ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.02.2012 08:08:10
འཆམ་ར་དྲི་མེད་རྒྱལ་མཚན།

བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་ཆེ་བསྟོད་དང་འབོད་སྐུལ།
བོད་ནང་དུ་བྱུང་བའི་མེར་བསྲེགས་བྱས་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱལ་སྤྱིའི་ཐོག་ཐུགས་སྣང་དགོས་པའི་འབོད་སྐུལ།

༄༅༎རྒྱ་ནག་གི་གྲོང་ཁྱེར་ཁྲིན་དུ་ནས་ཁམས་ཕྱོགས་ཀྱི་རྩོམ་པ་པོ་ཁག་ཅིག་གིས་བྲག་མགོ་དང་གསེར་རྟའི་གནས་ཚུལ་གཙོས་སྔ་ཕྱིར་བོད་ནང་དུ་བྱུང་བའི་མེར་བསྲེགས་བྱས་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱལ་སྤྱིའི་ཐོག་ཐུགས་སྣང་དགོས་པའི་ འབོད་བསྐུལ་གནང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་ ཉིན་ཤས་གོང་བོད་ཀྱི་ཁམས་ཕྱོགས་ཀྱི་རྩོམ་པ་པོ་ཁག་ཅིག་ཁྲིན་དུར་འདུ་འཛོམས་གནང་ནས་ རྒྱལ་སྤྱིའི་ཐོག་ཐུགས་སྣང་འགུག་པའི་ཆེད་ མི་རྟགས་བསྡུ་རུབ་ཀྱིས་ རིང་ཐང་ལྡན་པའི་ ཚེ་སྲོག་འདྲ་མཉམ་ཡིན་པས་ དེ་ལ་གང་བྱུང་མེ་མདའ་བརྒྱབ་ཏེ་དམར་གསོད་དང་སོ་སོའི་ཐོབ་ཐང་ལ་རྡོག་རོལ་མི་རུང་བའི་སྐོར་འབོད་ཚིགས་སྒྲོགས་གནང་འདུག་། ཁོང་རྣམས་ཀྱིས་བོད་ཀྱི་ས་ཁུལ་སྤྱི་དང་ལྷག་དོན་ཉེ་སྔོན་བྱུང་བའི་བྲག་མགོ་དང་གསེར་རྟ་ཁུལ་དུ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་དང་ ལྷག་དོན་བོད་ཀྱི་མདོ་ཁམས་ཁུལ་དུ་བོད་རིགས་མང་པོས་སོ་སོའི་གཅེས་པའི་རིན་ཆེན་སྲོག་བློས་བཏང་ནས་མི་རིགས་ཀྱིས་བདེ་དོན་གྱི་ཆེད་དུ་ལས་འགུལ་སྤེལ་བར་རྩོམ་པ་པོ་རྣམས་ཀྱིས་ཆེ་ བསྟོད་དང་གུབ་བརྩི་ཞུས་འདུག་། བདེ་འཇགས་ཀྱི་རྒྱུ་མཚན་གྱི་ཐོག་ནས་རྩོམ་པ་པོ་རྣམས་ཀྱི་མཚན་དང་ གཞན་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་གནང་མེད་པ་རེད་འདུག
ཨེ་ཤའི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལས་དྲངས།


  རྡོག་རྩ་ཆིག་སྒྲིལ།
 

01.02.2012 09:16:09

མདོ་སྨད་འཛམ་ཐང་རྫོང་བར་མ་ཞང་དུ་ཞི་རྒོལ་བྱས་པའི་བརྙན་འཕྲིན་གསར་འགྱུར་ཞིག་ལ་གཟིགས་རོགས
http://youtu.be/zITTSO6LNpo

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -