ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.04.2012 12:19:44
མཁར་སྒང་བསོད་ནམས་དབང་ལྡན།

བཅུ་ཕྲག་ཟམ་ཆེན་བརྒལ་བའི་ཕ་རོལ་ན། །
གནའ་དེང་གཙུག་ལག་ནགས་ལ་དབང་བསྒྱུར་ཅིང་། །
ཆོས་སྲིད་ཁུ་ཆེན་འདེགས་པའི་གདོང་ལྔ་པ། །
གསང་གསུམ་མཛད་བཟང་བོད་ལ་དབང་བར་མཛད། །

བློ་གྲོས་ཁྱོན་ཡངས་ཆུ་གཏེར་ཆེ་ལས་འགོངས། །
བཟང་པོའི་གསུང་གིས་འདོམས་ཚུལ་ཀུན་ལས་འཕགས། །
བསྟན་པའི་གནད་ལ་མཁྱེན་རྩལ་ཀུན་རྫོགས་པའི། །
འཛིན་མའི་མཛེས་རྒྱན་བླ་མར་གུས་ཤིང་བསྔགས། །
ཡང་ན།
གནའ་དེང་གཙུག་ལག་ཟམ་པར་སྟེགས་འཆའ་ཞིང་། །
ཆོས་སྲིད་ཁུར་ཆེན་དགུང་དུ་འདེགས་མཁས་པའི། །
གདོང་ལྔའི་དབང་པོ་ཁྱེད་ཀྱིས་གངས་ཅན་པར། །
ཕུལ་བྱུང་ཞབས་རྗེས་བཞག་པ་ཟུབ་ཏུ་མེད། །
བློ་གྲོས་ཆེན་པོས་བདེན་མཐའ་གསལ་སླད་དུ། །
བཟང་པོའི་ཐབས་ཇུས་སྣ་ཚོགས་འགྲེལ་བཤད་བཅས། །
བསྟན་ཏེ་རང་དབང་སླར་གསོ་ཆོས་སྲིད་གཉིས། །
འཛིན་སྐྱོང་སྤེལ་བའི་རྩ་བ་བརྟན་པར་མཛད། །
ཅེས་པ་འདི་ནི་འཕགས་ཡུལ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་མི་མང་སྤྱི་མགྲིན་གྱིས་བཀའ་བློན་ཁྲི་ཟུར་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གང་ཉིད་ལ་བཀའ་དྲིན་མཛད་རྗེས་བླ་ན་མེད་པ་དྲན་རྟེན་དུ་གུས་པ་ཆེན་པོས་ཕུལ་བ་ལགས་སོ། །
༼ཞེས་པ་འདིའང་གོ་སྒྲིག་པས་སྐུལ་མ་གནང་བ་ལྟར་གུས་པ་མཁར་སྒང་བསོད་ནམས་དབང་ལྡན་གྱིས་བྲིས་པའོ།།༽

  བསྟོད་པ།
 

06.04.2012 02:46:15

hhh

 
 
06.04.2012 13:31:40

ཚིགས་བཅད་དེ་དག་ཟམ་གདོང་རིན་པོ་ཆེའི་ཡོན་ཏན་རང་གིས་མཐོང་བས་ཡིད་བརྟན་འཕྲོགས་ནས་བྲིས་པ་ཞིག་རེད་དམ། ཡང་ན་དེ་འདྲའི་གང་ཡང་མིན་པ་གཞན་གྱིས་ཆེད་དུ་བསྐུལ་བ་ཞིག་ཡིན། མ་གཞི་ཚིགས་བཅད་རྐང་ཁ་ཤས་ལ་དེ་ཙམ་གྱིས་ང་རྒྱལ་འདྲ་བྱེད་ཨེ་དགོས། གཞན་གྱིས་སྐུལ་མ་བྱས་ནས་ངས་བྲིས་པ་ཡིན་ཟེར་བ་དེས་མཁས་ཉམས་ཤིག་སྟོན་འདུག ཁྱེད་མཁས་པ་ཡིན་སྲིད་ཀྱང་ཉམས་དེ་འདྲའི་རང་མ་བྱེད་ཨང་། ཧཧཧཧཧཧཧཧཧ།་སྐུ་རྩེད་ཡིན་དཱ

 
 
06.04.2012 14:36:22

རྒྱ་སྟུག་ལགས། ཡོན་ཏན་དེ་དག་ནི་རང་གིས་མཐོང་ཞིང་། ཁོང་ལ་གཟེངས་རྟགས་འབུལ་སྐབས་བསྟོད་ཚིག་ཤོ་ལོ་ཀ་གཉིས་ཙམ་ཡོད་པ་ཞིག་འབྲི་དགོས་པའི་སྐུལ་མ་བྱུང་བ་ལྟར་བྲིས་པའི་ཤོག་འཛར་ཞིག་ལྷག་འདུག་པ་འདིར་བཀོད་པ་ཙམ་ལས། དམིགས་ཡུལ་གཞན་པ་གང་ཡང་མེད།

ལར་ནས་ཁོང་གི་གསང་གསུམ་གྱི་ཡོན་ཏན་གྱིས་ཡིད་འཕྲོག་པའི་ཚད་ནི་བརྗོད་མི་ཤེས་པ་ཞིག་ཡོད་སྟབས། དེས་ཀྱང་རྩོམ་ཐུང་འདི་འདིར་བཀོད་པའི་རྒྱུ་བྱས་པ་འདྲ། ཧཧཧཧཧཧཧཧཧཧཧ

 
 
06.04.2012 15:20:07

གྲོགས་པོ་ལགས། སེང་གེ་ནི་ནགས་སུ་གནས་པའི་སེམས་ཅན་ཞིག་ག་ལ་ཡིན། གངས་ཀྱི་ཁྲོད་དུ་གནས་པའང་ག་ལ་ནུས། འོན་ཀྱང་བོད་ཀྱི་སྙན་ངག་ཁྲོད་གངས་ལ་གནས་པར་བརྗོད་པ་ལས་ནགས་སུ་གནས་པར་གང་ལ་བརྗོད་ཡོད། དཔེར་ན་གངས་དང་སེང་གེ་སྦྱར་བ། ནགས་དང་རྒྱ་སྟག་སྦྱར་བ། རྫ་དང་འབྲོང་སྦྱར་བ། སོགས་ཡོད་པ་ལས་ནགས་ཀྱི་སེང་གེ་ཟེར་བ་ག་ལ་ཡོད། འོན་ཀྱང་དགེ་ཆོས་ཀྱིས་གངས་ཅན་ནགས་ལ་གནས་པའི་སེང་གེ་ཟེར་བ་མིང་བསྡུས་ནས་གངས་སེང་ཟེར་བ་བརྗོད་བྱ་རུང་བ་བཤད་པ་དེ་ནི་དངོས་པོའི་གནས་ཚུལ་བཤད་པའི་སྐབས་ཡིན་པ་ལས་དེ་ཙམ་ཞིག་གིས་དོན་དེར་ཕན་འབྲས་མི་ཡོང། ད་དུང་ཆུ་ཡི་སེང་གེ་སོགས་མ་བྲིས་པ་གང་ཡིན་ནམ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -