ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.04.2012 05:25:39
འཆམ་ར་དྲི་མེད་རྒྱལ་མཚན།

དྲ་བདག་ཚོས་ཉོན་ཨང་། མེད་པ་བརྒྱད་ཀྱི་ཡར་ཞུ་ཡོད།
ཉིན་ཞག་དང་ཟླ་ངོ་མང་པོ་ཞིག་ཕྱིན་སོང་། བསམ་ཚུལ་དངོས་བརྒྱུད་གཉིས་ནས་ཞུས་ཡོད། འོན་ཀྱང་ཟིན་བྲིས་ར་བ་འདིར་དེང་སང་སྣང་མེད་ཀྱིས་ཟུར་འཇོག་བྱས་བྱུང་བས་རྒྱུ་མཚན་ག་རེ་ཐུག་པ་རེད། འདི་ལ་ཡོང་སྒོ་མེད་པས་རེད་དམ།

སྣང་མེད་ཅེས་པའི་ནང་དོན་ནི། ༡་ཟིན་བྲིས་སྤེལ་མ་ཤེས་ནས་ཡུག་ཅིག་ཏུ་སྤེལ་དུས། དེར་ཉིན་ཞག་མང་པོར་སྔོན་ལྟར་སྐྱར་སྒྲིག་མེད་པ། ༢་ཟིན་བྲིས་སྐྱར་ཟློས་སྤེལ་དུས་བསྡུ་སྒྲིག་མེད་པ། ༣་ཞུ་དག་པའི་ལས་བྱེད་བསྐོ་དུས་ཁ་ཡ་མེད་པ། ༤་བསམ་ཚུལ་གྱི་བསྐུལ་མ་ཞུ་དུས་ལག་ལེན་མེད་པ། ༥་ཟིན་བྲིས་པའི་པར་རིས་མེད་དུས་དོ་དམ་མེད་པ། ༦་ཉོག་བཤད་དང་ངན་ཚིག་སྨྲ་དུས་འགོག་སྡོམ་མེད་པ། ༧་ཟིན་པ་ཚོ་སུན་སྣང་སྤྲོད་དུས་སྲུང་སྐྱོབ་མེད་པ། ༨་གྲོས་ཆོད་དང་གྲོས་འཆར་དེ་དག་ལག་ལེན་མེད་པ་སོགས་རེད།

འདི་དག་ནི་དྲ་བ་འདིར་ཞེན་ནད་ཀྱིས་ཞུས་པ་ལས། ལས་བྲེལ་གྱི་འོག་ནས་ཁྱེད་ཅག་ན་བཞིན་པའང་ཤེས། འོན་ཀྱང་ཡ་མེད་གནང་དུས་ན་ཟུག་ཆེ་རུ་འགྲོ་གིན་འདུག་གོ ཧཧཧ སྤྲོ་ལངས་ན་སྤྲང་པོ་རྡུང་མཁན་རྒྱུགས། ཚིག་པ་ཟ་ན་ཚིག་མགོ་རྡོ་ལིས་རྡུངས།

འོ་ཡ། དྲ་ཐག་འདིའི་སྟེང་དུ་ཤམ་བྷ་ལའི་ཟིན་པ་ཡོངས་ཀྱིས་ཉིན་གཅིག་གི་དུས་ཚོད་བཏང་ནས་བསམ་ཚུལ་བཤད་པའི་སྐད་ཆ་རྣམས་ཡོད།

འདིའི་སྟེང་ཟིན་བྲིས་སྤེལ་ཕྱོགས་དང་འབྲེལ་བའི་ཟིན་བྲིས་པ་ཚོས་ལྟ་དགོས་སའི་ཤེས་བྱ་འགའ་ཤས་ཡོད།

ད་དུང་འདིར་དྲ་འབྲེལ་འཇོག་བསམ་པ་ཞིག་ལ་དྲ་བདག་གིས་བཞག་པའི་ཤམ་བྷ་ལའི་སྤྱི་ཁྲིམས་དོན་ཚན་འགའ་བྱས་པ་ཞིག་ཡོད། དེ་དྲ་བདག་གི་ཟིན་བྲིས་ནས་བཙལ་ཡང་གཏན་ནས་རག་མ་སོང་། གལ་སྲིད་ཤེས་མཁན་བྱུང་སོང་ན་འོག་ཏུ་འཇོག་རོགས།

༢༠༡༢་༤་༨ འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ཕུལ་ལོ། ཤམ་བྷ་ལ་རྒྱལ་ལོ།


  རྡོག་རྩ་ཆིག་སྒྲིལ
 

08.04.2012 07:43:58

སློབ་དཔོན་དྲི་མེད་ལགས་བདེན། གླིང་གེ་སར་རྒྱལ་པོའི་བྱ་བ་འདིར། བྱེ་མའི་ཁང་པ་རྒྱབ་པར་འདྲ། ཕྱོགས་གཅིག་ནས་རྩིག་ན་གཅིག་ལོག་་་་ཞེས་པ་ལྟ་བུའི་ཤམ་བྷ་ལའི་དྲ་རྒྱ་འདི་ཡང་ཕྱོགས་གཅིག་ནས་འགྲིག་ན་གཅིག་ནས་མི་འགྲིག་པའི་གནད་དོན་ཡོང་གི་ཡོད། བོད་ཡིག་རྒྱ་དྲ་ནི་དེང་གི་ཆ་ག་ཆེན་དོན་ཆེན་རེད་འདོད། དྲ་རྒྱ་དོ་དམ་པས་ཆ་གཞི་དང་གསར་གཏོད་བྱ་རོགས་བྱོས།

 
 
08.04.2012 08:59:22

དྲི་མེད་ལགས།་ཁྱེད་ཀྱི་དགོངས་ཚུལ་ཡག་པོ་ཞེ་དྲག་འདུག དེང་སང་ཟིན་བྲིས་པ་ཉུང་དུ་འགྲོ་བའི་ཚོར་སྣང་བྱུང་། ང་ཚོ་མཉམ་རུབ་ཀྱི་ཤུགས་རྒྱག་དགོས་ཀྱི་འདུག་མཆན་གང་མང་འདོགས་རོགས་ཞུ་རྒྱུ་ཡིན


 
 
08.04.2012 09:30:29


 
 
09.04.2012 05:11:00

ཅོ་རི། རྒྱ་སྟུག དགེ་བཤེས། སོགས་ཕེབས་ནས་རྒྱབ་འདེད་གཏོང་གིན་པར་དོན་ལྡན་རེད། འོན་ཀྱང་དྲ་བདག་ཞི་བའི་གོམ་བགྲོད་ལ་ཆས་སོང་པ་རེད་དམ། གཉིད་ལོག་ཤོར་སོང་བ་རེད། ད་དུང་མིག་བལྟས་ཙམ་ཡང་མི་འདུག མཉམ་འབྲེལ་རྒྱལ་ཚོགས་དང་གཅིག་པ་རྒྱུན་རིང་འབོད་དགོས་པ་མིན་ནམ། ཧཧཧ

 
 
09.04.2012 11:35:26

ཁྱོད་ཀྱི་བསམ་ཚུལ་ཡག་པོ་ཞིག་གསུང་འདུག་ནམ་ཡངབརྗེས་སུ་འཇུག་ཆོག་
ང་ལྟ་བུ་ནིཤེས་རིགས་ལ་བློ་ཆུང་ཞིག་ཡིན་པས་ཁྱོད་ཀྱིས་གང་བཤད་པ་དེ་ཡག་པོ་ཞིག
ཤེས་ཀྱི་མི་འདུག་སྟེ་ཡིན་ན་ཡང་ཁྱོད་ནི་ངའི་སེམས་ནང་གི་དགེན་ཡག་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་
ཁྱོད་ཀྱིས་སྐད་ཆ་ཡོད་ཚད་མི་རིག་ལ་ཕན་པའི་སྐད་ཆ་ལས་མེད་ཞེས་ལབ་ན་ཆོག་པ་ཞིག་རེད་དྲན་གྱི་འདུག་
ངས་ནམ་ཁྱོད་ནུས་པ་དང་ལྡན་པ་ཞིག་ལ་ཡིད་ཆེས་ཡོད་་་་
ངས་ཁྱོད་ལ་དཀའ་དྲིན་ཆེ་ལབ་ཀྱི་ཡིན་་་་་་་་་་བདེ་ལེགས་སྨོན།


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -