ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.04.2012 12:34:10
འཆམ་ར་དྲི་མེད་རྒྱལ་མཚན།

ད་ལོའི་ཚོགས་ཆེན་འདི་སྒེར་གཅོད་རེད་དམ།
ན་ནིང་དམིགས་བསལ་ཚོགས་ཆེན་དེ་རྡ་སར་འཚོགས་པ་རེད་ལ། སྐབས་དེར་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་དེ་འདྲའང་བཏང་པ་རེད། བསྒྱུར་བཅོས་དེའི་གནད་ཆེ་ས་ཞིག་ནི། བོད་གཞུང་ཞེས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་ཀྱི་མིང་ཚིག་བླ་ན་མེད་པ་དེ་རྩ་མེད་བཏང་པ་རེད་ལ།

དེའང་སྤྱི་མོས་མ་ཚད་མང་མོས་བྱུང་མེད་པའི་ཁར། དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ཀྱི་བཀུར་པར་འོས་པའི་བསམ་ཚུལ་དང་། ལངས་ཕྱོགས་རྣལ་མ་རྣམས་ནག་ཧྲིལ་ལེར་རྡོག་རོལ་བཏང་ནས། གོང་རིམ་མི་སྣ་འགས་རྒྱལ་བའི་ཐོ་ཆེན་ཡ་མེད་དེ་གནམ་ལ་འཕྱར་ཞོར། དགོས་པ་ཡོད་ལུགས་ཀྱི་དགྲ་བསྟུན་འགྲེལ་བཤད་དམར་དམར་ཞིག་བརྒྱབ་ནས་སྡིག་པ་མིག་བཙུམ་བྱས་པ་རེད།

འོན་ཀྱང་དེའི་རྗེས་སུ་དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ཀྱི་མི་འདོད་པའི་རྣམ་འགྱུར་རྣམས་ཟངས་ཆེན་ཁ་ནས་འོ་མ་བཞིན་གྱེན་དུ་འཕྱུར་སོང་ཡང་། ཡར་ཕྱོགས་ནས་ཁེབས་གཅོད་ལེབ་ལེབ་གཅིག་གིས་ཏག་ཏག་བཀབ་སོང་། ཡིན་ནའང་མང་ཚོགས་ནི་ནམ་ཡང་སོ་སོའི་ལངས་ཕྱོགས་དང་ཁ་འབྲལ་ཐབས་མེད་དུས། ད་དུང་གནད་དོན་དེའི་ཐད་ནས་སེམས་པ་ལྷིང་འཇགས་ཞིག་བྱུང་མེད་ལ། མ་བྱུང་པའི་དུས་ཚོད་འདི་དག་གི་རིང་། གོ་སྐབས་ནམ་བྱུང་ཚེ་གླེང་གིན་པ་ལྟར། རྩོད་ངེས་རེད།

འདིར་བཤད་མོས་པ་ཞིག་ནི། སྒེར་གཅོད་འདི་དག་གི་གྲིབ་འོག་ནས་ད་ལོའི་འཚོགས་རྒྱུའི་ཚོགས་ཆེན་དེའང་བསྡུ་གིན་ཡོད་ན། ད་ལྟ་ནས་ཚོགས་ཆེན་ལབ་དུས་བོད་མི་ཚོར་ཡི་ག་དེ་ཙམ་མེད་པར་བྱས་ཟིན་ཡོད་པ་ལྟར། རེ་བ་མང་པོ་ཞིག་རྒྱག་གིན་མེད་ལ། མདོ་དོན་འགྲོ་སོང་འཕྲོ་རླག་གཏོང་བྱེད་ཙམ་དུའམ། ལག་པ་ཕྱི་ས་ཞིག་ཡིན་དུས། དེར་རེ་བ་མེད་པའི་ཁར་མཚམས་རེར་ཞེད་སྣང་ཀྱང་ཡོང་གིན་ཡོད།

༤༩་ལོ་ནས་བརྩིས་པའི་ད་བར་བོད་མི་རིགས་འདིའི་ཚེ་སྲོག་གི་གཤེད་མ་ཉག་གཅིག་དེ་ནི་དགྲ་ནག་ཁོ་ན་ཡིན་ལ། འདིའི་ལྷན་དུ་འདུག་རྒྱུའི་གྲོས་གཤོམ་བཞིན། ཚུར་བྲོས་ས་དེའམ། ཐོད་པར་མེ་མདའ་གཏད་ནས་འཇིགས་བསྐུལ་དང་། སྤུན་གཉེན་མང་པོ་ཞིག་སྡུག་སྦྱོང་མནར་གཅོད་ཁོ་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འཕྲོག་མཁན་དེར་དེང་སང་ཕར་ཞུ་བ་འཐེན་བཞིན། བྲང་རུས་མདེལ་ཁར་བཟེད་ནས་ཕྱིར་འགྲོ་ས་རག་གི་འདུག་གམ་ལྟ་བཞིན་པ་རེད།

གནས་སྟངས་འདི་དག་མང་ཚོགས་ཀྱིས་ད་བར་བྲང་རུས་འོག་ཏུ་བཙན་བརྫངས་བྱས་ཡོད་པའི་ཁར། ལོ་རྒྱུས་ལྡན་པའི་མིང་ཚིག་བླ་ན་མེད་པ་དེའང་གཙང་གསུབ་བྱས་ཟིན་པ་རེད། དེ་བཞིན་བཙན་པོ་རིམ་བྱོན་ནས་ཁྲག་དང་སྲོག་གིས་ཉོས་པའི་ས་ཁོངས་བདག་དབང་གི་གནད་དོན་དག་ཀྱང་སྒེར་བདག་བྱས་ཏེ་རིན་མེད་ཐོག་བཙངས་ཟིན་སོང་། ད་ལྟ་ལྷག་ཡོད་པ་ནི། རྒྱལ་གླུ་བརྗེ་བསྒྱུར་དང་། སེང་དར་ཚབ་ཏུ་དར་དམར་བསྒྲེང་རྒྱུ། དེ་བཞིན་ཀྲུང་གོའི་གངས་ཅན་སྐྱིད་གཤོང་ཞེས་སྒོ་བྱང་བརྗེ་རྒྱུ་ཙམ་ཡིན་ལས་ཆེ།

ཅི་སྟེ། ད་ལོའི་གྲོས་ཚོགས་གཙོ་བོས། གཞོན་ནུ་ལྷན་ཚོགས་ལ་སྔོན་མེད་ཀྱི་བསྟོད་བཀུར་བླ་ན་མཐོ་བ་ཞིག་དང་། དེ་བཞིན་སྲིད་སྐྱོང་ཁྲི་བས་ཀྱང་། འོས་ལངས་སྐབས། ༢༠༠༨ ལྟར་ཛ་དྲག་གི་གནས་ཚུལ་ཐོན་ན་དེར་དོན་ཕན་ལྡན་པའི་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཡང་ཡང་གསུང་ཡོད་པས། ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་གནམ་སའི་བར་ནས་མེ་ལྕེ་དང་ལྷན་གཡོ་བཞིན་པའི་དུས་ཚོད་འདིར། ཁོང་གིས་མེ་ལྕེ་འདི་དག་གི་འཐབ་རྩོད་འདི་དགྲ་དང་མཉམ་དུ་འདུག་རྒྱུ་དེ་རེད་འདུག་གམ། ས་ཁོངས་བདག་དབང་མི་ལ་སྤྲད་རྒྱུ་དེ་རེད་འདུག་གམ། བོད་གཞུང་ཞེས་པ་རྩ་མེད་གཏོང་རྒྱུ་འདི་རེད་འདུག་གམ། ཡང་སྙིང་འཛམ་བུ་གླིང་ན་བོད་རྒྱལ་ཁབ་ཅེས་པ་ཞིག་མེད་པ་བཟོ་རྒྱུ་དེ་རེད་འདུག་སོགས་ཀྱིས་ཐད་ནས་ཞིབ་འཇུག་བྱེད་ངེས།

ཞིབ་འཇུག་དེ་དག་གི་ནང་དུ་༤༩ ནས་ཚེ་སྲོག་ཁྲི་ཕྲག་ལྷག་གི་བློས་གཏོང་དེ་དག་ཀྱང་ཚུད་དགོས་ལ། དེ་བཞིན་༨༩ དང་ ༢༠༠༨། ད་དུང་ན་ནིང་དང་ད་ལོའི་ཚེ་སྲོག་ཡོངས་འདུས་དགོས། དེ་ལྟར་འདས་པོ་ཚོའི་རྣམ་ཤེས་ཀྱི་འབོད་པ་དག་ལ་གཞིགས་རྗེས། འདི་ནས་མིག་ཆུ་ཤར་རེ་དགྲ་བོ་ལ་སྡུག་སྨོད་བྱེད་ཀྱིན་པའི་རྒན་མགོ་དཀར་ནས་ང་ཚོའི་དགྲ་བོ་གུང་ཁྲན་ཏང་རེད་ཅེས་འབོད་སྡོད་མཁན་གྱི་ཆུང་བྱིས་པ་ཡན་ཆད་ཀྱི་བོད་མི་གསོན་པོ་དག་གི་བསམ་ཚུལ་དང་རྨི་ལམ། མངོན་འདོད་དང་ན་ཟུག་དག་ལ་བརྩི་བཀུར་དང་། འདི་དག་རྩ་དོན་འཐབ་རྩོད་ཀྱི་རྨང་གཞིར་འཇོག་དགོས།

གལ་སྲིད་དེ་ལྟར་འདས་གསོན་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ལ་གུས་བཀུར་བྱས་རྗེས། དེ་དག་གི་བསམ་འདུན་ལྟར་ལག་ལེན་དུ་བསྟར་དགོས་པར་འདོད། ཉེ་ཆར་སྲིད་སྐྱོང་ཁྲི་བས་ཀྱང་། འབའ་མ་ལ་མང་གཙོའི་རྒྱལ་ཁ་ཐོབ་པ་ནི་བྱུང་མ་སྲིད་པ་ལྟ་བུའི་རྒྱལ་ཁ་ཞིག་རེད་ཅེས་པ་ལྟར་ང་ཚོའང་རྒྱལ་ཁའི་ལམ་ཁ་མེད་པ་མིན་ལ། དེ་བཞིན་རྒྱ་གར་རྒྱལ་ཁབ་ལ་མཚོན་ནའང་ལོ་ངོ་༢༠༠ ལྷག་དབྱིན་ཇིའི་འོག་ཏུ་རང་བཙན་ཤོར་ཡང་། ཁོང་ཚོར་ཕྱིར་རང་བཙན་རག་ཡོད་པའི་ཁར། གནའ་བོ་རིག་གཞུང་དང་། སྲོལ་རྒྱུན་ཆས་ལུགས་སོགས་བརླག་ཐུབ་མེད། དེས་མ་ཚད་ད་ལྟ་ནི་རང་ཚུགས་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུའང་འགྱུར་བཞིན་ཡོད་པ་ལྟར་རེད།

དགྲ་དང་ལྷན་དུ་འདུག་འདོད་ཟེར་མཁན་ཚོར་མཚོན་ན་ཐབས་ལམ་ཁྱད་པར་བ་ཞིག་མེད་ལ། དགྲ་ལག་ནས་སྒུག་གི་ཡིན་ལབ་པ་ཙམ་རེད།

མདོ་དོན་ཚོགས་ཆེན་ཞིག་བསྡུ་རུ་འདོད་ན། མང་ཚོགས་ལ་བརྩི་བཀུར་གནང་དགོས་ལ། མང་ཚོགས་དང་དེའི་བསམ་ཚུལ་དང་མངོན་འདོད་ལ་བརྩི་འཇོག་མེད་པའི་ཚོགས་ཆེན་དང་ཚོགས་ཆུང་ནི་ཡོད་པ་ལས་མེད་ན་དགའ་བ་ཞིག་ཏུ་འཁུམས་སོ།

ཞེས་༢༠༡༢་༤་༡༡ ཉིན་བྲིས་ནས་སྤེལ།


  རྡོག་རྩ་ཆིག་སྒྲིལ
 

11.04.2012 15:30:41

སློབ་དཔོན་དྲི་མེད་ལགས།
རྒྱབ་སྐྱོར་ཡོད། ཚོགས་ཆེན་ཟེར་བ་མང་པོ་འཚོགས་པ་རེད། སྔར་ལོ་ཚོགས་ཆེན་སྐབས་སུ་བཙན་བྱོས་བོད་གཞུང་གི་མིང་ཚིག་རང་འཇགས་བཞག་དགོས་པར་དམངས་མོས་བྱུང་བ་རེད། ཡིན་ནའང་སྒེར་གཅོད་པ་ཚོས་དམངས་མོས་ལ་བརྩིས་མེད་རྡོག་རོལ་དུ་བཏང་ཡོད། གནང་སྟངས་འདི་དག་ལ་བལྟས་ན་བཙན་བྱོས་བོད་མི་ལ་དམངས་གཙོའི་རང་དབང་ཐོབ་མེད། སྒེར་གཅོད་ཁ་ནའི་འོག་ཏུ་བོད་མི་རིགས་ཀྱི་ཆབ་སྲིད་ཉམ་རྒུད་ཕྱིན་སོང་། བོད་མི་དམངས་ལ་སེམས་ཤུགས་དང་ལྷག་བསམ་ཡག་པོ་ག་ཚོད་མི་འདུག་གམ། ང་རང་ཚོ་མིན་ནའང་འཛམ་གླིང་ཐོག་ཏུ་འཐབ་རྩོད་པ་མང་པོ་རེད། དཔེར་ན། ཏ་མུ་ལི་དང་ཡུ་གུ་སོགས་ཀྱི་མི་དམངས་ལ་བལྟས་ན་བོད་མི་དམངས་ནི་ཧ་ཅང་སེམས་ཤུགས་དང་འགན་ཁུར་ཡག་པོ་བྱེད་མཁན་གྱི་མི་དམངས་རེད།

ད་་་ང་རང་ཚོ་ལ་རེ་བ་ཉག་གཅིག་ཡོད་པ་ནི་སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་འགྱུར་བ་ཞིག་གཏོང་ཡོང་མིན་བལྟ་རྒྱུ་རེད། གལ་སྲིད་མུ་མཐུད་ནས་ཆབ་སྲིད་ལམ་ཕྱོགས་འགྱུར་མེད་པ་འགྲོ་གི་ཡིན་ན་བོད་མི་དམངས་ཀྱིས་རང་སྲོག་དོར་དགོས་དོན་མི་འདུག་སྙམ། རྒྱབ་སྐྱོར་བྱེད་དགོས་དོན་ཡང་མི་འདུག ངས་རྟག་པ་དྲན་ཡོང་བ་ནི་བཙན་བྱོལ་བོད་གཞུང་གི་མིང་ཚིག་སླར་གསོ་མ་བྱེད་ན་བོད་མི་རྣམས་ཀྱིས་དང་བླངས་བཅའ་ཁྲལ་འབུལ་རྒྱུ་མཚམས་འཇོག་དགོས་པ་རེད་འདོད། བཙན་བྱོལ་བོད་གཞུང་མཚན་བྱང་དང་རྒྱལ་རྟགས་གཉིས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་བདག་པོ་བརྒྱབ་བསྡད་ཡོད་པས་དང་བླངས་བཅའ་ཁྲལ་གཞོན་ལྷན་ལ་ཕུལ་ན་འགྲིག་རེད་འདོད།

གཞན་་་་ག་ཚོད་མི་དམངས་ཀྱིས་རེ་འབོད་བྱས་ཀྱང་བརྩི་མེད་རྡོག་རོལ་གཏོང་མཚམས་བཞག་གི་མི་འདུག བཙན་བྱོལ་མི་དམངས་ལ་ཐབས་ག་རེ་ཡོད་དམ། ངོ་རྒོལ་བྱེད་ནའང་མ་འགྲིག་པ་མི་འདུག་སྙམ་གྱི་ཡོད། དྲ་གྲོགས་ཚོས་བྱས་ན་བཙན་བྱོལ་བོད་གཞུང་སླར་གསོ་ཡོང་བའི་ཆེད་དུ་ངོ་རྒོལ་ལས་འགན་ག་འདྲ་སྦེལ་ན་ཡག་བ་འདུག་གམ།


 
 
11.04.2012 15:49:54


གྲོགས་འཆམ་ར་བས་དུས་ཡུན་རིང་པོ་ཞིག་ལ་བྱ་ར་བྱས་པའི་རྗེས་
རྒྱུད་རིམ་ལྡན་༷པའི་དངོས་ཡོད་ཀྱི་གནས་ཚུལ་ལོ་རྒྱུས་དང་དངོས་དོན་སོགས་ལ་
མཐུན་པའི་དངོས་ཡོད་ཀྱི་གནས་སྟངས་དང་


 
 
23.11.2012 11:04:36

དཔེ་འདྲ་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -