ་སྲིད་མོད།   དེ་བས་ཁྱོད་རང་དབུལ་ཕྱུག་གང་གི་གཤིས་སྤྱོད་ལྡན་མིན་རྟག་དཔྱད་བྱ་འདོད་ན།  གཤམ་འོག་གི་ཐབས་ཇུས་བཅུ་གཉིས་དེ་དག་ཁྱོད་ལ་མཁོ་སྤྲོད་བྱེད་ཆོག


སོ་སོར་ངོས་འཛིན་བྱེད་སྟངས།

དབུལ་པོས།   དངུལ་འཚོལ་སྟངས་དང་བརྩལ་ཐབས་བཅས་ཐད་བསམ་བློ་དེ་ཙམ་གཏོང་གི་མེད།  དེ་བས་མི་ཚེ་གཅིག་ལ་དེ་ལྟར་རྒྱུན་མཐུད་རྒྱུར་ངོས་འཛིན་བྱས་པ་ལས་མ་འོངས་པའི་མི་ཚེར་འགྱུར་ལྡོག་ཡོང་རྒྱུར་ཡིད་ཆེས་མི་བྱེད།

ཕྱུག་པོས།   སེམས་གཏིང་ནས་མི་ཚེའི་ནང་དབུལ་པོའི་ལས་ཤིག་བཀོད་པར་མིན་ཞིང་ཕྱུག་པོ་ཞིག་བྱ་དགོས་བསམ་པ་དང།  དངུལ་འཚོལ་བའི་བསམ་བློ་ཤུགས་ཆེར་ཡོད་པ། ཁོས་ཐབས་ཤེས་ཡོད་རྒུས་སོ་སོ་ཕྱུག་བདག་ཅིག་ལ་བསྒྱུར་སྲིད་པ་རེད།

ངལ་གསོ་བྱེད་སྟངས།

དབུལ་པོས།    ཁྱིམ་ནང་གློག་བརྙེན་ནང་དུ་དོན་མེད་ཀྱི་ཟློས་གར་དེ་ཚོར་སེམས་ཚོར་ཆེན་པོའི་ངང་ལྟ་བ་དང།  དེ་མིན་གློག་བརྙེན་ནང་གི་དར་སྲོལ་ལ་གཞིགས་ཏེ་སོ་སོར་བཟོ་བཅོས་རྒྱག་ཐབས་བྱེད་བཞིན་པ།

ཕྱུག་པོས།    ཕྱིའི་ཁྲོམ་རྭར་འགྲིམ་རྒྱུ་དང་ངལ་གསོའི་དུས་ཚོད་ཡིན་རུང་གཞན་དང་མཉམ་རུབ་ཀྱིས་ལས་གཞི་གསར་བསྐྲུན་བྱ་རྒྱུའི་ཡིག་ཆ་མཉམ་འཁྱེར་གྱིས་ག་དུས་ཡིན་ཡང་དེའི་སྐོར་བསམ་གཞིགས་བྱེད་ཀྱི་ཡོད།

མིའི་དབར་གྱི་འབྲེལ་ལམ།

དབུལ་པོས།    རང་གི་དབུལ་ཕོངས་ཀྱི་ཉེ་ས་དེ་དག་དང་འགྲོག་རྒྱུར་དགའ་ཞིང།   སྒེར་གྱི་ཁོར་ཡུག་ཏུ་མང་ཆེར་དབུལ་པོ་ཤ་སྟག་ཡིན།   དུས་ཡུན་རིང་པོ་སོང་རྗེས་སེམས་ཁམས་དེའང་དབུལ་པོའི་སེམས་ཁམས་དང་བསམ་བློའང་དབུལ་པོ་ཞིག་གྱུར་ཞིང།   རྒྱུན་དུ་ཁ་བརྡའི་ནང་དོན་ནི་རིན་གོང་ཆུང་བའི་ཅ་དངོས་དང་འགྲོན་ཆུང་ཇི་ལྟར་བྱ་མིན་སྐོར་སོགས་རེད།    གནས་སྟངས་དེས་འཚོ་བ་བསྐྱེལ་སྟངས་ལ་ཕན་སྲིད་ཀྱང་མི་ཚེའི་ཁོར་ཡུག་དེའང་དེའི་རྒྱ་ལས་བརྒལ་ཐབས་མེད་པར་བསམ་བློའི་ཉག་ཉོག་ཙམ་གྱིས་སྤོབས་པ་རྩ་མེད་བཟོས་ཏེ་མི་ཚེ་མཇུག་རྫོགས་རྒྱུ་རེད།

སློབ་སྦྱོང།

དབུལ་པོས་ལག་ཤེས་སྦྱོང་བ་དང།

ཕྱུག་པོས་ལས་གཞིའི་དོ་དམ་སྐོར་སྦྱོང་གི་ཡོད།

དུས་ཚོད།

དབུལ་པོས།   དུས་ཚོད་ལྷོད་དལ་གྱིས་བསྐྱེལ་མཁན་ཞིག་གིས་རྒྱུ་ནོར་གྱ་ནོམ་པོ་ཞིག་སྒྲུབ་མི་ཐུབ།   ལྷོད་དལ་ངང་གིས་རྒྱུ་ནོར་བསྲོག་སྒྲུབ་ཀྱི་གོ་སྐབས་མང་པོ་ཆུ་བཟོས་སུ་བཏང་གི་ཡོད།   དབུལ་པོའི་དུས་ཚོད་ནི་རིན་ཐང་མེད་པ་དང།   དེ་བས་ཁོ་ཚོར་སྐབས་འགར་དུས་ཚོད་མ་ཆོད་པའི་དཀའ་ངལ་ཡོད།   ཁོ་ཚོས་དུས་ཚོད་བསྐྱེལ་ཐབས་གང་འདྲ་དགོས་མིན་སོགས་ལ་བསམ་བློ་གཏོང་གི་ཡོད།   གལ་ཏེ་དབུལ་པོས་ཟས་ཏོག་ཙམ་ཉོས་པར་སྒོར་ཟུར་མཐོལ་པ་འགའ་བཏང་ཟིན་པར་ཁོང་ཁྲོ་ལངས་སྲིད་ཀྱང།   ཉིན་མ་གཅིག་གི་དུས་ཚོད་གང་འདྲ་ཆུ་ཟོས་གཏོང་མིན་ལ་སེམས་འཁུར་བྱེད་ཀྱི་མེད།   དེ་ནི་དབུལ་ཕོངས་སྤྱི་བཏང་བ་ཞིག་གིས་བསམ་བློ་རེད།

ཕྱུག་པོས།    སྒེར་གྱིས་ཐབས་ཤེས་གང་འདྲ་བསྐྱེད་པ་དང།  ཡང་ན་དངུལ་མང་ཉུང་བསྲོག་ཐུབ་མིན་ལ་མ་ལྟོས་པར་ངེས་པར་དུ་བསྲག་སྒྲུབ་དགོས་པ་ཤེས་ཀྱི་ཡོད། ཕྱུག་པོའི་ངལ་གསོ་དང་སྤྲོ་འཆམ་དུས་ཀྱང་ལས་ཀའི་རྣམ་པའི་ཐོག་ནས་བྱེད་ཅིང་དམིགས་ཡུལ་ཡོད་པ་ཞིག་རེད།   ཕྱུག་པོ་ལྷོད་དལ་བྱེད་སྐབས་ཀྱང་ལུས་ལྷོད་ལ་བབས་ཀྱང་སེམས་ནས་བསམ་བློ་གཏོང་བཞིན་གནས་ཡོད་པ་ལས་བློ་བསྐྱེད་མི་དགོས་པ་གནས་མེད།

དབུལ་པོ་དེ་ལས་ལྡོག་ནས་བསམ་བློ་ལྷོད་དལ་ལ་གནས་ཡོད།  འོན་ཀྱང་ཁོ་རང་དུས་ནམ་ཡང་གཟུགས་ཕུང་འགུལ་སྤྱོད་ཆེན་པོ་བྱེད་མཁན་གྱི་ཤུགས་ལས་པ་ཞིག་ཡིན་སྟེ།   རྒྱན་བཙུགས་ཀྱི་བྱ་བར་འགྲོ་བསྡད་ཀྱང་མང་པོ་བྱེད་མཁན་ཞིག་རེད།

སེམས་ཀྱི་རྟེན་ས།

དབུལ་པོ་ནི་སོ་སོ་སྐྱེས་ཁུངས་དམན་པའི་རྐྱེན་གྱིས་སེམས་ལ་བདེ་འཇགས་མེད་པ་དང།   སྒེར་ངོས་ནས་ངེས་པར་དུ་ཚོགས་པ་ཞིག་ལ་བརྟེན་ཐབས་ལ་རྔང་འཚབ་ལངས་ཀྱི་ཡོད།    ཁོ་ཚོས་བསམ་པར་ཚོགས་པ་དེའི་དམིགས་ཚད་ཀྱིས་སོ་སོར་གདིང་འཇོག་བྱེད་ཅིང།  ཚོགས་པ་དེའི་ཁེ་ཕན་གྱི་ཆེད་དུ་ལས་ཀ་བྱེད་པ་དང། དཀའ་ལས་རྒྱག་པ།    དེ་མིན་ཁྱིམ་གཞི་སྤོ་བ་སོགས་བྱེད།   དབུལ་པོ་ཞིག་ལ་མཚོན་ན།  གཏན་འཇགས་ཀྱི་ཁེ་ལས་སྡེ་ཚན་ཞིག་ནང་གཏན་འཇགས་ཀྱི་ལས་ཀ་ལོ་བཅུ་གྲངས་ཁ་ཤས་རིང་བྱེད་པ་དང།  ལས་བྱེད་དཀྱུས་མ་ནས་མཐོ་རིམ་གྱི་གོ་ས་བར་གནས་སྤོ་ཐུབ་པ་ཡིན་ན།   ཁོ་ཚོར་དེ་བས་ཡིད་འོངས་ཀྱི་ཕུག་བསམ་གཞན་ཞིག་མེད་པ་རེད།

ཕྱུག་པོ་ནི་རྒྱུན་དུ་ཚོགས་པ་དེ་དག་གི་འགན་འཛིན་མི་སྣ་རེད།   ཁོ་ཚོས་རྒྱུན་དུ་ཕྱོགས་གཅིག་ནས་དབུལ་པོ་ཚོར་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཚུལ་སློབ་གསོ་རྒྱག་པ་དང།    གལ་ཏེ་ཁྱོད་རང་སོ་སོའི་ཚོགས་པར་དབང་བ་ཞིག་མིན་ན་ཁྱོད་ལ་རིན་ཐང་མེད་པའི་སྐོར་བཤད་ཀྱི་ཡོད།   འོན་ཀྱང་དུས་མཚུངས་སུ་ཁོ་ཚོས་ཕྱོགས་གཞན་ནས་ཁྱོད་མིན་པའི་མི་གསར་པ་གསོ་སྐྱོང་བྱེད་རྒྱུ་མཚམས་བཞག་མྱོང་མེད་ལ་གོ་སྐབས་དང་འཕྲད་ན་ཁྱོད་རང་ལས་གནས་ནས་གནས་དབྱུང་གཏོང་ཆོག་ཆོག་བྱས་ཏེ་བསྡད་ཡོད།

༼བོད་སྒྱུར་བྱས།༽


  གངས་དཀར་སེམས།
 

21.12.2012 08:51:14

དབུལ་ཕྱུག་གི་ཁྱད་པར་ཕྱེ་ན་ཅི་ཕན། དེ་ལས་རང་ཁ་རང་གསོ་བྱེད་ན་ལེགས་པ་འདོད། ཧ་ཧ་ཧ་ཧ་ཧ་

 
 
21.12.2012 11:09:06

ཕྱུག་པོ་ཡིན་ན་སྐྱིད་རྒྱུ་དེ་ཙམ་མེད་པ་འདྲ། ངོ་མ་རྒྱུ་ཇེ་ཆེ་འགྲོ་དུས་འདོད་ངོམ་ཇེ་ཆེ་འགྲོ་གི་ཡོད་པ་གསལ་པོ། འོན་ཀྱང་ཕ་མེས་ནས་ཕྱུག་པོ་ཡིན་པ་དང་སྤྲང་པོ་ནས་ཕྱུག་པོ་ཆགས་མཁན་ལ་ཁྱད་པར་ཆེན་པོ་འདུག དཔེར་ན། ཕ་མེས་ནས་ཕྱུག་པོ་ཚོས་འགྲོ་གྲོན་དང་འགྲོ་ལུགས་སྡོད་སྟངས་ཤེས་ཀྱི་རེད།་སྤྲང་པོ་ཕྱུག་པོར་སོང་ཚོས་འགྲོ་ལུགས་སྡོད་སྟངས་མི་ཤེས་ལ། རྒྱུ་མི་ལ་ངོམས་ཀྱི་ཡོད།

 
 
23.12.2012 07:14:11

ཕྱུག་པོ་ཡིན་ན་སྐྱིད་ཚོར་མི་ཤེས་མཁན་་ཡོད་སྲིད་པ་ལས་དེ་ཡིན་ན་སྡུག་མཁན་ཡོད་མི་སྲིད་པ་རེད། བཟང་ས་དང་མཐོ་སར་འགྲོ་མི་འདོད་ཅིང་སྒྱིགས་ལུག་ནི་ངེད་བོད་པ་མི་ཉུང་བ་ཞིག་གི་སྐྱུར་རྒྱུ་མེད་པའི་གཤིས་ངན་ཞིག་ཀྱང་རེད་དོ།

 
 
23.12.2012 10:51:51

རྒྱུ་ཆེ་དྲགས་ན་དཀའ་ལས་ཡོད་ས་རེད། ཧཧཧཧཧཧ ཕྱི་རྒྱལ་གྱི་རྒྱུ་ཆེན་པོ་བརྩི་སྟངས་ལྟར་ན་བོད་པ་རྒྱུ་ཆེན་པོ་གཅིག་ཀྱང་མེད་པ་འདྲ། ཡིན་ན་ལས་བོད་པ་འགའ་ལ་དངུལ་ཡོད་རུང་ད་དུ་ལྟོགས་སིག་སིག་འདྲ་ཡོད། ཐེངས་གཅིག་བལ་ཡུལ་དུ་བོད་པ་རྨོ་རྨོ་རྒན་ཁོགས་ཀྱི་ཡོད་པ་དེར་མི་ཚང་མས་རྨོ་རྨོ་སྐྱོ་པོ་ཡིན་ཟེར་ནས་རོགས་རམ་བྱེད་ཀྱི་ཡོད་པ་འདྲ།་རྨོ་བོ་ཡང་ཉིན་ལྟ་སྐྱོ་ལྷང་ལྷང་དང་ལྟོགས་སིག་སིག་འགྲོ་གི་ཡོད་འདུག རྨོ་རྨོ་གྲོངས་སྐབས་སྙལ་ཤུབ་ནང་དུ་སྒོར་འབུམ་དགུ་འདུག་ཟེར། ཧཧཧཧཧ

 
 
24.12.2012 02:26:12

ཧཧཧཧཧ་་རྨོ་རྨོ་དེ་་དོན་དམ་པའི་དབུལ་ཕོངས་རེད་འདོད།

 
 
24.12.2012 07:17:38

ང་ཚོའི་སྤྱི་ཚོགས་ནང་ཕྱུག་པོ་ནས་ཕྱུག་པོ་སྐྱེ་པ་དང་། དབུལ་བོ་ནས་དབུལ་བོ་སྐྱེ་པ། ཡང་བླ་མའི་ཁྱིམ་རྒྱུད་ནང་རིམ་བཞིན་བླ་མ་སྐྱེ་མཁན་མང་དག་ཅིག་མཐོང་ཡོང་གིན་འདུག དབུལ་ཕྱུགས་ཀྱི་ཁྱད་པར་ལས་རང་ངོ་ཟིན་སོང་ནས་སྙིང་རྗེ་དང་བདེ་སྡུག་ཤེས་ན་སྐྱིད་མོད་ཀྱང་། བླ་མའི་ཁྱིམ་རྒྱུད་དུས་རབས་བར་བླ་མ་ཤ་སྟག་སྐྱེས་པ་དེར་ངོས་འཛིན་ཅི་ལྟར་བྱ་དགོས་སམ།

 
 
24.12.2012 09:36:49

འོ་རེད་དྲ་གྲོགས་ཡོངས་འཚམ་འདྲི་ཞུ་བ་དང་ཆབ་གཅིག
ངས་བསྔོན་བྱུང་་གིས་གནས་ཚུལ་ཞིག་ཁྱེད་རྣམས་ཀྱི་འདི་གསུང་དུས་དྲན་སོས་བྱུང་།
དངོས་གནས་བྱས་ནས་ཞུས་ན་དཔལ་འབྱོར་ཟེར་དེ་ཡོད་དགོས་ངེས་ཞིག་ཡིན་ཀྱང་ང་ཚོའི་ངོས་
རྒྱུ་འབྱོར་བའིཐོག་ནས་བཤད་བཞིན་སྡད་ཚེ་དོན་དངོས་པོའི་དམིགས་འདུན་དེ་རླགས་རྒྱུའི་ཉེན་ཁ་ཧ་ཅང་ཆེ།
གང་ཡིན་ཟེར་ན་འདས་པའི་བཀའ་བློན་ཁྲི་པས་མི་རབས་གང་མས་ཁྲག་གསོག་རྣག་གསོག་བྱས་ས་ཁང་ཡོངས་རྫོགས་རང་ཉིད་ལ་དགའ་པོ་དང་རྒྱབ་སྐྱོར་བྱེད་་མཁན་གྱི་ལག་ཏུ་བཞག་ཏེ་དེའི་རིན་འབབ་འཕྲན་བུ་བྱུང་བ་དེ་བོད་མི་ཚོར་བྱས་རྗེས་སུ་རྩིས་ཧམ་བཤད་ཀྱིས་རང་མགོ་རང་གཡོག་གིས་ངོ་སོ་ཆེན་པོ་བྱས་པའི་དངོས་ཡོད་ཀྱིས་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད་པ་རེད།
ད་རེས་ཀྱང་སྐུ་ཡི་སྤྱི་འཐུས་ཞིག་གིས་ཀྱང་འདི་ལྟར་གསུང་དུས་ང་ཚོའི་རྩ་དོན་རྗེད་ཚར་བའི་ཚོར་སྣང་གིས་གཏམ་ཤས་ཤག་ཤོར་སོང་།
བོད་དོན་བག་ཡོད།།

 
 
24.12.2012 14:22:38

བླ་མའི་ཁྱིམ་རྒྱུད་ནས་བླ་མ་བར་མ་ཆད་པར་སྐྱེ་བཞིན་པ་ནི་རྫུན་མ་རང་དུ་ངོས་འཛིན་བྱེད་ན་ཆོག གལ་ཏེ་དེ་ལ་སྐྱོན་འཛུགས་བྱེད་མཁན་ཚོ་དམ་ཉམས་དང་ཀླ་ཀློ་སོགས་ཟེར་ངེས་མོད། ལབ་ནའང་ལབ་བཅུག་ང་ཚོས་གནས་སྟངས་ཇི་ཡིན་བཤད་པ་དང་ཤེས་པ་དེ་གལ་ཆེ་པོ་ལས་མི་ཡི་ངོ་འགྲོས་བྱས་ནས་ཤོད་དགོས་ཀྱི་མ་རེད་དྲན་གྱི་འདུག ལྷག་པར་དུ་དུས་རབས་གསར་པའི་མི་དང་། ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཆགས་འདོད་ན་གནས་ཚུལ་ཇི་བཞིན་བཤད་དགོས། དེའི་སྐོར་ལ་བགྲོ་གླེང་འདྲ་ཚོགས་ན་ང་ལ་གཤད་རྒྱུ་མང་པོ་ཡོད། ངས་ངོ་ཤེས་པ་རྐྱང་བླ་རྫུན་དང་མཁན་པོ་རྫུན་མ་བཟོས་པ་ཕལ་ཆེར་མི་ཉི་ཤུ་ལྷག་བྱུང་སོང་། དེ་ཚང་མ་དངུལ་གྱི་ཆེད་དུས་བཟོས་པ་རེད་ལ། ཚང་མ་རྒྱུ་ཡང་ཆེན་པོ་ཆགས་འདུག ཕལ་མོ་ཆེ་ཐེན་ཝན་དང་སིང་ག་སྤུར་ལ་འགྲོ་མཁན་དེ་འདྲའི་རེད། དེ་ཚོས་ལས་རྒྱུ་འབྲས་བརྩི་ཡི་མ་རེད་དོ།

 
 
24.12.2012 23:38:51

འོ་ཡ་་་་་དྲ་གྲོགས་འདི་ཚོ་ཕྱུག་པོ་ལ་དགའ་མཁན་རེད་མི་འདུག  ངའི་ཕ་ཡུལ་ལ་ཁ་དཔེ་ཞིག་ཡོད། ཕྱུག་པོ་ཡུལ་གྱི་རྒྱན་ཟེར བྱ་བ་གང་ཡིན་ཡང་ཧུར་བརྩོན་མེད་པར་ཡོང་ཐབས་མེད། གཡོ་ལས་ཀྱིས་ཕྱུག་བདག་གྱུར་བ་ཡོངས་འདིར་གླེང་གཞི་མིན།  བརྩོན་འགྲུས་ཅན་གྱིས་རྫོགས་སངས་རྒྱས་དང་ལེ་ལོའི་དབང་གིས་མི་ཡུལ་འཁྱམ་ཟེར་བ་ལྟར་བཤད་ཁུལ་ཡིན་ལགས།

 
 
25.12.2012 10:23:27

གངས་ལྷ་མོ་ལགས། ཕྱུག་པོ་ཡུལ་གྱི་རྒྱན་རེད་ཟེར་བར་རྒྱུ་མཚན་ཡོད་པ་འདྲ། ཕ་རྒྱུད་བུ་རྒྱུད་ནས་ཕྱུག་པོ་ཁ་ཤས་ངོ་མ་འགྲོ་ལུགས་འདུག་སྟངས། མི་ལ་ཁ་བརྡ་བྱེད་སྟངས། རང་གི་རྒྱུ་ནོར་བེད་སྤྱོད་གཏོང་སྟངས་མཛེས་པ་སོགས་ངོ་མ་ཡུལ་གྱི་རྒྱན་རེད་འདུག ཡིན་ན་ལས་དེང་གི་ཕྱུག་པོ་ཚོས་སྐྱོ་པོ་ཚོའི་སྒང་དུ་རྫིག་རྫིག་བྱེད་རྒྱུ་དེ་རེད། རྒྱལ་པོ་སྤྲང་པོ་ཆགས་ནའང་ཉིན་རེ་རྒྱལ་ལུགས་ཐེངས་གསུམ་བྱེད། སྤྲང་པོ་རྒྱལ་པོ་ཆགས་རུང་ཉིན་རེ་སྤྲང་རྟགས་ཐེངས་གསུམ་བསྟན་ཟེར་བ་ནི་ངོ་མ་བདེན་པ་རེད་ཤག སྔོན་གོམས་པའི་བག་ཆགས་དབང་གིས་རྟགས་དེ་དག་བསྟན་པ་ང་ཚོས་དངོས་སུ་མཐོང་ཐུབ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -