ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.03.2012 11:38:13
འཆམ་ར་དྲི་མེད་རྒྱལ་མཚན།

དུས་དེབ་གསར་པ་ཞིག་ཐོན་བྱུང་། (པར་ཡོད།) ཉེ་ཆར་སུམ་ཅུ་དུས་དྲན་ཐེངས་༥༣ པའི་ཉིན་བཙན་བྱོལ་ནང་ནས་རྩོམ་སྒྲིག་བྱས་པའི་(ཆིག་སྒྲིལ)ཞེས་པའི་མྱ་ངན་དུས་དེབ་དེ་འགྲེམ་སྤེལ་བྱས་འདུག་ལ། དུས་དེབ་དེ་ནི་བོད་ནང་གི་མེར་བསྲེགས་ཀྱི་དོན་རྐྱེན་ལ་མྱ་ངན་རྗེས་དྲན་ཆེད་དམིགས་བསལ་འདོན་སྤེལ་ཞུས་པ་ཞིག་རེད་འདུག རྩོམ་དེབ་དེའི་ནང་དུ་བརྗོད་བྱ་ཚན་པ་གསུམ་དུ་བགོས་འདུག་པ་ནི།

1འདས་ཟིན་གྱི་མི་རིགས་འདིའི་ལོ་རྒྱུས་ཁྲོད་ཀྱི་དཔྱད་གླེང་།
2ད་ལྟའི་མེ་ལྕེའི་ཁྲོད་ཀྱི་འདས་གསོན་གཉིས་ཀ་ལ་ཕུལ་བའི་མྱ་ངན་གྱི་རྗེས་དྲན།
3
འབྱུང་འགྱུར་མི་རིགས་འདི་ཉིད་ཀྱི་ཁ་ཕྱོགས་ལ་དཔྱད་གླེང་གསུམ་རེད་འདུག
དེབ་འདིའི་རྩོམ་སྒྲིག་པ་ལི་ཐང་དབྱིག་གཉེན་ཡིན་པ་དང་། དུས་དེབ་རེར་ཧིན་སྒོར་སུམ་ཅུ་རེར་བྱས་ནས་འཚོང་གིན་ཡོད་འདུག གནས་ཚུལ་དངོས་ནི་ཟུར་བཀོད་པར་རིས་དང་དེ་ལས་ཀྱང་དུས་དེབ་དངོས་ནས་མཁྱེན་ཆུབ་གནང་རོགས་ཞུ་རྒྱུ་དང་བཅས་ཏེ་རྩོམ་སྒྲིག་པས་བསྐུལ་དོན་ལྟར་སྤེལ།

གོ་སྐབས་འདི་བཟུང་ནས་ཆིག་སྒྲིལ་གྱི་རྩོམ་སྒྲིག་པ་དང་ལྷན་དྲི་བ་དྲིས་ལན་འགའ་བྱས་པ་ནི།
༡ དྲི་བ། རྩོམ་སྒྲིག་པ་ཞིག་བྱེད་དུས་དཀའ་ལས་ཁག་ཤོས་དེ་གང་རེད་འདུག
ལན། རྩོམ་ཡིག་ལ་ཞིབ་འཇུག་གམ་ཞུ་དག་བྱ་རྒྱུ་དེ་རེད་འདུག

༢ དྲི་བ། དེའི་ཐད་ནས་དཀའ་ངལ་འཕྲད་སྟངས་གང་འདྲ་ཞིག་རེད་དམ།
ལན། རྩོམ་ཡིག་ཚད་ལྡན་ཡིན་མིན་དང་ཡིག་ནོར་ཡིན་མིན་གསལ་པོ་མ་ཤེས་པ་དེ་རེད། ཧཧཧ མ་རེད་དམ། ངའི་བསམ་ཚུལ་ཡིན།

༣ དྲི་བ། རྩོམ་ཡིག་གི་རོགས་སྐྱོར་ཐད་ནས་དཀའ་ངལ་འདུག་གམ།
ལན། དེ་ཨོའུ་ཙམ་ཡིན། དེ་ཙམ་དཀའ་ངལ་བྱུང་མ་སོང་།

༤ དྲི་བ། དེབ་རྣམས་འཚོང་རྒྱུ་ལ་དཀའ་ལས་འདུག་པས།
ལན། དེབ་འཚོང་རྒྱུ་ལ་དཀའ་ངལ་ཨོའུ་ཙམ་ཡིན། རྒྱུ་མཚན་ནི་མི་གཞན་ལ་རེ་བ་བཅོལ་མེད།

༥ དྲི་བ། འདི་ལྟར་དུས་དེབ་འདི་རྩོམ་སྒྲིག་བྱེད་དོན་གང་ཡིན་ནམ།
ལན། དང་པོ་རང་ཉིད་བོད་པ་གཙང་མ་ཞིག་ཡིན་པའི་ཆ་ནས་ཤ་རུས་ཁྲག་རྒྱུན་གཅིག་པའི་མེས་པོ་དམ་པའི་འདས་གསོན་གཉིས་ལ་མི་ཡུལ་ས་མཐའ་ནས་གོ་མེད་ཚོར་མེད་ངང་མ་སྡོད་པར་སྐྱིད་སྡུག་མཉམ་མྱོང་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཡིན།
གཉིས་ནི་མི་རིགས་འདིའི་འདས་མ་ད་གསུམ་ལ་དཔྱད་གླེང་བགྱིས་ཏེ་མི་རིགས་འདི་ཉིད་ཀྱི་ནུས་པ་<<ཆིག་སྒྲིལ>>་བྱ་ཆེད་དུ་ཡིན།
གསུམ་ནི་རང་ཉིད་ལས་གཞི་འདི་ལྟབུའི་རིགས་ལ་དགའ་ཞེན་དང་དུང་བ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་ལས་གཞི་འདིའི་རིགས་ལ་རྟ་རྒྱུགས་མཁན་དང་ལྟད་མོ་ལྟ་མཁན་གཉིས་ཀྱི་དབྱེར་འབྱེད་གསལ་བོ་ཤེས་ཆེད་དུ་ཡིན།

འཆམ་ར་བ། འོ་ཡ། དོ་དགོང་མ་ཐུབ་ན་སང་ཉིན་ཏག་ཏག་སྤེལ་ཡོང་།
ལི་ཐང་པ། ཡ་ཡ་ཡ། ཁ་དྲོ།


  རྡོག་རྩ་ཆིག་སྒྲིལ།
 

14.03.2012 04:37:14

མྱ་ངན་རྗེས་དྲན་དུས་དེབ་འདི་རྩོམ་སྒྲིག་གནང་བ་སེམས་གཏེང་ནས་དགའ་བསུ་ཡོད་། བོད་གྱི་ལས་དབང་ནི་རླུང་འོག་གི་མར་མེ་བཞིན་དེ་རིང་དཔའ་བོ་གཅིག་གི་རང་ལུས་མེ་མཆོད་ཕུལ་སོང་བ་བཞིན་སང་ཉིན་ནས་རིམ་བཞིན་མདོར་ན་ཅིག་རྗེས་གཉིས་མཐུད་གྱི་མི་རིགས་ཡོངས་སུ་རྫོགས་པ་ཨ་རི་གྲགས་ཅན་གློག་བརྙན་ཞིག་གི་ནང་༢༠༡༢ལོ་མཛམ་གླིང་འཇིག་པའི་སྐོར་དང་དམིགས་བསལ་དེའི་ནང་འཇིག་ཚུལ་བོད་དང་འབྲེལ་བ་ཆེས་ཡོད་པ་ཞིག་བཀོད་ཡོད་པ་བཞིན་དོན་དངོས་བོད་ལ་དེ་ལྟར་འགྱུར་བའི་དོགས་པ་ཆེས་ཆེ་པོ་ཡོད་། དངོས་གནས་བྱས་ན་གློག་བརྙན་བཟོ་མཁན་གྲགས་ཅན་རིག་པ་ཚོའི་བསམ་ཞིབ་ངོ་མ་ཅི་ཞིག་གི་ཆེད་དུ་གློག་བརྙན་དེ་བཟོའི་པ་བཤད་དཀའ་མོད་། ད་བར་བོད་ནང་བྱུང་བའི་མི་རིགས་ཆགས་འཇིག་གི་གནས་སྟངས་ལ་གཟིགས་ན་དེ་ནི་ཆེད་དུ་ཚན་རིག་པས་བོད་དང་བོད་མིའི་བདེ་སྡུག་ལ་སེམས་ཁུལ་བྱེད་པའི་ལུང་བསྟན་གལ་ཆེན་བསྒྲགས་གནང་བ་འདྲ་།

 
 
15.03.2012 12:16:14

དྲ་གྲོགས་འཆམ་ར་བ་ཕེབས་པ་དགའ་བསུ་ཞུ།
དྲ་གྲོགས་ལགས་མ་འཇལ་ཡུན་རིན་སོང་ཡང་དེ་རིང་འཇལ་བར་འཚམ་འདྲི་ཞུ།
བར་ལམ་མ་འཇལ་རིང་སྐུ་ཉིད་ཀྱི་དུས་དེབ་དོན་ཡོད་མེད་རྩད་བཅོད་མ་ཐུབ་པ་འདྲ་
ཧཧཧ
རྕེད་མོ་ཡིན་
བོད་དོན་བག་ཡོད

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -