ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

04.04.2012 02:15:55
འཆམ་ར་དྲི་མེད་རྒྱལ་མཚན།

ཆར་ཆུ་མེད་པའི་ལོ་ཟླ།
འུར་འུར་དུ་ལྡང་པའི་རླུང་དམར་དེའི་གསེང་ནས
ཐལ་རྡུལ་ཚོས་ངར་ཤུགས་གཅིག་ཏུ་བསྒྲིལ་ཏེ་གཡུལ་གཤོམ་སོང་ལ
གཡུལ་ས་ནས་ཁྱི་ལྡོམ་ཚོས་ཀྱང་ངུ་ཟུག་རེ་སྟོང་དབྱིངས་སུ་བསྐུར་བྱུང
རྩི་ཤིང་དང ཡལ་ག

ད་དུང་འདབ་ལོ་སེར་པོ་རྣམས་ཆོ་ངེའི་ཀློང་དུ་ཚུད་ཅིང
ཟུངས་ཟད་པའི་མགོ་བོ་དག་འཕྲེད་དུ་གཡུག་བཞིན
ཤུར་སྒྲ་རེས་སུ་ཞིག་མགོན་སྐྱབས་སུ་འབོད་ཀྱིན་འདུག
ལམ་ཁ་ན་རྨས་པའི་ཤིང་ལོ་དང་སོག་མ་ཚོས
དེ་ཙམ་ཆེ་རྒྱུ་མེད་པའི་སྐད་ངག་ཁྲོད
རང་ཉིད་ཀྱི་སྐྱིད་སྡུག་ཡོད་ཚད་གླེང་གིན་འདུག་ལ
རླངས་འཁོར་དང་འགྲོ་མི་ཚོས
ཁོང་ཅག་གི་ལུས་པོར་མནན་ཅིང་སེམས་པ་གསོད་དུས
སྟོད་ཧྲེང་དུ་གྱུར་པའི་སྡོང་རྒན་ཚོས
མིག་ཆུ་མེད་པའི་ངུ་སྟངས་ཤིག་གིས་གནམ་འོག་ལ་ཁྲེལ་འབོད་བྱས་སོང
རང་ཉིད་ཀྱི་ངོ་གདོང་ཀྱང་ཤོར་གྱིན་པ་དེ་ཚོས
རང་ཉིད་ཀྱི་ཡན་ལག་རྣམས་རྡོག་སྣར་འཐག་བཞིན་པ་རིག་གིན་རིག་གིན
གནམ་ལ་ལྟ་བཞིན་པ་ནི
ཆར་ཐིག་རེའི་ཆེད་དུ་ཡིན་ཚོད་འདུག་ཀྱང
ནམ་མཁའ་ལ་སྒྲ་མེད་པའི་དེང་སང་ཆར་ཐིག་ནི་སུ་ཞིག་གིས་འདྲེན་སྲིད་དམ
2012.4.4 ཉིན།

  རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -