ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

18.03.2012 23:18:07
ཤ་ཀླན་འཇམ་དབྱངས་གྲགས་པ།

ཀློག་པ་པོ་ལགས། འོག་གི་རྩོམ་ཡིག་འདི་ནི་ལྷ་རམས་འཇམ་ནོར་ལགས་ཀྱི་རྩོམ་ཡིག་ལེགས་གྲས་ཤིག་རེད།ངས་ཁོང་ལ་ཡིག་ནོར་དང་དོན་ནོར་ལ་གཟབ་དགོས་ཚུལ་གྱི་གནས་ལུགས་ཇི་ལྟར་བཤད་ཀྱང་། ཁོས་ཚུར་ཧམ་པ་དང་ཁ་ཤེད་ཁོ་ནས་ལན་བཏབ་པས་དེ་རིང་ཁོང་གི་རྩོམ་ཡིག་འདི་ལ་རགས་ཞུ་ཞིག་ཞུས་ཏེ་འདིར་བཀོད་པ་ལགས། འོག་གི་རྩོམ་ཡིག་ལས་རྟགས་( )འདིའི་ནང་ཡོད་པ་རྣམས་ནི་ཆད་པ་དང་འོག་ཏུ་རྟགས___འདི་ཡོད་རྣམས་ནི་བརྗོད་པ་ནོར་བ། འབུར་གཟུགས་སུ་བཀོད་པ་རྣམས་ནི་ཡིག་ནོར་བཅས་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།

བོད་པའི་ཆེད་ལས་པ་ཁྲི་དང་འབུམ་ཐོན་དགོས་ཀྱི་དགེ་བཤེས་སོགས་ཐོན་མི་དགོས། ཕོའི་རྟགས་ཅན་ལ་མོའི་འདུ་ཤེས་ཅན་གྱི་སྤུན་གྲོགས་ཉི་མ་ལྷ་མོ་སོགས་ཟིན་བྲིས་པ་ཡོངས་ཀྱིས་གུས་པར་དགག་བཞག་སྤོང་གསུམ་མཛད་པར་དགའ་བསུ་ཡོད། ཐ་ཤལ་གྱི་མི་བུ་ང་ནི་བདག་འཛིན་དང་ཉོན་མོངས་ཀྱི་གཞན་དབང་དུ་སོང་ལ་གང་ཡང་མི་ཤེས་ཅིང་ཅི་ཡང་མི་འཇོན་མཁན་(ཞིག)ཡིན་པ་བདེན་མོད། དེ་དག་ནི་གུས་པའི་རྩོམ་ཡིག་གི་བརྗོད་གཞི་ངོ་མ་དེ་མིན།
ངས་བོད་ཀྱི་ཡུལ་མི་ཚང་མར་ནང་དོན་རིག་གནས་སོགས་ཀྱི་ཤེས་ཚད་མཐོ་པོཡིན་དགོས་ཅེས་ནམ་ཡང་བཤད་ཀྱི་མེད། ངས་བཤད་ན་འདོད་པ་ནི་རང་རིགས་སུ་ཀུན་གྱིས་ཁ་མིག་ཡར་བལྟ་བྱེད་ས་དབུ་ཁྲིད་མཆོག་ནི་སྔར་གྱི་རྒྱལ་པོའི་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། སྲིད་དབང་སྒེར་འཛིན་རིང་ལུགས་དང་སྲིད་དབང་གཅིག་བསྡུད་ལམ་ལུགས་སོགས་དང་མི་འདྲ་བ(ར)་མི་མང་གིས་འདོད་མོས་ཀྱིས་བསྐོས་ཙ་ན་དེ་ལ་ཆ་རྐྱེན་གཙོ་བོ་རང་མི་རིགས་ཀྱི་ཁྱད་ནོར་ནང་དོན་རིག་པ་སོགས་ཐུན་མིན་གྱི་རིག་གནས་(ཀྱི་)རྨང་གཞི(འི)་ཐོག་དེང་དུས་ཀྱི་ཤེས་ཡོན་གྱི་ཆ་རྐྱེན་ཚང་བ་ཞིག་དགོས་ཀྱི་འདུག་ཅེས་པ་འདི་ཁོ་ན་ཡིན།

ཉེ་ཆར་རང་ལ་རྒྱལ་བའི་བཀའ་སློབ་ཅིག་ནང་འཛམ་གླིང་གི་དབུ་ཁྲིད་ཚོར་ཤེས་ཡོན་གྱིས་ཕོངས་སྡོད་འདུག བྱམས་བརྩེས་ཕོངས་སྡོད་འདུག་ཅེས་གསུངས་པ་དང། དེ་སྔོན་ཁེ་ན་ཌར་ནང་ཕེབས་སྐབས་སུའང་ཤ་རུས་ཁྲག་གསུམ་གྱི་ཆ་ནས་བོད་པ་ཡིན་ཡང་བོད་པའི་ཐུན་མིན་གྱི་ཤེས་ཡོན་དང་མི་ལྡན་ན་བོད་པ་ཕྱེད་ཀ་ཡིན་ཞེས་ནན་པོ་དང་གསལ་པོར་གསུངས་ཡོད་པ་དེ་ཚོའི་གནད་འགག་ཤེས་དགོས།

དེར་རྟེན་བོད་མི་ས་ཡ་དྲུག་གི་མགོ་གཙོ་ནི་བོད་པ་ཕྱེད་ཀ་འདྲ་ལས་རག་མེད་པ་དེས་བོད་པའི་མཁས་པ་ཚོའི་མངོན་འདོད་གང་ཡང་བསྐངས་ཐུབ་མེད། བཀའ་ཁྲི་ཁོང་ལའང་བོད་པའི་ཐུན་མིན་གྱི་ཁྱད་ནོར་ནང་དོན་རིག་གནས་སོགས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལ་རིན་ཐང་མཐོང་རྟོགས་རྩ་བ་ནས་བྱུང་མྱོང་མེད། དཔེར་མཚན་གཅིག་ཞུ་ན། ཁོང་གིས་བཀའ་ཁྲིའི་དམ་འབུལ་སྐབས་སུ་ལས་རིམ་གྱི་དམིགས་ཡུལ་ནང་ཆེད་ལས་པ་ཁྲི་ཕྲག་སྐྲུན་རྒྱུའི་སྐོར་གསུངས་པ་ལས་དགེ་བཤེས་སམ་བོད་པའི་ཐུན་མིན་གྱི་མཁས་པ་ཁྲི་ཕྲག་ཐོན་ཐུབ་པ(ར)་བྱེད་དགོས་པ་ནི་སེམས་ཀྱི་ཟུར་ལའང་འཁོར་མེད།

ངོ་མ་བྱས་ན་བོད་ལ་ངོམས་རྒྱུ་གཅིག་ཡོད་པ་ནི་བོད་རྒྱུད་ནང་བསྟན་གྱི་རིག་གནས་འདི་དང་དེ་དག་ཐུགས་ལ་མངའ་བའི་སྐྱེ་བོ་རྣམས་ཁོ་ན་ཡིན་ལ་འཛམ་གླིང་དབང་དུ་བསྡུ་བའི་ནུས་པ་ཞིག་འདི་ལ་ཡོད། རྒྱ་རིགས་དུང་ཕྱུར་བཅུ་གསུམ་འཁོར་གྱི་སློབ་བུར་བསྡུ་བའི་ནུས་པའང་འདི་ལ་ཡོད། གུང་ཁྲན་དམིགས་མེད་དུ་གཏོང་བའི་ཤུགས་རྐྱེན་ཡང་འདི་ལ་ཡོད།

དཔའ་རྒོད་ཚོས་མེར་སྲེག་གཏོང་བའི་སྙིང་སྟོབས་ཀྱང་འདི་ལ་ཡོད། དགྲ་བོ་རྒྱ་དམར་གྱིས་ནམ་ཡང་ཞེད་སྣང་སྐྱེ་ས་ཡང་འདི་ཉིད་ཡིན་པས་འདིས་རྒྱུད་ནས་འཛམ་གླིང་ལ་མིག་དཔེ་དང་སྣེ་འཁྲིད་ཀྱིས་མངོན་ཐོན་དུ་བསྐྱེད་ནུས་པ་ཤེས་ནས་གཞུང་ཕྱོགས་ནས་གཙོ་བོ་ཤུགས་རྒྱབ་དགོས་ཀྱང་གཙོ་གནད་མ་མཐོང་བའི་གནས་སུ་ལྷག་འདུག་གོ།

ངས་བཤད་པ་ཚང་མ་ང་རང་རང་གི་བལྟ་སྟངས་དང་མཐོང་སྟངས་ཤིག་ལས་གཞན་གྱིས་ངན་སྐུལ་བྱས་པ་དང་ཕྱོགས་ལྷུང་མིན་ལ་དངུལ་རྔན་དང་འཚོ་གོས་ཀྱི་དོན་དུ་དེ་བས་མིན།  སྨྲས་པ། དྲང་བདེན་ལུས་ཀྱི་གཟུར་གནས་ཕྱག་གཡས་ན། གནམ་དཔྱོད་གསེར་གྱི་རྡོ་རྗེ་ལ་བརྟེན་པའི། ཤེས་རབ་ངར་མའི་ལྕགས་རྡོ་ལས་གྲུབ་པའི། གྲི་གུག་མཚོན་གྱིས་ལོག་སྨྲ་ཚར་དུ་གཅོད།། །།


  མེ་ལོང་།
 

19.03.2012 01:27:06

དླྭ་གྲོགས་རྣམ་པ་ཚོ། ཤ་ཀླན་ཟེར་བའི་གྲྭ་པ་ཀླད་གསར་ཅན་འདི་དེ་སྔོན་སེར་བྱེས་གྲྭ་ཚང་ནང་སློབ་གཉེར་ཁུངས་མ་འཁྱོལ་ནས་རྒྱ་མཚོ་དོར་ཏེ་ཆུ་མིག་འཚོལ་བའི་དཔེ་ལྟར་ཝ་ཎ་སློབ་གྲར་ཕྱིན་ཡོད་ཀྱང་དེ་ཡང་ཁུངས་འཁྱོལ་མིན་ད་དུང་མི་ཤེས་སྟབས་དགེ་བཤེས་ལྷ་རམས་གཏོང་བའི་གོ་སྐབས་མེད་ཙང་ལྷ་རམས་ཟེར་དུས་ཁོ་པ་ལ་མི་བཟོད་པ་ཆེན་པོ་སྐྱེ་བཞིན་ཡོད་པ་ནི་བཤད་མི་དགོས་ཏེ། ང་ལ་གཞི་མེད་སྐྱོན་འཛུགས་ཀྱིས་ཡིག་གེ་འགྲིག་པ་རྣམས་མི་འགྲིག་པ་བཟོ་གང་ཐུབ་དང་གོ་མི་ཐུབ་ས་རྣམས་ལ་བརྗོད་མི་བདེ་རེད་ཟེར།དེ་ལྟར་ན་ཁོ་རང་གི་ཡིག་གེ་ནང་དུའང་བརྗོད་མི་བདེ་བ་དང་ནོར་བ་སོགས་མང་པོ་ཐོན་ཡོང་། གཟིགས་དང་ངས་ཁོ་ཡི་ཡིག་གེ་ནང་ཚིག་དོན་གྱི་སྐྱོན་བཏོན་ཡོང་ཆོག ནོར་རྟགས་སོགས་ནི་གོང་མཚུངས་ཡིན།

ཀློག་པ་པོ་ལགས། འོག་གི་རྩོམ་ཡིག་འདི་ནི་ལྷ་རམས་(པ)འཇམ་ནོར་ལགས་ཀྱི་རྩོམ་ཡིག་ལེགས་གྲས་ཤིག་རེད།ངས་ཁོང་ལ་ཡིག་ནོར་དང་དོན་ནོར་ལ་གཟབ་དགོས་ཚུལ་གྱི་གནས་ལུགས་ཇི་ལྟར་བཤད་ཀྱང་། ཁོས་ཚུར་ཧམ་པ་དང་ཁ་ཤེད་ཁོ་ནས་ལན་བཏབ་པས་དེ་རིང་ཁོང་གི་རྩོམ་ཡིག་འདི་ལ་རགས་ཞུ་ཞིག་ཞུས་ཏེ་འདིར་བཀོད་པ་ལགས། འོག་གི་རྩོམ་ཡིག་ལས་རྟགས་( )འདིའི་ནང་ཡོད་པ་རྣམས་ནི་ཆད་པ་དང་འོག་ཏུ་རྟགས___འདི་ཡོད་(པ)རྣམས་ནི་བརྗོད་པ་ནོར་བ། འབུར་གཟུགས་སུ་བཀོད་པ་རྣམས་ནི་ཡིག་ནོར་བཅས་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།

ྀྀྀཾཱཱཱྀྀྀ

 
 
19.03.2012 02:47:17

ངས་ཡིག་ནོར་མེད་སར་ནོར་བར་བསྒྱུར་རིགས་ཡོད་ན་སྟོན་ཤོག གོ་མི་ཐུབ་པ་ལ་བརྗོད་པ་ནོར་བ་ཞེས་བཀོད་ཡོད་ན་འགྲེལ་ཤོག དེ་མིན་སྨྲེ་ངག་ལྟ་བུའི་གཏམ་དེ་ཚོ་དང་ཡུགས་སུ་མ་ལྟ་བུའི་དམོད་མོ་དེ་ཚོ་ལ་ལན་འདེབས་ལོང་མེད།
ཤ་ཚ་ང་ལ་དག་བཅོས་འདྲ་བྱེད་ཁུལ་བྱས་ཀྱང་དག་བཅོས་བྱེད་ཐུབ་མི་འདུག
༠ ལྷ་རམས་ཞེས་པ་ལ་པ་ཆད་མེད། པ་མ་བྲིས་པས་ཕ་རོལ་པོར་ཟུར་ཟ་བྱས་པ་རེད། བོད་ཀྱི་བརྡ་སྤྲོད་ལ་གོ་རྟོགས་སྐྱོ་བ་ལ།
༡ ཀློག་པ་པོ་ལགས་ཞེས་པ་ཇི་ལྟར་ནོར་བ་རེད། ཀློག་པ་པོ་ཚོ་ཟེར་བ་ལས་ཀློག་པ་པོ་ལགས་ཟེར་ན་ཀློག་པ་པོ་བྱེ་བྲག་པ་དེར་དམིགས་སུ་བཀར་ནས་བཤད་པ་ལྟ་བུའི་ཟབ་ཁྱད་ཡོད་པ་རེད།
༢ ཁ་ཤེད་ཅེས་པ་ཇི་ལྟར་ནོར་བ་རེད། གནས་ལུགས་མེད་པར་ཁ་ཤུགས་ལ་བརྟེན་ནས་སྐད་ཆ་བཤད་པ་ལ་ཁ་ཤེད་ཟེར་བ་རེད། ཐ་སྙད་དེ་ཁྱེད་ལ་གསར་བ་ཡིན་ན་ཁག་མེད་པས་བློ་སྐྱེད་ཅིག་རག་པ་རེད།
༣ རགས་ཞེས་པ་ནོར་བ་ཡིན་མིན་ཧ་གོ་མ་སོང་། འཁྲིས་སུ་ཚིག་མཛོད་སོགས་མེད་པས་སྐབས་ཤིག་རིང་དེ་གར་བཞག ནོར་བ་རེད་འདུག་ན་ཁས་ལེན་ཞུ་ཐག་ཆོད་ཡིན།
༤ ལས་ཞེས་པ་ཇི་ལྟར་ནོར་བ་རེད། འདིར་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་མིང་འདོགས་ག་རེ་གནང་གི་ཡོད་ཀྱང་གང་ལྟར་འབྱུང་ཁུངས་ཀྱི་རིགས་སུ་གཏོགས་པ་ཞིག་ནི་རེད།
༥ པ་ཞེས་པ་དེ་ཆད་པ་འདྲ། ཁྱེད་ནང་བཞིན་ཧམ་པ་མི་བཤད། ཁས་ལེན་ཡོངས་སུ་ཞུ་རྒྱུ་ཡིན།
ལྷ་རམས་པ་ལགས། ང་སེར་བྱེས་འབྲིང་རིམ་སློབ་གྲྭ་ནས་ཐོན་པ་ཞིག་ཡིན་པ་བདེན་པ་རེད། ངས་སློབ་གྲྭ་དེར་རིག་པ་ཅི་ཙམ་ལ་མཁས་པར་བསླབས་པ་དང་། རྒན་རབས་པ་དང་མཁས་དབང་ཚོས་བསྔགས་བརྗོད་ཅི་ཙམ་བྱས་པ་ངས་བཤད་པའི་འོས་སུ་མ་མཆིས་པས་དེ་གར་བསྐྱུར།
ངས་རིག་པའི་བང་མཛོད་ལྟ་བུའི་གདན་ས་བཞག་ནས་འགྲོ་དུས་མང་པོ་ཞིག་ལ་བློ་ཕམ་བྱུང་བ་ངོ་མ་ཡིན་ཀྱང་སྲིད། ང་ཡང་ཤེས་རིག་གི་བསྟི་གནས་དེ་ལྟ་བུ་བཞག་ནས་ཡོང་དུས་བློ་ཕམ་ཚད་མེད་བྱུང་། ཡིན་ཡང་གདན་ས་ན་མཁས་པ་བརྒྱ་ཕྲག་མང་པོས་གཞུང་ཆེན་མོར་སློབ་གཉེར་བྱེད་བཞིན་ཡོད་པས། བོད་ཀྱི་ནང་ཆོས་ཉམས་དོགས་ནི་མེད་པས། ང་ལྟ་བུའི་དེངས་རབས་ཤེས་རིག་ལ་སློབ་པའི་གོ་སྐབས་ཅུང་རག་པ་ཚོས་རང་གི་མི་རིགས་ལ་རིག་གནས་གཞན་གྱི་ལེགས་སྐྱེས་ཅུང་འབུལ་ཐུབ་ན་སྙམ་སྟེ་གདན་ས་བཞག་ནས་ས་ཆ་འདིར་ཡོང་བ་ཡིན། དེ་ལ་དཀོར་རྫས་ཟོས་ཏེ་ལོ་ངོ་ཉི་ཤུ་ལྷག་སོང་ཡང་། དག་ཆ་མ་ནོར་བའི་རྩོམ་ཡིག་རྐང་གཅིག་ཀྱང་འབྲི་མི་ཤེས་ཤིང་། བསམ་བློ་ཆོས་ཀྱིས་མ་འཆོས་པར་ཕྱོགས་ཞེན་དང་ཕྲག་དོག་གིས་གང་བའི་ཁྱེད་ལྟ་བུས་ཁུངས་མ་འཁྱོལ་བར་བརྩིས་ཀྱང་ང་ལ་བཤད་རྒྱུ་ཅང་མེད།
གཞན་གོང་གི་མཆན་དེའི་ནང་དུ་ཡིག་ནོར་འབུ་ནག་འགུལ་འགུལ་བྱེད་བཞིན་འདུག་མོད། གནས་སྐབས་དེ་གར་བསྐྱུར།

 
 
19.03.2012 02:58:33

འཇམ་ནོར་གྱི་ཡིག་ནོར་གཡག་རོ་འདྲ་བ་འགའ་དང་བརྗོད་པ་ནོར་བ་འགའ་ཞིག་གཤམ་དུ་བཀོད་ཡོད།
བརྗོད་མི་བདེ་བར་རྟགས་རྒྱག་དགོས་ཚེ་རྩོམ་ཡིག་ཧྲིལ་བོར་རྟགས་རྒྱག་དགོས་འཁེལ་གྱི་འདུག་པས།རྟགས་རྒྱག་མེད།
དླྭ་གྲོགས་རྣམ་པ་ཚོ། ཤ་ཀླན་ཟེར་བའི་གྲྭ་པ་ཀླད་གསར་ཅན་འདི་དེ་སྔོན་སེར་བྱེས་གྲྭ་ཚང་ནང་སློབ་གཉེར་ཁུངས་མ་འཁྱོལ་ནས་རྒྱ་མཚོ་དོར་ཏེ་ཆུ་མིག་འཚོལ་བའི་དཔེ་ལྟར་ཝ་ཎ་སློབ་གྲར་ཕྱིན་ཡོད་ཀྱང་དེ་ཡང་ཁུངས་འཁྱོལ་མིན་ད་དུང་མི་ཤེས་སྟབས་དགེ་བཤེས་ལྷ་རམས་གཏོང་བའི་གོ་སྐབས་མེད་ཙང་ལྷ་རམས་ཟེར་དུས་ཁོ་པ་ལ་མི་བཟོད་པ་ཆེན་པོ་སྐྱེ་བཞིན་ཡོད་པ་ནི་བཤད་མི་དགོས་ཏེ། ང་ལ་གཞི་མེད་སྐྱོན་འཛུགས་ཀྱིས་ཡིག་གེ་འགྲིག་པ་རྣམས་མི་འགྲིག་པ(ར)་བཟོ་གང་ཐུབ་དང་གོ་མི་ཐུབ་ས་རྣམས་ལ་བརྗོད་མི་བདེ་རེད་ཟེར།དེ་ལྟར་ན་ཁོ་རང་གི་ཡིག་གེ(འི)་ནང་དུའང་བརྗོད་མི་བདེ་བ་དང་ནོར་བ་སོགས་མང་པོ་ཐོན་ཡོང་། གཟིགས་དང་ངས་ཁོ་ཡི་ཡིག་གེ་ནང་ཚིག་དོན་གྱི་སྐྱོན་བཏོན་ཡོང་ཆོག ནོར་རྟགས་སོགས་ནི་གོང་མཚུངས་ཡིན།
ྀྀྀཾཱཱཱྀྀྀ

 
 
19.03.2012 03:50:09

དྲ་གྲོགས་ཤ་ཀླན་ལགས་སུ་འཚམ་འདྲི་ཞུ།
དྲ་ཐོག་ཏུ་སྨྱུག་འཛིན་པས་ང་མཁས་དང་ཁོ་མཁས་ཀྱི་སྨྱུག་འཛིན་ཞིག་ཡིན་སྟབས་དངོས་གནས་ཡག་པོ་འདུག
ཡིན་ན་ཡང་མཁས་པའི་རྩལ་ཕྱུངས་ས་བོད་རྒྱལ་ཁབ་དང་བོད་མིའི་བདེན་དོན་ཐོག་གླེང་ཐུབ་ན་ཅི་མ་རུང་སྙམ་པའི་
ཚོར་སྣང་ཞིག་སྐྱེ་བྱུང་། ཡིན་ན་ཡང་ཁྱེད་རྣམ་པས་ཡིག་ནོར་ལ་དོན་ཆེན་གནང་བ་དངོས་གནས་ཡག་པོ་རེད་དེ་ཡང་རྩ་དོན་ཞིག་རེད་འདོད།
འོན་ཀྱང་སྐབས་བབས་ཀྱི་གླེང་མོ་རེ་གནང་ན་ཅི་མ་རུམ་སྙམ་པའི་ཚོར་བ་ཡང་ཡོང་གིས་འདུག
བོད་དོན་བག་ཡོད།།

 
 
19.03.2012 23:45:00

ཉིད་ཀྱིས་རང་གི་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།

 
 
19.03.2012 04:04:36

ཤ་ཀླན་ལགས། ཁྱེད་ཀྱི་ཡིག་ནོར་འབྲོང་རོ་འདྲ་བ་དེ་ཚོའམ་གཤམ་དྭ་བཀོད་ཡོད་དྭ།
ནོར། ཡུགས་སུ་མ། དེངས་རབས་

བཅོས། ཡུགས་ས་མ། དེང་རབས་

ཀླད་གསར་ཅན་འདིས་བྲིས་པའི་འོག་གི་གུག་རྟགས་ནང་དུ་ཡོད་པའི་ཚིག་དུམ་གཉིས་ལ་གཟིགས་དང་། རང་ཉིད་རང་གིས་བཀྱག སྐྱག་པས་རྐུབ་བཀྱག་ཟེར་བའི་སྐད་ཆ་ངོ་མ་དེ་ཐོན་མ་སོང་ངམ།
བླུན་པོ་རང་མཐོང་ཅན་ལ་མི་སུས་སྣང་བ་འགྲོ་ཡི་རེད། ལྟོས་དང་ཁོ་རང་མཁས་པ་ཡིན་ཚུལ་དང་དེང་རབས་ཀྱི་ཤེས་ཡོན་ཡོད་མདོག་ག་ཚད་བྱས་མི་འདུག་གམ་ དགོད་མོ་ཤོར་གྲབས་ཡིན་འགྲོ
མཁས་པས་ཡོན་ཏན་ཁོག་ཏུ་སྦས། བླུན་པོས་ཡོན་ཏན་ཁ་རུ་ཁྱེར། འབྲུ་རིགས་ལྡན་པའི་སྙེ་མ་གུག འབྲུ་མེད་སྙེ་མ་ཀེར་རེ་ལང།
(ངས་སློབ་གྲྭ་དེར་རིག་པ་ཅི་ཙམ་ལ་མཁས་པར་བསླབས་པ་དང་། ང་ལྟ་བུའི་དེངས་རབས་ཤེས་རིག་གི་གོ་སྐབས་རག་པ་)

 
 
19.03.2012 23:53:48

དག་ཆ་དེ་གཉིས་ནོར་བ་ཡིན་པ་ཡོངས་སུ་ཁས་ལེན་ཞུ། ཁ་ལག་པའི་བར་ནས་ནོར་འདུག
ལྷ་རམས་འཇམ་ནོར་ཟེར་བའི་ཀླད་བཙོག་ལགས། དེང་རབས་ཤེས་རིག་ལ་སློབ་པའི་གོ་སྐབས་ཅུང་རག་པ་ཚོས་ཟེར་དུས་རང་བསྟོད་ཡིན་པ་ཇི་ལྟར་བསྒྲུབས།
ཅུང་ཞེས་པའི་ཡིག་འབྲུ་དེ་བཏོན་ནས་ངའི་མགོ་ལ་ཅི་ཞིག་བསྐོན་དགོས་དྲན་བྱུང་། ངས་གློ་བུར་དུ་བྲིས་པའི་རྩོམ་ཡིག་ཡིག་འབྲུ་སྟོང་བརྒལ་བ་དེ་ལས་ཡིག་ནོར་གཉིས་མ་གཏོགས་མ་རག་པ་དང་།ཁྱེད་ཀྱི་མཆན་ཡིག་འབྲུ་བརྒྱ་ཡང་མ་ལོང་བ་དེ་ལས་ཡིག་ནོར་བདུན་བརྒྱད་ཅིག་ཐོན་པ་དེས་ངེད་གཉིས་ཀྱི་ལྗིད་ཚད་མཚོན་པར་འདྲ།ཧ་ཧ་ཧ།རྩེད་མོ་དང་མཉམ་དུ་ཁ་རྒྱག་པ་ཞིག་བཤད་པ་ཡིན།

 
 
19.03.2012 05:01:43

དྲ་གྲོགས་རྣམ་པ་གཉིས་ནས་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་གནང་བ་བསྔགས་བརྗོད་ཡོད།
ཡིན་ན་གཅིག་གི་གཅིག་ལ་ཟུར་ཟ་དང་མ་ཉེས་སྐྱོན་འཛུག་གནང་བ་ནི་སྤྱོད་ངན་གྱི་བྱ་བ་ཙམ་ལས་ཡར་རབས་ཀྱི་རྣམ་པ་གང་ཡང་མིན་པས་ཡིད་གཟབ་གནང་རོགས་ཞུ།

 
 
19.03.2012 23:59:08

ཁྱེད་ཀྱི་གསུང་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ། ངས་སྔོན་ནས་གཟབ་ཀྱིན་ཡོད་མོད།མི་འདི་འདྲ་བར་ཐུག་དུས་མཚམས་རེར་ཚིག་རྩུབ་དང་ཟུར་ཟ་ཤོར་འགྲོ་གི་འདུགཡིན་ཡང་ཁོས་ཟུར་ཟ་བྱས་པ་དང་བསྡུར་ན་ངས་དེ་ཙམ་བྱས་མེད་དྲན།
བོད་ཀྱི་དབུ་ཁྲིད་ལ་དོན་མེད་དུ་ཟུར་ཟ་དང་དམའ་འབེབས་མ་བྱས་ཚེ་ངས་རྒོལ་བ་འདི་འདྲ་བརྩམས་མི་སྲིད། དེ་ལས་ལྡོག་སྟེ་གྲོས་མོལ་ཞུ་ངེས་ཡིན།

 
 
19.03.2012 05:32:32

དྲ་གྲོགས་ལྷ་རམས་པ་འཇམ་ནོར་ལགས་དང་ཤ་ཀླན་ལགས་རྣམ་གཉིས་ལ་འཚམ་འདྲི་ཞུ།
ད་ཡིན་ན་ཡིག་ཚད་གཏོང་གིས་ཡིན་ད། སུའི་ཡིག་ནོར་མང་བ་རག་ན་དེ་ལ་རྒྱ་ཆ་མང་བ་སྤྲད་ཀྱི་ཡིན་ད།
ཧཧཧཧཧཧཧཧཧཧཧཧཧ
ཟུར་ཟ་དང་ཚིག་མཚོན་སོགས་སུའི་མང་བ་བེད་སྤྱོད་གཏང་ན་ཆད་པ་བཅོད་ཀྱི་ཡིན་ད།
བོད་དོན་བག་ཡོད།

 
 
20.03.2012 00:07:39

ཡིག་ནོར་མང་བའི་བརྒྱ་ཆ་ཨང་དང་པོ་དེ་ལྷ་རམས་པ་ལ་ཕུལ་རོགས།གང་ལགས་ཤེ་ན་གོང་གི་རྩོམ་ཐུང་དེའི་ནང་ཡིག་ནོར་ཉེར་བརྒྱད་དང་མཆན་ཐུང་དེའི་ནང་ཡིག་ནོར་བདུན་བརྒྱད་ཅིག་འདུག
དེ་དང་བསྡུར་ན་ངའི་མཆན་ཐུང་དེའི་ནང་ཆད་པ་གཅིག་དང་མཆན་རིང་དེའི་ནང་ཡིག་ནོར་གཉིས་འདུག

ཟུར་ཟ་དང་ཚིག་རྩུབ་ལ་ཨང་དང་པོ་སྤྲད་ནའང་འདྲ།ཆད་པ་གཅོད་ཀྱང་ཆོག དེའང་ཁོང་ལ་སྤྲོད་རོགས།གང་ལགས་ཤེ་ན་ཁོས་རྩོམ་ཡིག་ཧྲིལ་བོ་དེ་ཟུར་ཟ་རེད། མཆན་དང་པོ་དེའི་ནང་འགྲིག་པ་མ་འགྲིག་པར་བསྒྱུར་བ་དང་། ང་ལ་དོན་མེད་དུ་བསྙོན་འཛུགས་བྱས་འདུག
དེ་དང་བསྡུར་ན་ངས་ཁོས་དཀོར་ཟས་ཟོས་པ་དང་དག་ཆ་ནོར་བ་ལྟ་བུའི་ཚིག་འགའ་ལས་བེད་སྤྱོད་མེད།གལ་སྲིད་ཁོས་དཀོར་ཟས་ཟོས་མེད་པ་དང་།དག་ཆ་ནོར་མེད་ཚེ་ང་ནོར་བ་རེད།

 
 
19.03.2012 09:40:28

ངོ་མ་དེ་རིང་ཡིན་ན་ཁྱོད་གཉིས་ཀྱིས་ཡི་གེའི་དག་ཆ་བཟང་ངན་གྱི་སྐོར་དུ་རྩོད་པ་ཡག་པོ་ཞིག་རྒྱག་གི་འདུག མ་ཟད་ཤམ་བྷ་ལའི་ཟིན་བྲིས་ནང་གི་བོད་ཡིག་མཁས་ཤོས་ཡ་མཚན་མདའ་མོ་དང་བསྟན་འཕགས་གཉིས་ཀྱང་ཕེབས་འདུག་པས་བཟང་ཐག་ངན་ཐག་ཡག་པོ་ཞིག་གཅོད་ཐག་ཆད་རེད་འདོད།
ལྷ་རམས་པ་དང་མཐོ་སློབ་བ་གཉིས་ཀྱི་དྲུང་དུ་གུས་པ་ཡིག་རྨོངས་མིན་ཙམ་གྱི་མི་ཞིག་གིས་གནད་ལུགས་བཤད་སྤོབས་ཤིག་མེད་ཀྱང་དྲ་གྲོགས་ཀྱི་འདུ་ཤེས་ཀྱི་ཐོག་ནས་ཏོག་ཙམ་ཞུ་ཁུལ་བྱེད་ཀྱི་ཡིན། དེ་ཡང་ཕྱོགས་ལྷུང་མེད་པའི་ཐོག་ནས་ཞུ་རྒྱུ་ཡིན།
ལྷ་རམས་པ་ལགས་ཀྱིས་ནོར་འཁྲུལ་ཁས་ལེན་མི་ཐུབ་པ་དེ་ནི་ཡོན་ཏན་ལེན་འདོད་མེད་པ་དང་མཁས་འདོད་ཆེ་བས་རྐྱེན་གྱིས་རེད། མཐོ་སློབ་བས་ཀྱང་ཡི་གེ་ནོར་བ་བྲིས་ཡོད་པར་ངོས་ལེན་གནང་དགོས་པ་དང་མ་ཤེས་པ་ངོས་ལེན་བྱེད་དགོས།

སྤྱིའི་ཆ་ནས་ཡི་གེ་ནོར་བ་བྲིས་མ་མྱོང་མཁན་ཞིག་འཛམ་གླིང་ཐོག་ཏུ་མེད། ཡིག་ནོར་མེད་སའི་ཡིག་ཆ་ཞིག་མེད་ཟེར་ནའང་འགྲིག་གི་རེད། འབུམ་བཀའ་འགྱུར་བསྟན་འགྱུར་གྱི་ནང་དུ་ཡང་ཡིག་ནོར་ཡོད། ཡིག་ནོར་རེ་གཉིས་ཡོད་ཀྱང་གོ་བ་ལེན་ཐུབ་ན་སྐྱོན་ཆེན་པོ་མ་རེད་འདོད། གོ་བ་རྩ་བ་ནས་ལེན་ཐུབ་ཐབས་མེད་པའི་ཡིག་ནོར་བྲིས་ཡོད་ན་ནོར་འཁྲུལ་ཆེན་པོ་རེད།
དཔེར་ན་་་མཐོ་སློབ་བའི་བྲིས་པའི་་་་རགས་ཞུ་་་་ཟེར་བ་འདིར་གོ་རྒྱུ་མི་འདུག་འདོད། ཤ་ཀླན་ཁོ་རང་གིས་ངོས་ནས་རགས་ཞུ་ཞེས་པ་འདིའི་བསྟན་བྱ་ཞིབ་ཆ་ཡིན་པར་འདོད། ཚིག་རེ་རེར་བྱས་ནས་གོ་བ་རྒྱག་པ་ཡིན་ན་་རགས་ཞེས་པ་ནི་ཆུ་བོ་འགོག་བྱེད་ཀྱི་རྩིག་དངོས་ཀྱི་མིང་རེད། དེའི་མཉམ་དུ་ཞུ་ཞེས་པའི་ཚིག་འགྲོགས་བརྒྱབ་ན་གོ་རྒྱུ་གང་ཡང་མེད་པ་འདོད།
རགས་ཞུ་ཞེས་པའི་ཚིག་འདིའི་སྐོར་དུ་བཤད་དགོས་པའི་རྒྱུ་མཚན་ཡང་་་སྨོན་ལམ་ཚིག་མཛོད་ནང་དུ་་་་རགས་ཞིབ་ཅེས་བྲིས་འདུག་པས་ཡིན། འབྲི་མཁན་གྱི་ནང་དུ་ཤ་ཀླན་ཁྱེད་རང་ཡང་ཡོད་པར་འདོད། ཁྱེད་ཀྱིས་རགས་ཞིབ་ཅེས་པའི་ཚིག་འདིར་བེད་སྤྱོད་བཏང་བ་ཡིན་པར་འདོད་་་་སོ་སོས་བྲིས་ནས་ཚིག་མཛོད་ནང་དུ་བཀོད་པ་དེར་སོ་སོས་ནོར་བ་འབྲི་ཡོང་དུས་སུ་ཡིག་ནོར་གྱི་སྐོར་ལ་ལྷ་རམས་པའི་ཐོག་ངར་མ་རང་མི་འདུག་འདོད།
གཉིས་ནས་་་་རབས་ཞིབ་ཟེར་བའི་ཚིག་འདི་ལ་ཡང་གོ་རྒྱུ་གང་ཡང་མེད་པར་འདོད། ཁྱོད་ཚོས་སྨོན་ལམ་ཚིག་མཛོད་ནང་དུ་འགྲེལ་བཤད་འདི་འདྲ་ཞིག་བརྒྱབ་འདུག་་་་རྩམ་པ་རགས་ཞིབ།་་་་ལས་སྟངས་རགས་ཞིབ་དབྱེ་བ་འབྱེད་ཅེས་པ་ལྟ་བུ་སྟེ་་ཞེས་བྲིས་འདུག
རགས་ཞིབ་ཞེས་པ་དང་འགྲེལ་བཤད་གཉིས་ཀར་གོ་རྒྱུ་མི་འདུག་འདོད། རགས་ཅེས་པ་ནི་རགས་པ་དང་ཞིབ་ཅེས་པ་ནི་ཕྲ་ཞིང་ཞིབ་བའི་དོན་བསྟན་གྱི་རེད། རགས་ཙམ་ཡིག་ནོར་ཡོད་མེད་བལྟས་པ་ཡིན་ན་་ཞིབ་ཕྲ་བལྟས་མེད་པ་ལ་གོ་དགོས། རགས་དང་ཞིབ་གཉིས་མཉམ་དུ་བལྟ་སྟངས་ཤིག་མེད་པར་འདོད། རགས་ཞིབ་ཅེས་ཐ་སྙད་འདིའི་ཁུངས་སྐྱེལ་གྱི་ཡོད་དམ། སུ་ཡི་སྐད་རེད་དམ། བརྡ་རྙིང་རེད་དམ། ཡུལ་ལུང་གང་རུང་ཞིག་གི་སྐད་རེད་དམ། ཤ་ཀླན་ལགས་གཅིག་གསུང་དང་་ཚིག་མཛོད་བཟོ་མཁན་གྱི་ནང་དུ་ཁྱེད་རང་ཡང་ཡོད་་་བ་་་་་་་་་་་་
ཞོར་དུ་ཞུ་རྒྱུ་ཞིག་ལ་་་ལྷ་རམས་པ་དང་མཐོ་སློབ་བ་ཁྱེད་གཉིས་ཀྱིས་གཅིག་གིས་གཅིག་སྡང་སེམས་བྱས་པ་ནི་ཡོན་ཏན་མེད་པའི་རྟགས་རེད་འདོད། དེ་འདྲ་མ་བྱས་་རེ་བ་ཡིན། ང་ནི་ཁྱེད་གཉིས་ཀ་་ལ་དགའ་པོ་ཡོད། གུས་ཞབས་ཡོད་་བརྩི་བཀུར་ཡོད་་་་གུས་ཞབས་དང་བརྩི་བཀུར་མེད་པའི་ཡོན་ཏན་ཅན་གྱི་མི་ཞིག་ཆགས་ན་ཡག་པོ་རེད་དམ།་་་ཧཧཧཧཧཧཧཧཧ་གང་དྲན་དྲན་བྲིས་ཡོད་་ད

 
 
20.03.2012 00:08:35

ཅོ་རི་ཉི་མ་ལགས་ཀྱི་གསུང་ལ་ཡི་རངས་ཞུ།

 
 
19.03.2012 20:56:19

རགས་ཞུ་བྱས་པའི་དོན་ནི་ཞུ་དག་རགས་ཙམ་བྱས་པའི་དོན་རེད།་རགས་ཞིབ་ནི་རྩིང་ཞིབ་དང་དོན་གཅིག དབུས་སྐད་ལ་རོབས་ཙམ་དང་ཧྲོབ་པོ་ཟེར་བ་དང་འདྲ། སྐབས་འདིའི་རགས་ནི་ཕྲ་བ་དང་ཞིབ་མོའི་ལྡོག་ཟླ་རེད།

 
 
20.03.2012 00:09:54

རགས་ཞུ་ཞེས་པའི་རགས་དེ་ཞུ་དག་རགས་ཙམ་བྱས་པར་གོ་ན་ངས་དེ་བཤད་འདོད་པ་ཡིན།གྲོགས་པོ་ལགས་ཐུགས་རྗེ་ཆེ།ད་འཇམ་ནོར་ཡོངས་སུ་ཕམ་སོང་།

 
 
19.03.2012 23:52:13

ལྷ་རམས་པ་དང་མཐོ་སློབ་བ་གཉིས་ཀྱི་ཡིག་ནོར་མིག་སྟོན་འདི་ཧ་ཅང་ཡག་པོ་འདུག། བྱུང་ན་ནོར་བ་དེར་ནོར་འདུག་ཅེས་མ་བཞག་པར་བཅོས་ན་དགའ་བ་མིན་འགྲོ། དེ་མིན་འདིའི་ཐད་བསམ་ཚུལ་ཐུང་ཙམ་ཞིག་ཞུས་འདོད་བྱུང་། དེ་ཡང་གྲོགས་ཅོ་རི་ཉི་མས་བཤད་པ་བཞིན་སྨོན་ལམ་ཚིག་མཛོད་ཟེར་བ་དེ་ནི་ཡིག་གེ་མཁས་པས་མཛད་པ་ཞིག་མ་ཡིན་པར་དངོས་ཡོད་ཡིག་གཟུགས་འབྲི་མཁན་ཞིག་གི་བཟོས་པ་ཞིག་ཡིན་ཙང་ཡིད་བཅོལ་ཆོག་པ་ཞིག་ཙ་བ་ནས་མ་རེད་། འདིའི་ནང་ཨ་མདོའི་ཁ་སྐད་མང་པོ་ཞིག་ཨུ་ཚུགས་ཀྱི་འགྲེལ་བཤད་སྣ་ཚོགས་བཀོད་ནས་བཞག་ཡོད་པས་གལ་སྲིད་མཐོ་སློབ་པས་རགས་ཞིབ་ཅེས་པ་དེ་འདིར་ཁུངས་གཏུགས་ཡོད་ན་ཧ་ཅང་གི་ཐབས་སྐྱོ་པོ་རེད་དྲན་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་ཡིག་དེ་མི་རེ་གཉིས་ཀྱི་ག་རེ་བྱས་བྱས་ཡིན་ན་དེ་རིང་ཁྱེད་རང་གི་ལྷ་རམས་པའི་ཡིག་ནོར་ལ་སྐྱོན་འཛུགས་བྱེད་པའི་ངལ་བ་འབྲེལ་མེད་དུ་གནས། རྒྱུ་མཚན་ནི་ལྷ་རམས་པས་ཁོ་རང་གི་ལུང་ཚན་གྱི་ཁ་སྐད་རྒྱབ་ནས་བཤད་ཆོག་པས་སོ། མ་གཞི་ལྷ་རམས་པ་ཁོང་ལ་མཚོན་ན་བསམ་བློ་གུ་དོགས་དང་ཕྱོགས་རིས་ཀྱི་རྣམས་པ་དངོས་གསལ་ཐོག་ནས་ད་བར་ཡིག་ནོར་གྱི་ཁེངས་པའི་ཟིན་བྲིས་སྤེལ་མཁན་ཞིག་རེད་། དེ་ཡང་ཁོང་ལྷ་རམས་པ་ཡིན་ན་བོད་ཡིག་ཐོག་མ་སྦྱང་པ་ཡིན་མི་སྲིད་མོད་། ཕལ་ཆེར་དག་ཆ་སོགས་བརྡ་སྤྲོད་རིག་པར་སྦྱང་འགོ་བཙུགས་པ་འདྲ་། དེ་ཡང་ལྷ་རམས་ཅེས་པ་དེ་སློབ་ཐོན་མིང་ཅིག་ཡིན་པས་བརྡ་སྤྲོད་མ་ཤེས་པར་གཞུང་ཆེན་ལ་ཇི་ལྟར་བྱས་ནས་ཐོས་བསམ་བྱས། ཡ་མཚན་རེད་། ལྷ་རམས་པ་ཡོངས་རྫོགས་ཁོང་འདྲ་པོ་ཡིན་ནམ། ཁོང་ལ་དམིགས་བསལ་གྱི་ལོ་རྒྱུས་ཡོད་། གང་ལྟར་དོགས་པ་ཞིག་རེད་། དེ་ཡང་ཁོང་གི་ལོ་རྒྱུས་ཁ་གསལ་མཁྱིན་མཁན་ཡོད་ན་འདིར་ཏོག་ཙམ་འགོད་ཐུབ་ན་ཡག་པོ་འདུག།

 
 
20.03.2012 02:39:29

དྲ་གྲོགས་ཚོས་ད་ལེན་གྱི་གནད་དོན་ཐོག་དོ་ཁུར་གནང་བར་བསྔགས་བརྗོད་ཞུ།
འདི་ནི་ཡར་རྒྱས་ཀྱི་རྣམ་པ་དང་བཟང་ཕྱོགས་ཀྱི་གམ་སྟབ་ཤིག་ཀྱང་རེད་སྙམ།
ཤ་ཀླན་ལགས་ཀྱི་གསུང་ན་ཨང་ཀེ་དང་པོ་དེ་ལྷ་རམས་པ་ཡིད་ནོར་ཅན་གྱི་འཇམ་ནོར་ལ་འབུལ་དགོས་གསུང་པ་དེ་དངོས་
བདེན་ཡིན་པ་ནི་འཇམ་ནོར་ལགས་ནི་དོན་ནོར་ཡིན་པས་སོ། ཟུར་ཟ་དང་ཚིཾག་མཚོན་གྱི་རྒྱ་ཆ་དེ་ཡང་ཁོང་ལ་འོས་བབས་ཆེ་ཤོས་མཐོང་ཀྱང་དེ་དང་འདྲ་བའི་ཅོ་རི་ཉི་མ་ལགས་ཀྱི་ཁས་
ལེན་མིན་མི་ཤེས་པས་གནས་སྐབས་ཁོང་གཉིས་མཐུན་མོང་ལ་གཞག་ན་ལེགས་སེམས།
ད་དུང་དྲ་གྲོགས་ཞིག་གིས་འཇམ་ནོར་ལ་དོག་པ་ཡོད་ལུགས་དང་ཁོའི་ལོ་རྒྱུས་མཁྱེན་མཁན་རྣམས་ཀྱི་ཁོ་བའི་ལོ་རྒྱས་འགྲེམ་སྤེལ་དགོས་ལུགས་གསུང་པར་གུས་པས་དང་ལེན་ཞུས་སྟེ་ཁོ་བོའི་ལོག་ལྟར་ཆ་ཤས་ཙམ་ཞུས་པ་ནི་འདི་ལྟར་ཡིན་༸གོང་ས་མཆོག་གིས་བླ་མེད་ཀྱི་དགོངས་བཞེས་མ་འོངས་བོད་རྒྱད་ནང་བསྟན་སོགས་ཀྱི་ཐུགས་འགན་དེ། ༸རྒྱལ་བ་ཀརྨ་པ་དང།
༸ཡོངས་འཛིན་གླིང་རིན་པོ་ཆེ་རྣམ་གཉིས་ལ་བློས་འགེལ་ཡོད་གསུང་པ་དང་། སྲིད་ཀྱི་ཕྱོགས་ནས་མི་མང་གིས་རང་དབང་ལོངས་སུ་སྤྱོད་དེ་བདེམ་སྒྲུབ་གནང་བའི་གཞོན་
སྐྱེས་ཤེས་འཇོན་གཉིས་ལྡན་ཞིག་གིས་མགན་ཁུར་གནང་དགོས་པའི་བཀོད་རྔག་ལྟར་གཞིས་བྱེས་བོད་མི་ཡོངས་ཀྱི་གདིང་
འཇོག་དང་ཡིད་ཆེད་འཕེ་བའི་མི་རྗེ་སྲིད་སྐྱོངས་མཁས་དབང་བློ་བཟང་སེངྒེ་དབུས་པའི་བོད་མིའི་གཞུང་འཛིན་པ་དག་ལ་
དངོས་ཤུགས་རྒྱད་གསུམ་ནས་ལོག་ལྟ་བྱས་དང་བྱེད་བཞིན་པ་ཁོ་རང་གིས་ཟིན་བྲིས་སུ་གསལ་ཐུབ་པ་འདི་རེད་སྙམ།
ད་དུང་ཡང་གླེང་རྒྱུ་དང་བཤད་རྒྱུ་མང་དག་ཞིག་ཡོད་པ་ནི་བདེན་མིན་མི་ཤེས་ཀྱང་ལབ་གླེང་ཅན་གྱི་སྐྱེ་བོ་ཞིག་ནི་ཡིན་ཐག་ཆོད་རེད།
བོད་དོན་བག་ཡོད།།

 
 
20.03.2012 04:34:59

གྲོགས་ལ་རྒྱའི་བདག་པོ་ལགས། ཡིག་ནོར་མེད་མཁན་རྩོམ་ཡིག་ཅིག་ངས་དྲྭ་རྒྱ་གང་ནའང་མཐོང་མ་སོང་། ཁྱེད་རང་གི་ཟིན་བྲིས་ནང་ཡིག་ནོར་ཀུན་དགའ་དང་བསྟན་འཕགས་ནང་བཞིན་དང་གང་ཤེས་དེ་མང་ཤོས་གྲས་རེད་ལགས།
ཁྱེད་རང་གིས་བཅོས་དགོས་རེད་ཟེར་དུས་འགའ་བཅོས་ཁུལ་བྱེད་ན།
ནོར། གི། ཙ་བ། ཡིག་གེ། ཨུ་ཚུགས་ཀྱི། རེ་གཉིས་ཀྱི། མིང་ཅིག མཁྱིན་མཁན།
བཅོས། གིས། རྩ་བ། ཡི་གེ། ཨུ་ཚུགས་ཀྱིས། རེ་གཉིས་ཀྱིས། མིང་ཞིག མཁྱེན་མཁན།
ངའི་སྐོར་མཁྱེན་འདོད་ཡོད་ན་འདིར་བལ་ཡུལ་དུ་ཕེབས་དང་ངས་ནམ་ཡང་སྒོ་ཕྱེས་ནས་ཡོད། གལ་སྲིད་ཕེབས་མ་ཐུབ་ཚེ་ངའི་སྒེར་གཉེར་དྲྭ་རྒྱ་འདི་ནང་དུ་གཟིགས་ནའང་རགས་ཙམ་རྟོགས་ངེས་ཡིན།
www.jamyangnorbu.yolasite.com
http://jamyangnorbu.yolasite.com/

 
 
20.03.2012 03:04:56

འོ་རེད་ཁྱེད་ཚོས་ང་ལ་གང་གསུངས་པ་དེ་ཚོ་ལ་གུས་ནས་བཟོད་པ་སྒོམ་ཆོག དེ་ཚོ་ནི་ངའི་ཞབས་རིམ་ཆགས་འགྲོ་ཡི་འདུག
དགེ་ཤ་ཀླན་ལགས། ང་ཡིས་མཆན་གང་དུ་བཀོད་སར་ཁྱེད་ཀྱིས་དེར་ཡོང་ནས་སྐྱོན་མེད་སྐྱོན་དུ་བཏགས་ཏེ་སྐབས་རེར་ཁྱི་རྒན་རེད་ཟེར་བ་དང་སྐབས་རེར་ལྷ་རམས་མ་རེད་ཟེར་བ་འདྲ་པོ་གསུང་གིན་བཞུག་ན་
ང་ལ་གནོད་རྒྱུ་ཅང་མེད་ཁར་ཁྱེད་རང་གི་དེ་ཁོ་ན་ཉིད་བསྟན་ཕྱིར་ཐོན་སོང་བ་མིན་ནམ། ངའི་ལྷ་རམས་ངག་གི་དབང་ཕྱུག་ཟེར་བའི་གོ་མིང་འདི་ནི་རི་བོ་དགེ་ལྡན་པའི་ལུགས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོས་གནང་བཞག་པ་ཞིག་རེད། གོ་མིང་དེ་ནི་ཇི་སྲིད་ང་མ་ཤི་བར་དེ་སྲིད་དུ་ང་དང་འབྲལ་མི་ཐུབ། གོ་མིང་དེ་ནི་ཁོང་ཚོར་ཕྱིར་སྤྲོད་རྒྱུ་མེད་ལ་བཀྲུས་ནས་དག་རྒྱུའང་མེད། ངས་མེ་གང་དུ་བཏང་སར་ས་ཚིག་དགོས་པའི་དཔེ་ལྟར་ལོ་མང་སྡུག་དཀའ་ལས་རྒྱབ་པའི་འབྲས་རྟགས་སུ་གནང་བཞག་པ་ཞིག་ལས་ངས་བརྐུས་པ་དང་ཉོས་པ་སོགས་གང་ཡང་མིན་པས་ཁྱེད་རང་བློ་མ་བདེ་བ་བྱས་ཀྱང་ཕན་ཐོག་ཡོད་མ་རེད།
ཁྱེད་ཀྱིས་ངའི་རྩོམ་ཡིག་ལ་ཞུ་དག་རྣལ་མ་ཞིག་བྱེད་འདོད་ཡོད་ཚེ་སྔོན་དང་པོར་ཁྱེད་རང་གི་ཟིན་བྲིས་རྣམས་ལ་དག་བཅོས་ལེགས་པར་བྱེད་དགོས། ཆུས་ཁྱེར་བའི་མིས་ཆུས་ཁྱེར་བའི་མི་གཞན་སྐྱབས་མི་ཐུབ་པ་ཤེས་དགོས་སོ།

 
 
20.03.2012 03:50:22

ཧ་ཧ་ཧ།ལྷ་རམས་པ་འུ་ཐུག་འདུག གང་ས་གང་དུ་སྡུག་སྐད་རྒྱག་གི་འདུག ཡིན་ཡང་ཁྱེད་ཀྱིས་མི་ལ་དོན་མེད་དུ་དམའ་འབེབས་བྱེད་རྒྱུ་མཚམས་མ་བཞག་ན་ངས་ཀྱང་མཚམས་བཞག་འདོད་མེད།

 
 
20.03.2012 04:16:14

གྲ་ས་རྒྱ་མཚོ་ཆེ་པོ་ཅེས་ཡོངས་སུ་གྲགས་པ་དེར་རྒྱུ་མཚན་གཞན་ཞིག་ལ་བསམ་ན་ལྷ་རམས་པའི་མིང་སྐམ་ཡོད་མཁན་ཁྱེད་རང་འདྲ་བའི་ནུས་མེད་སྤྱོད་ངན་འགའ་ཡོད་པར་དོགས་པ་སྐྱེ་དོན་མེད་། དེ་ཡང་ནུས་མེད་སྦལ་པ་ཡིན་ནམ་རིགས་གཞན་ཡིན་མིན་ལག་འཁྱེར་མིང་སྐམ་ལ་འབྲེལ་བ་དེ་ཙམ་ཡོང་མི་སྲིད་། གཙོ་བོ་ལྷ་རམས་འཇམ་ནོར་ཁྱེད་རང་གི་ཤེས་ཚད་དང་སྤྱོད་པ་རང་གི་ཐོག་ནས་ང་ཚོའི་མཐོང་བ་ལྟར་བྱས་ན་གྲ་ས་རྒྱ་མཚོ་ཆེ་མོའི་ནང་གི་སེམས་ཅན་ཉ་རིགས་དང་ཡང་ན་གཞན་ཞིག་ཡིན་མིན་ལ་དོགས་པ་ཙམ་རེད་། དེས་ན་ཁྱེད་ཀྱི་ལྷ་རམས་པའི་མིང་སྐམ་དེར་རྒྱ་མོ་དང་བོད་རྨོ་འགའ་ལ་ངོམས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད་། ཧཧ རྨོངས་དད་གྱི་དུས་རབས་དེ་ཡལ་ཟིན་པས་མ་བརྗེད་།

 
 
20.03.2012 04:44:25

ལྷ་རམས་པས་དབྱིན་ཡིག་གི་རྩོམ་ཡིག་ཨོ་ཙམ་འབྲི་གི་འདུག ད་དབྱིན་ཡིག་གི་རྩོམ་ཡིག་འབྲི་ན་ཡག་ས་རེད། བོད་ཡིག་ནི་བཀྲིས་བདེ་ལེགས་རེད་འདུག

 
 
20.03.2012 05:53:32

དྲ་གྲོགས་རྣམ་པ་ཚོའི་ཐུགས་རྗེ་གཟིགས་ངེ་པར་ངུ་བསམ་བློ་གཏོང་དགོས་ཡ་ཞིག་ནི་གཞིས་གཞུགས་སྤུན་ཟླ་ཚོའི་ད་ལྟའི་ཛ་དྲག་གི་གནས་སྐབས་འདི་ལ་ཁོང་ཚོའི་བསམ་དོན་དང་རེ་བ་སོགས་རྒྱལ་སྤྱི་ནང་ཁྱབ་ཐུབ་པའི་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་སྐོར་བགྲོ་གླེང་ཞིག་གནང་ན་དེ་བས་ཕན་ཐོག་ཆེ་བ་མཐོང་།
གཞན་ཁྱེད་ཚོའི་གཅིག་གི་གཅིག་ལ་ང་དཀར་པོ་ཡིན་ཁྱེད་ནག་པོ་རེད་ཟེར་བའི་ང་འཛིན་གྱི་གོང་བུ་འཁྱེར་ནས་གླེང་མོ་གནང་བ་ནི་དགོས་དོན་གང་ཡང་མ་མཐོང།རྒྱུ་མཚན་ནི་ཁྱེད་རང་ཚང་མ་ལ་ཡིག་ནོར་རེ་མེད་ཁན་མི་འདུག་པས་དེའི་ཕྱིར།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -