ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.02.2012 06:49:36
འཆམ་ར་དྲི་མེད་རྒྱལ་མཚན།

མེ་མདའི་འོག་གི་ད་ལྟའི་ཁམས་བྲག་མགོ西藏局势:被枪杀、枪伤藏人图片首次曝光


西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光
西藏局势:被枪杀、枪伤藏人图片首次曝光

རྒྱ་ནག་གི་པོ་ཞོན་དྲ་བར་སྤེལ་བ་ལས་འདིར་དྲངས། དེ་རུ་( 据西藏之声一周前报道,1 月23日(初一)上午在炉霍县车站三岔路口有人张贴传单,声称他们将会自焚,同时嘱托民众不要让他们的遗体被军警抢走。于是约上百名民众进行集会议论传单 内容,当局派遣军警拘押了约200名民众,从而引发了数千名僧俗民众的和平集会,当时有人还砸毁了当地有关部门的玻璃窗户。据说在色达县境内也曾出现过同 样的传单。
事件中,军警开枪镇压,6名藏人被枪杀,30多名藏人被枪伤。
镇压引起西藏境内和国际的关注,其它藏区也有示 威抗议,目前特警、装甲车正密集调往藏区。藏人是非常和平的民族,有必要调集武装力量血腥镇压?现在不是10年、20年前了,大规模开枪镇压的血腥无法掩 盖,如果屠杀到一定程度,国际社会的关注甚至直接军事介入也是可能的。

以下是首次曝光的来自西藏境内的图片:

被枪杀的死者云丹,49岁)འདི་ལྟར་འགྲེལ་བཤད་གནང་འདུག  ཟླ ༡ ཚེས་ ༢༣ ཕྱི་དྲོ་བྲག་མགོ་རྫོང་གི་རླངས་འཁོར་འབབ་ཚིགས་ཀྱི་སུམ་མདོ་རུ་བོད་མི་ཞིག་སྦྱར་ཡིག་བཀྲམ་གྱིན་ཡོད་རབས་དང་། ཁོང་གིས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་རབས་དང་དེ་རྗེས་རྒྱ་དམག་གི་ལག་ཏུ་སྐུ་ཕུར་ཤོར་མ་འཇུག་ཅེས་པའི་བསྒྲགས་གཏམ་སྤེལ་བཞིན་པ་དང་བོད་མི་༢༠༠ ལྷ་ཅིག་འཛོམས་ཤིང་རིམ་བཞིན་ཇེ་མང་ལ་གྱུར་བ་དང་ས་གནས་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་ཡང་གཅོག་གིན་འདུག་ལ།་དེ་ནི་ཉེ་བའི་ཆར་གྱི་གསེར་རྟ་རུ་མགོ་བརྩམས་པ་ཞིག་ཡིན་པ་དང་། དེང་སང་ནི་ལོ་༡༠ དང་༢༠སྔོན་དང་མི་འདྲ་བར་མེ་མདའ་ཁ་ན་བོད་མི་ཚོ་ཉེན་ཀར་འཕྲད་ཀྱིན་ཡོད་ལ། ཚུལ་དེར་རྒྱལ་སྤྱིའི་ངོས་ནས་ཀྱང་དོ་སྣང་བྱེད་ཀྱིན་ཡོད་རབས་དང་། གཤམ་ནི་མེ་མདའི་ཁ་ནས་དམར་གསོད་བྱས་པའི་བོད་མི་ཡོན་ཏན།་རང་ལོ་༤༩ཅན་དེ་རེད་ལྟ་བུ་ཞིག་བཤད་ཀྱིན་འདུག གོ་ནོར་ཤོར་ཡོད་ན་དགོངས་དག བོན་རྒྱའི་ཟིན་བྲིས་ལངས་དྲངས།


  རྡོག་རྩ་ཆིག་སྒྲིལ
 

01.02.2012 08:00:39

དོ་དམ་པས་སྐྱར་སྒྲིག་ཅིག་གནང་རོགས། དོ་སྣང་ཅན་ཚོ་ད་དུང་དྲྭ་ཐག་འདིར་ཕེབས་ན་གནས་ཚུལ་ཡོངས་ཁུངས་དངོས་དང་། གནས་ཚུལ་ལྷག་མ་འགའ་ཡང་རག་སྲིད། http://boxun.com/news/gb/china/2012/02/201202010945.shtml

 
 
02.02.2012 06:22:57

ཡིད་སྐྱོ་བའི་གནས་ཚུལ་དེ་འདྲ་ཨ་ཁ་ཁ་་་་་་་་་་་་་་་་་་་་་་

 
 
01.02.2012 09:40:08

བྲག་འགོ་རྫོང་གི་མི་དམངས་ཀྱིས་ཕུ་ནུ་ནང་གསོད་མི་བཏང་བའི་དམ་བཅའ་བརྟན་པོ་བཟུང་ཡོད་ལ་ཞི་བ་མ་གཏོགས་དྲག་སྤྱོད་མི་བྱེད་པའི་དཔང་རྟགས་བཞག་ཡོད། ཉིན་ཆ་ས་སྐྱ་༧གོང་མ་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ཀྱི་བཀའ་སློབ་ལྟར་ལག་ལེན་གྱི་ཐོག་ནས་གྲི་རིང་དང་གྲི་འཐུང་ཚང་མར་དོར་ཡོད། སྤྱིའི་ཆ་ནས་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་མཆོག་གི་འཚེ་མེད་ཞི་བདེའི་ལྟ་གྲུབ་ཀྱི་རྗེས་འཇུག་བྱེད་ཀྱི་ཡོད། ཞི་བའི་ངོ་རྒོལ་དོན་དང་བདེན་པ་སྦེལ་གྱི་ཡོད།
སྤྱིའི་ཆ་ནས་ཤི་རྨས་ཀྱི་གནད་དོན་འདི་འདྲ་བྱུང་བར་སེམས་སྡིག་ཆེན་པོ་ཡོད་ཀྱང་གཉེན་ཕུ་ནུའི་ལག་འོག་ཏུ་ཤི་རྨས་ཕྱིན་པ་མ་ཡིན་པར་རྒྱ་གུན་ཁྲན་གྱི་འོག་ཏུ་ཤི་རྨས་བྱུང་བ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་བོད་མི་རིགས་ཀྱི་དཔའ་པོ་ངོ་མ་ཡིན།

ཡིན་ནའང་རྒྱ་གུན་ཁྲན་ཏང་གིས་བྲག་འགོ་དང་གསེར་རྟ་སོགས་སུ་ཞི་རྒོལ་བའི་ཐོག་ཏུ་མེ་མདའ་བརྒྱབ་ཀྱི་ཡོད། གནད་དོན་འདིའི་ཐོག་ཏུ་རྒྱལ་སྤྱིའི་འགྲོ་བ་མི་ཡི་བལྟ་ཞིབ་ཚོགས་པ་དང་ཨ་རི། ཧྥི་རན་སི་དང་འཇར་མན་ནིས་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད། ཡིན་ནའང་གུན་ཁྲན་ཏང་གིས་དམག་ཤུགས་དང་རྒྱུ་ཤུགས་ཀྱིས་རྒྱལ་ཁབ་འདི་དག་གི་རེ་སྐུལ་བྱས་པ་རྣམས་སུ་རྩ་བ་ནས་བརྩི་སྲུང་བྱས་ཀྱི་མེད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་ནས་བཤད་པ་མ་གཏོགས་ལག་ལེན་གྱི་ཐོག་ནས་བོད་མི་རིགས་ལ་རྒྱབ་སྐྱོར་བྱས་ཕོད་མེད། ཨ་རབ་རྒྱལ་ཁབ་ཁག་གི་ནང་དུ་དམངས་གཙོ་གསར་བརྗེ་བ་ཚོའི་རྒྱབ་སྐྱོབ་བྱས་ནས་དམག་དྲངས་ཡོད་ཀྱང་བོད་མི་རིགས་ཀྱི་རྒྱབ་སྐྱོབ་བྱས་ནས་དམག་རྒྱབ་རོགས་བྱས་མཁན་ད་ལྟའི་བར་དུ་བྱུང་མྱངས་མེད། ཅིའི་ཕྱིར་་་ཁྱད་པ་འདི་བྱུང་བ་ཡིན་ནམ་ཞེས་པའི་དྲི་བ་ཞིག་བསླེབས་ཡོད། དྲི་བ་འདི་ཨ་རི་དང་ནུབ་ཕྱོགས་སྟོབས་རྒྱལ་ཁབ་ཁག་ལ་དྲི་འོང་པའི་དྲི་བ་ཞིག་རེད་འདོད།

 
 
01.02.2012 09:57:44

ཁོ་རེ། ཅོ་རི། ཇོ་བོ་ཚང་། ད་ཅི་དྲགས་ས་རེད་གོ ངོ་མ་ཡིན། ངས་ཁ་སྔོན་''མང་ཚོགས་ནི་ནམ་ཡང་ཁྱེད་ཚོའི་མ་འགྲམ་ན་ཡོད་''ཅེས་པའི་རྩོམ་ཡིག་ཅིག་བྲིས་ནས་ཟིན་བྲིས་ཐོག་སྤེལ་ཡོད། དེའི་ནང་དུ་བོད་མི་ས་ཡ་དྲུག་གསོད་བསྲེགས་ཀྱིས་རྫོགས་སོང་ན་དེ་ནས་ཅི་ཞིག་བྱེད་འཆར་ཡོད་དམ། ཞེས་དྲི་བ་ཞིག་བཀོད་ཡོད། འོན་ཀྱང་དེ་ལ་ལན་དོན་མཐུན་ཞིག་གནང་མཁན་སུའང་མ་བྱུང་།

གང་ལྟར་བོད་མི་ནི་ཉིན་ལྟར་དྲག་མཚོན་གྱི་འོག་ནས་གྲོངས་འགྲོ་གིན་ཡོད། འོན་ཀྱང་གཞིས་ནང་གི་བོད་མིའི་རེ་ལྟོས་བྱ་ཡུལ་གཙོ་བོ་བཙན་བྱོལ་ནང་གི་བོད་གཞུང་གིས་ནི་བསྒྲགས་གཏམ་སྤེལ་བ་དང་། ཟས་བཅད་བྱེད་པ། དེ་བཞིན་མར་མེ་མཆོད་པ་ཙམ་རེད། དེ་ནི་དེ་སྔོན་གྱི་ནམ་རྒྱུན་བྱ་འགུལ་ཙམ་ལས་བརྒལ་གྱིན་མེད། ལས་འགུལ་དེའི་ཕྱི་གཞུག་ཏུ་ང་ཚོ་ད་དུང་མི་ཡུལ་ལུས་ཡོད་ལ། གཞིས་ནང་གི་མི་རྣམས་གཅིག་བསྲེགས་གཉིས་བསྲེགས་དང་གཅིག་གསོད་ཉིས་གསོད་རེད།

རྒྱལ་ཁབ་གཞན་པས་ང་ཚོ་བསྐྱོབ་རོགས་བྱེད་རྒྱུ་ནི་ཉིན་མོའི་རྨི་ལམ་རང་རེད། གང་ཡིན་ཟེར་ན། སྔོན་མ་རྒྱལ་གར་སྲིད་བློན་ནེ་རུས། བོད་དེ་རྒྱ་འོག་རེད་ཅེས་འཛམ་བུ་གླིང་དུ་བོད་རྒྱ་འོག་བགྲང་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་རྒྱ་གར་གྱུར་པ་རེད། དེ་རྗེས་ཁོས་དེ་ལྟར་ལབ་དགོས་དོན་བཤད་དུས། ང་ཚོས་དང་པོ་རང་ཉིད་ཀྱི་རྒྱལ་ཁབ་བདག་སྲུང་ཆེད་དུ་ལས་ཀ་བྱེད་དགོས་ཀྱི་ཡོད་ལབ་པ་རེད། རྒྱལ་ཁབ་ཚང་མ་འདི་དང་གཅིག་མཚུངས་རེད། དེས་ན་རྒྱལ་ཁབ་གཞན་ཚོ་ལ་དགྲ་ནག་ལས་ཁེ་སང་ཆེ་བ་ཞིག་ད་ལྟའི་ང་ཚོས་སྤྲོད་ཐུབ་ཀྱི་རེད་དམ། མ་རེད། གཏན་ནས་སྤྲོད་ཐུབ་ཀྱི་མརེད།། དེས་ན་དོན་དམ་པའི་ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གནམ་འོག་ན་ད་ལྟ་ཡོད་མ་རེད་དོ།

གལ་སྲིད་རྒྱལ་ཁབ་གཞན་ཚོས་ང་ཚོ་ལ་དོན་དམ་གྱི་རོགས་ཕན་བྱས་ན་བྱེད་ཐུབ་པ་འགའ་ཡོད། དེང་སང་འཛམ་བུ་གླིང་པ་ནི་གཅིག་ལ་གཅིག་ལྟོས་ཀྱིས་གནས་ཡོད་པས། ཡུ་རོབ་རྒྱལ་ཁབ་རྣམས་ཁ་གཅིག་མཐུན་ནམ། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཁ་མཐུན་གྱིས་མཚོན། ཨ་རི་སོགས་ཀྱིས་དགྲ་ནག་ལྷན་འགྲོ་གིན་པའི་ད་ལྟའི་ཚོང་འབྲེལ་རྣམས་གཙང་བཅད་བྱས་པ་ཡིན་ན། དེས་གནོན་ཤུགས་ཏན་ཏན་ཞིག་སྤྲོད་ཐུབ་ཀྱི་རེད་ལ། དེ་བཞིན་ཨ་རིས་རང་ཉིད་ཀྱིས་དེ་ཙམ་ལྟོས་མི་དགོས་ས་དང་། མིང་གྲགས་དང་དོན་གྱི་ཁེ་སང་ཡོད་སའི་རྒྱལ་ཁབ་གཉོམ་ཆུང་འགའི་སྟེང་དྲག་དམག་ཕབ་ནས་རོགས་རམ་བྱས་ཡོད་ལ། འགའ་རེ་ལ་དོན་ཕན་ཀྱང་བྱུང་ཡོད། དེ་དག་ནི་རོགས་རམ་བྱས་ན་གོ་སྐབས་ཏན་ཏན་ཡོད་ས་འགའ་རེད། དེ་ཙམ་ཡིན

 
 
01.02.2012 10:39:23

སློབ་དཔོན་དྲི་མེད་ལགས་་་་ཁམས་བཟང་།
འཇིག་རྟེན་གྱི་གཏམ་དཔེར།
གོང་དཔོན་པོའི་རང་ཚོད་མ་ཟིན་ན། ས་ཐང་སྟོང་ཧམ་པ་སུས་ཚ་བྱེད། ཁེ་མི་ལེན་རང་སྡེ་དཀྱིལ་ལ་ཟད་ཞེས་པ་ལྟར་རྒྱ་གུན་ཁྲན་གྱིས་ཧམ་སེམས་ཀྱི་ཐོག་ནས་བོད་དང་སོག་པོ། ཞི་བདེའི་རྒྱ་མཚོའི་ཁུལ་གྱི་གཏེར་ཁ་ཡོད་པའི་གླིང་ཕྲན་ཁག་རང་བདག་བྱས་དང་བྱེད་བཞིན་པ་རེད། བལ་ཡུལ་རྒྱལ་ཁབ་ལ་ཡང་ཕྱེད་ཙམ་དབང་འགྱུར་བྱས་ཟིན་པ་རེད། གནད་དོན་འདི་ཚོ་ཐམས་ཅད་དཔལ་འབྱོར་གྱི་བདག་དབང་ཁོ་ནའི་རྩོད་པ་རེད། བོད་སོག་གཉིས་ཀྱི་གཏེར་ཁའི་ཐོན་ཁུངས་བེད་སྤྱོད་ནས་དངོས་ཟོག་གྲངས་ལས་འདས་པ་ཞིག་བཟོས་དང་བཟོ་བཞིན་པ་རེད། དེ་དང་དེ་བཞིན་ལྷོ་རྒྱ་མཚོའི་ཁུལ་གྱི་གཏེར་བདག་རྒྱ་གུན་ཁྲན་ཡིན་ཟེར་ནས་ཧམ་པ་བྱེད་བཞིན་པ་རེད།

གནད་དོན་འདི་དག་གིས་ཉེར་འཁོར་གྱི་རྒྱལ་ཁབ་ཁག་ལ་དགྲ་བསགས་ཀྱི་ཡོད། ཀོ་རི་ཡ། འཇར་པན། ཝན་མན། ཧྤི་ལི་ཕན། ཐད་ཝན། འབར་མ། ཐད་ལན། སི་རི་ལ་ཀ རྒྱ་གར། ཨོ་སི་ཁྲེ་ལི་ཡ། བཅས་སུ་དགྲ་བསགས་ཀྱི་ཡོད། དགྲ་བསགས་ཀྱི་ཡོད་པར་གཞིར་བཟུང་གིས་རྒྱལ་ཁབ་དེ་དག་གིས་ཁ་གཏོད་ལང་ཆེད་དུ་དམག་དང་གོ་མཚོན་གྲལ་སྒྲིག་བྱས་ནས་ལོ་ཤས་སོང་ཡོད། རྒྱར་གར་ལྟ་བུ་ཡིན་ན་ཨ་སྒོར་དུང་ཕྱུར་མང་འགྲོ་སོང་བཏང་ནས་དམག་གྲུ་ཆེན་པོ་ཞིག་ཉིན་ཆ་རང་བཟོས་ཚར་ཙམ་རེད། ཨ་རིའི་རྩ་ནས་དམག་གི་གནམ་གྲུ་༡༨༠ཉོས་པ་རེད། ཨེ་ཟུ་རུ་ལི་རྒྱལ་ཁབ་ཀྱི་རྩ་ནས་མེ་ཤུགས་འཕེར་མདའ་བཀག་ཐུབ་པའི་གོ་ལག་ཉོས་པ་རེད། འཇར་ཕན་རྒྱལ་ཁབ་ཀྱི་རྩ་ནས་རྡུབ་ཕྲན་གོ་མཚོན་བཟོ་བའི་ལག་རྩལ་ཉོ་བརྩི་ཡོད་པ་རེད།

འདི་དག་ཐམས་ཅད་གྲལ་སྒྲིག་དགོས་པའི་རྒྱུ་མཚན་གཙོ་བོ་གུན་ཁྲན་ཏང་གི་ཁ་གཏོད་བཅག་ཆེད་དུ་རེད། མ་ཟད་ཨ་རི་ཡིས་ཨོ་སི་ཁྲེ་ལི་ཡའི་ནང་དུ་དམག་སྒར་གསར་འཛུགས་བྱས་ཡོད། མདོ་ན་་་དམག་དོན་དང་ཚོང་ལས་གང་གིས་ཐོག་ནས་ཡིན་ནའང་འཛམ་བུ་གླིང་གིས་གུན་ཁྲན་ཏང་གི་ཁ་གཏོད་ལང་གི་ཡོད་པ་གསལ་པོ་རེད་འདོད་དོ།།

 
 
01.02.2012 10:50:22

ཨ་རོག་ཅོ་རི་བ། ད་ལྟའི་ང་གཉིས་ཀྱི་སྐད་ཆ་འདི་རྒྱ་ཆེ་དྲགས་ནས་གནད་དོན་དངོས་ཀྱི་ཐོག་ལ་བབ་མ་ཐུབ་པའི་ཟོལ་འདྲ་ཡོང་གིན་མི་འདུག་གམ།

 
 
01.02.2012 11:01:34

མདོ་ན་བོད་མི་རིགས་ཀྱི་བདག་དབང་བཙན་ཕྲོགས་བྱས་མཁན་གུན་ཁྲན་ཏང་གི་ཁ་གཏོད་ཀྱི་དགྲ་བོ་དེ་ཙམ་མང་པོ་ཡོད་དུས་བོད་མི་རིགས་ཡང་སྐྲག་དགོས་དོན་དེ་ཙམ་མི་འདུག་ཞེས་པའི་དོན་ཡིན་་་་ཧཧཧཧཧཧཧ སྔ་ཕྱི་མ་གཏོགས་གུན་ཁྲན་ཏང་འདིར་གཏོར་ངེས་རེད་འདོད། ༧གོང་ས་མཆོག་གིས་གསུངས་པ་ལྟར་འཛམ་བུ་གླིང་འདི་འཛམ་གླིང་གི་མི་དམངས་སུ་དབང་བསྡད་པ་དང་བོད་ཀྱི་ཕ་ས་འདི་བོད་རྒྱ་ཆེན་མི་དམངས་སུ་དབང་དགོས་པ་ཞིག་ཡིན་པར་དངོས་ཡོད་རེད།

 
 
01.02.2012 11:09:33

ཅོ་རི་འདི་མཚམས་ཞིག་ལ་ཨ་ཚ་ཨུ་ཚུགས་ཆེ་དྲགས་པའི་ཟོལ་འདྲ་ཞིག་དང་། མཚམས་རེར་ལྷོད་ནས་གུ་ཡངས་ཆེ་སོང་བའི་ཟོལ་འདྲ་ཞིག་འགི སོ་སོའི་ས་ཆ་དོ་བདག་ཐོབ་དགོས་རེད་ཅེས་པ་སོགས་ནི་སྣང་བ་སྐྱིད་པོའི་སྐད་ཆ་ཙམ་དང་། སྐད་ཆ་ཁ་ཅང་གུ་ཡངས་ཀྱི་རྣམ་པ་ཙམ་རེད། དེ་ཚོ་སྐྱོར་བསྡད་པ་ལས། ལག་ལེན་དངོས་ཀྱི་ཁྲོད་དུ་ཞུགས་ན་ཕན་ཐོགས་ཆེ་བ་ལས། ང་ཚོས་དེ་ཚོ་སྐྱོར་ནས་ལོ་ངོ་བཅུ་ཕྲག་ལྔ་ཙམ་བདས་ཟིན་པ་རེད་ལ། གླེགས་བམ་གདུང་ཁུངས་ལ་ཐུབ་པ་དེ་འདྲ་བྲིས་ཟིན་པ་རེད། འོན་ཀྱང་དོན་དངོས་སུ་ང་ཚོ་ནི། དགྲ་ནག་གིས་མནར་གཅོད་གཏོང་ཡུལ་ལས་འདས་མེད་ལ། ད་དུང་སོ་སོའི་ནང་མི་སྤུན་མཆེད་དམར་གསོད་གཏོང་སྡོད་དུས་ཀྱང་། ང་ཚོས་ཟུར་ནས་མིག་ཅེར་རེ་བསྡད་ཡོད་པ་རེད།
ང་ཚོས་ལོ་རྒྱུས་ཁ་ནས་ཤོད་པ་ཙམ་མིན་པ། ལོ་རྒྱུས་ལག་པས་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག དེ་འདྲ་རེད་དམ

 
 
01.02.2012 11:51:11

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་ཁྲུས་ལ་་་་འགྲོ་བའི་སྡུག་བསྔལ་ཕྱག་མི་ཟིན་ཞེས་པ་ལྟར་་བཙན་བྱོལ་བོད་མི་ཚོས་ཕུ་ནུའི་ཚེ་སྲོག་ལག་པས་སྐྱོབས་ཐུབ་ཀྱི་མེད་པར་གསལ་པོ་རེད། ཚེ་སྲོག་ཤོར་འགྲོ་བས་འཐབ་རྩོད་མཚམས་བཞག་རོགས་བྱོས་ཞེས་ཞུས་ན་དེ་ཡང་འགྲིག་གི་མི་འདུག འཐབ་རྩོད་བྱོས་ཞུས་ན་ཕུ་ནུའི་ཚེ་སྲོག་སྐྱོབ་ཐུབ་ཀྱི་མི་འདུག ལག་པས་བྱེད་དགོས་རེད་ཟེར་ན་ལག་པས་ག་རེ་བྱེད་དགོས་པ་རེད་དམ། ཤེས་ཡོན་པས་ཡི་གེ་འབྲི་དགོས་པ་རེད་དམ། འོན་ན་མེ་མདའ་ལག་ཏུ་ལེན་དགོས་པ་རེད་དམ། གསུང་དང་།
ངས་བྱས་ན་བོད་ནང་གི་གཉེན་ཕུ་ནུའི་སྲོག་སྐྱོབ་ཐུབ་པའི་ནུས་པ་བཙན་བྱོལ་བོད་མི་ལ་མི་འདུག་སྙམ། དཔེར་ན་་་སྟོབས་ཆེན་དབྱིན་ཇུས་རྒྱལ་ཁབ་ཀྱི་མི་ཡང་གུན་ཁྲན་ཏང་གིས་དམར་བསད་བཏང་སོང་། ཁོ་ཚོས་ཡང་སྐྱོབ་ཐུབ་མ་སོང་། ང་རང་ཚོས་སྐྱོབ་ཐུབ་ཀྱི་མ་རེད། མ་འོང་པ་ཡང་ཁག་པོ་རེད། ཁྱེད་རང་གིས་བྱས་ན་ལས་་འགན་མཚམས་བཞག་རོགས་བྱོས་ཞེས་རེ་སྐུལ་ཞུས་ན་འགྲིག་པ་འདུག་གམ། ལོ་རྒྱུས་ལག་པས་སྲུང་སྐྱོབ་བྱེད་སྟངས་ཤིག་གསུང་རོགས་བྱོས་དང་། ངས་ནི་ལག་པས་ལོ་རྒྱུས་སྲུང་སྐྱོབ་ག་འདྲའི་བྱེད་དགོས་མིན་ཡང་ཤེས་ཀྱི་མི་འདུག་པས་བཀའ་སློབ་ཁ་གསལ་ཙམ་གསུང་རོགས།

 
 
01.02.2012 12:06:30

ཅོ་རི། ད་ཅི་རེད་སོང་། རྒས་རེད་དམ། འུག་རེད། ཁ་སང་སྔོན་མ་རྩོམ་ཡིག་རང་བཙན་ལེན་སྟངས་ཀྱི་ཁྲིམས་བཏུག་མ་ཡིན་ན་ཞིག་ཁྱེར་ནས་ལ་ཤོར་ལུང་ཤོར་བྱས་སོང་། ཧཧཧ དང་པོ་རྩོམ་ཡིག་དེ་དང་ད་ལྟའི་མཆན་མཐའ་མ་འདི་གཉིས་ཀྱི་འགལ་འདུའི་དོན་ཁྱེར་ཤོག དེའི་རྗེས་ངས་ལན་གཞན་རྣམས་གང་དྲན་དྲན་གྱི་བསམ་ཚུལ་བཤད་ཁུལ་བྱེད

 
 
01.02.2012 12:23:58

ཨ་ལས་་་ལག་་པས་ལོ་རྒྱུས་སྲུང་སྐྱོབ་བྱེད་དགོས་འདུག་གསུངས་པ་དེའི་གོ་བ་ལེན་མ་ཤེས་པས་རེད། ད་བྱས་དུས་ཁྲིམས་གཏུག་བྱེད་པར་གོ་དགོས་རེད་དམ། ཡང་བསྐྱར་གཅིག་གསུང་དང་། ངས་ཁྲིམས་ལུགས་སུ་སྐྱབས་བཅོལ་དགོས་པ་འདོད་ཀྱི་ཡོད་ལ་འགྱུར་བ་ཡང་མེད། རེད་དེ་་མི་གཅིག་དང་ཚོགས་པ་གཅིག་གིས་འགྲུབ་ཐུབ་པའི་བྱ་བ་ཞིག་ལ་ངོས་འཛིན་མེད། བཙན་བྱོལ་བོད་གཞུང་གིས་ངའི་ལབ་པར་མི་ཉན་པ་ཁྱེད་ཀྱིས་གསལ་པོ་ཤེས་ཀྱི་རེད། ལྷ་བཟང་ཚེ་རིང་གིས་གསུང་སྟངས་བྱས་ན་ཐེངས་དང་པོར་བཙན་བྱོལ་གཞུང་གི་སྒོ་རྩ་ངོ་རྒོལ་བྱ་དགོས་གསུངས་སོང་། ཁྱེད་ཀྱིས་བྱས་ན་ག་འདྲ་དགའ་ས་རེད་དམ།

 
 
01.02.2012 12:41:37

འོ་ཡ། ཕོ་ཟད་མོ་ལ་ཐུག་ཀྱང་ལས་འགུལ་མཚམས་འཇོག་བྱས་ཉེན་པ་ཞིག་མ་རེད་དྲན་སོང་། འོན་ཀྱང་ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་མཚོན་དམར་གསོད་གཏོང་ཡོང་དུས། ང་ཚོས་འདི་ནས་དོན་ཕན་ལྡན་པའི་འཐབ་རྩོད་མེད་པ་འུར་སྒྲོག་དང་། མཇོན་ཡོང་རྒྱུ་ཞིག་ཡོད་རབས་ཤོད་བསྡད་ན་དེ་ནི་དག་ཐབས་མེད་པའི་སྡིག་ཉེས་ཤིག་རེད་མོད

དཔེར་ན་གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་དབུ་ཁྲིད་ཚོ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་ཨ་རི་དང་། ཡུ་རོབ་སོགས་ལ། ཁྱེད་ཅག་གིས་བོད་དོན་ཐོག་དོ་སྣང་དང་། རོགས་དན་བྱེད་འདོད་ཡོད་ན། དགྲ་ནག་དང་ཚོང་འབྲེལ་མཚམས་འཇོག་གནང་རོགས། ཡུལ་ལུང་གཞན་སྲུང་སྐྱོབ་བྱེད་ཀྱིན་པ་ལྟར་ད་ལྟའི་དྲག་གནོན་འོག་གོ་བོད་མི་རྣམས་སྐྱོབ་རོགས་ཞེས་ཐད་ཀར་ཚ་ནན་གྱིས་ནམ་ཡང་བརྗོད་དགོས་པ་འདོད།

དེ་བཞིན་ཚད་ལྡན་ཁྲིམས་ཁང་དག་ལ་བོད་མི་ཡོངས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱི་ས་ཡིག་གང་མང་ཞིག་བསྡུ་རུམ་ཐོག་དགྲ་ནག་གིས་བོད་ནང་བོད་མི་སོགས་གསོད་ཀྱིན་པའི་ཁྲིམས་བཏུག

དེ་བཞིན་ནམ་རྒྱུན་མ་དངུལ་མང་པོ་ཞིག་བསྡུ་སློང་དང་། རོགས་སྐྱོར་མང་པོ་ཞིག་ཞུ་བཞིན་པའི་སྒེར་ཚོགས་ཚོས་ནམ་ཞར་ཞར་མར་མེ་རེ་ཁྱེར་ནས་རླུང་གསེབ་དང་མུན་ནག་ནང་རྒྱུག་རྒྱུ་ཙམ་མིན་པ། ད་རེས་གཅིག་བྱས་བྱུང་ཨ་བསམ་བསམ་གྱི་མངོན་ཀློག་གང་ཐད་ནས་ཆོ་འཕྲུལ་མེ་སྟག་མཆེད་མཆེད་ཅིག་བྱེད་རྒྱུ་ཡོད་རེད་དྲན་པ་ལས། ཡོད་མ་རེད་གཏན་ནས་དྲན་གྱིན་མེད། དཔེར་ཞིག་བཞག་ན། ཏ་ལི་པན་མི་རྒན་དེས་ཀྱང་སྟོབས་ཆེན་ཨ་མི་ར་ཀ་འདུག་དགོས་ས་བཏུགས་པ་མ་རེད་པས། སྤྱིར་བཏང་ཁ་སྔོན་ཁྱོད་རང་གི་རྩོམ་ཡིག་དེའི་ནང་གི་བསམ་ཚུལ་འགའ་མོས་མཐུན་ཆེན་པོ་བྱུང་།

 
 
01.02.2012 13:27:57

རེད་རེད་་་ཡག་པོ་གསུངས་བྱུང་།
༡་་ཨ་རིས་གཙོ་བོ་བྱེད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གུན་ཁྲན་ཏང་དང་མཉམ་དུ་ཚོང་འབྲེལ་མཚམས་འཇོག་རོགས་ཞུ་དགོས་པ།
༢་་ཁྲིམས་ཁང་ཚད་ལྡན་ཁག་ཏུ་ཁྲིམས་གཏུག་བྱེད་དགོས་པ།
༣་་གུན་ཁྲན་ཏང་གི་དཔོན་ངན་ཚོ་ལ་དྲག་རྒོལ་བྱེད་དགོས་པ།

དོན་ཚན་གསུམ་གྱི་ཐོག་ནས་གསུངས་འདུག་སྙམ་་་་དོན་ཚན་དང་པོ་འདི་ནི་རྒྱལ་ཁབ་གཞན་དག་གི་ཁེ་ཕན་དང་འབྲེལ་བ་ཆེ་བས་ལག་ལེན་ཐོག་ཏུ་ཡོང་དཀའ་ཙམ་རེད་འདོད། ཡིན་ནའང་ཨ་རིས་རྒྱ་གར་མཉམ་དུ་ཚོང་འབྲེལ་རྒྱ་ཆེ་རེར་བཏང་དང་གཏོང་བཞིན་པ་རེད་ལ་རྒྱ་ནག་གི་མཉམ་དུ་ཕྱིར་འཐེན་བྱེད་བཞིན་པ་རེད།
དོན་ཚན་གཉིས་པ།
ཁྲིམས་གཏུག་དགོས་པ་འདི་ནི་གནད་འགག་རེད་ལ་བཙན་བྱོལ་བོད་གཞུང་གིས་ངོས་ནས་བསྒྲུབ་ཐུབ་པའི་བྱ་བ་ཞིག་ཀྱང་རེད་འདོད། ཡིན་ནའང་གཞུང་གིས་ངོས་ལེན་གནང་མིན་མི་ཤེས་ལ་གཞོན་ནུ་དང་རང་བཙན་སློབ་གྲོགས་ཚོགས་པ་ཆུ་སྒང་བཅས་སུ་ཆ་གཞི་འདྲ་གང་ཡང་མེད་པར་འདྲ།
དོན་ཚན་གསུམ་པ།
དྲག་ལས་བྱེད་དགོས་དུས་སུ་འཚེ་མེད་ཞིའི་བདེའི་ལྟ་གྲུབ་དང་འགལ་འགྲོ་ལ་བཙན་བྱོལ་བོད་མིས་མོས་མཐུན་ཡོང་ཐབས་ཁག་པོ་རེད། དེ་འདྲ་ཡིན་དུས་སུ་ནང་ཁུལ་ལྟ་གྲུབ་ཀྱི་འགལ་ཟླ་སླེབས་ན་བྱ་བ་འགྲུབ་དཀའ་མོ་རེད་འདོད།

ང་རང་གཉིས་ལ་དྲ་ཐོག་ཏུ་འབྲི་བའི་དབང་ཚོད་ཙམ་ལས་བཙན་བྱོལ་གཞུང་གི་ལས་དོན་ཁ་ཕྱོགས་སྒྱུར་བས་དབང་ཆ་མེད་ལ་བཙན་བྱོལ་ནང་གི་བཀའ་སྤྱི་གཉིས་ཀྱིས་ཉན་མདོག་ཁག་པོ་མི་འདུག་པས་བྱ་བ་བསྒྲུབ་པར་དཀའ་ལས་རེད། གཞན་་་་་ངོ་མ་བྱས་ན་ཁྲིམས་གཏུག་དགོས་པ་ནི་ལས་འགན་རེད་ལ་ནུས་པ་ཡང་ཆེན་པོ་ཞིག་རེད་འདོད།

གཉིས་ནས་བཙན་བྱོལ་ནང་དུ་ཚོགས་པ་ཁག་དང་བོད་མི་བློ་རྒྱ་ཡོད་པ་རྣམས་མང་ཙམ་འཚོགས་སོང་ཡང་གྲོས་ཆོད་ཤོག་གུའི་ནང་དུ་ལྷག་བསྡད་པ་ལས་ལག་ལེན་བསྟར་ཐུབ་པ་ཧང་ཅང་ཉུང་ཉུང་རེད་་་་ལས་བྱེད་མང་ཤོས་ཀྱིས་རང་གི་མཚན་སྙན་དང་གོ་གནས་སྲུང་སྐྱོབ་བྱེད་ཀྱི་མ་གཏོགས་ཁ་མ་ཡིན་དོན་གྱི་གདོང་ལ་ཐོན་ནས་ལས་དོན་སྒྲུབ་མཁན་ཉུང་ཉུང་རེད། སྤྱིའི་ཆ་ནས་བསྒྲུབ་བྱ་གཏན་ཁེལ་མེད་པ་དང་འཐབ་རྩོད་གཅིག་མཐུན་གྱི་འགོ་འཁྲིད་མེད་པས་ལེན་པ་རེད་འདོད། ད་ང་རང་ཚོས་གནད་དོན་འདི་དག་ཤེས་པས་ཐོག་ནས་ག་འདྲ་བྱེད་ན་དགའ་ས་རེད་དམ། ངས་བྱས་ན་དང་པོར་བོད་གཞུང་མཚན་བྱང་སླར་གསོ་དང་ལམ་ཕྱོགས་སུ་འགྱུར་བ་གཏོང་དགོས་པ་འདོད་ཀྱི་ཡོད།

དེའི་རྗེས་སུ་མུ་མཐུད་ནས་ཁྲིམས་གཏུག་གི་ལས་གཞིར་འགོ་འཛུགས་དགོས་པ་འདོད། དེ་མིན་རྡ་ས་ནས་བོད་གཞུང་ཁས་མ་ལེན་ན་བོད་རང་བཙན་རྩོད་ཐབས་མི་འདུག་སྙམ། རྡ་ས་ནས་གཅིག་འགྱུར་གྱི་ལམ་ཕྱོགས་བཟུང་རོགས་མ་བྱེད་ན་ནུས་པ་གཅིག་ཏུ་སྤུངས་ཐུབ་ཀྱི་མི་འདུག་སྙམ། ཨོ་ཡ་་་ད་ང་རང་གཉིས་ཀྱིས་གང་བཤད་ཀྱང་ཉན་ཁག་པོ་རེད་་་་་་བོད་ཀྱི་སྐད་ཡིག་ཐོག་ཏུ་ཐ་སྙད་གསར་པ་ཞེས་པའི་རྩོམ་ཡིག་ཞིག་བྲིས་པས་ང་ལ་ཁྱི་མིང་འདོགས་བྱུང་་་་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་མ་ཞེས་པ་ཞིག་བྲིས་པས་བོད་ཀྱི་དུས་བབ་ནས་རྒྱང་ཕུད་བཏང་བྱུང་། ངས་བྲིས་པ་རྣམས་ལྷག་བསམ་རྣམ་དག་ཡིན་ཀྱང་སྤྱི་ཚོགས་ནང་དུ་བྱས་སྟངས་དེ་འདྲ་རེད། ད་དུང་མང་ཙམ་འབྲི་ན་སྲོག་ལ་རྒོལ་གྱི་ཡིན་ཟེར་ནས་འཇིགས་སྐུལ་བྱས་མཁན་དང་རྣམ་འགྱུར་སྟོན་མཁན་ཡང་འདུག ཨོ་ཡ་་་སྤུན་གྲོགས་དེ་ཙམ་བསམ་ཚུལ་ཞུས་པ་ལས་སྒེར་གཅོད་འོག་ཏུ་མི་ཚེ་བསྐྱེལ་བསྡད་ཡོད་རེད།


 
 
01.02.2012 14:02:59

ཕུ་ནུའི་སྨྲ་ཁ་འདི་ཡིས།
ཅོ་རིའི་སེམས་སུ་ཚ་བྱུང་།
ཤི་བོའི་རྣམ་ཤེས་འདི་ཡིས།
ཅོ་རི་ཉལ་བཅུག་མི་འདུག

ད་ནི་བཙན་བྱོལ་སྤུན་ཟླས།
བྱེད་པའི་དུས་སུ་བབ་འདུག
བྱང་ཆུབ་སེམས་མཆོག་སྐྱོར་ནས།
ལས་དོན་འགྲུབ་ཐབས་མི་འདུག

མར་མེ་འཕྲད་སྐོར་བྱེད་ནས།
རང་དབང་ཐོབ་ཐབས་མི་འདུག
ཟས་གཅོད་ངོ་རྒོལ་བྱེད་ནས།
རང་བཙན་རེག་ཐབས་མི་འདུག

ད་ནི་ཁྲིམས་ཀྱི་མདུན་སར།
གཏུག་པའི་དུས་སུ་བབ་འདུག
དྲང་བདེན་དཀར་ནག་དབྱེ་བ།
ཕྱེས་པའི་དུས་སུ་བབ་འདུག

འཛམ་གླིང་འདི་ཡི་མི་རིགས།
ཁྲིམས་ཀྱིས་གང་དུ་བཞག་བཞག
རང་དབང་རང་བཙན་ཡོད་མེད།
ཁྲིམས་ཀྱིས་གང་ཞིག་འགོད་འགོད།།།

ཁྲིམས་དཔོན་བློ་བཟང་སེང་གེས།
ཁྲིམས་གཏུག་བྱེད་རན་རེད་འདུག
ཁྲིམས་མེད་གུན་ཁྲན་ཏང་འདི།
ཁྲིམས་སུ་སྦྱར་རོགས་བྱོས་དང་།

 
 
01.02.2012 14:09:51

ད་དུང་བཤད་ན། ངས་ཚོས་ཕྱིའི་རྒྱལ་ཁབ་ཚོས་བོད་དོན་ཆེད་རྒྱབ་སྐྱོར་བྱ་ཡོང་ཟེར་དུས། དེའི་དོན་དག་དེ་དགྲ་ནག་ལ་འབོད་བསྐུལ་ཙམ་དང་། དྲན་བསྐུལ་གྱི་འོག་ཏུ་ཕྱིན་པའི་འདས་པའི་ལོ་རྒྱུས་ནང་གི་བོད་ལ་རྒྱབ་སྐྱོར་བྱས་པ་ཡིན་སྐད་ཀྱི་བོད་སྐྱོབ་དེ་ཚོ་མི་དགོས་པ། གལ་སྲིད་ང་ཚོ་ལ་རོགས་རམ་ཞིག་བྱེད་ཀྱི་ཡིན་ན་ནི་གོང་ཞུས་ལྟར་ཁྱེད་ཚོས་དགྲ་ནག་ལ་གནོན་ཤུགས་ངེས་ཅན་ཞིག་སྤྲོད་རོགས། ཞེས་ལབ་དགོས། དེ་མིན་༢༠༠༨ ལོའི་རྩེད་འགྲན་གྱི་གོ་སྐབས་དེ་བཟུང་ནས་ང་ཚོས་བོད་ཕྱི་ནང་གཉིས་ནས་ལས་འགུལ་སྤེལ་སྐབས་དགྲ་ནག་གི་གཡོ་དང་། ཕྱིའི་ངོ་སོ་གཉིས་ཀྱིས་བཙིར་ཏེ་འབྲེལ་མོལ་ཟེར་བའི་བྱུས་ངན་འོག་གོ་སྐབས་བཟང་པོ་དེ་ཤོར་བ་རེད། དེ་འདྲ་བོ་ཡིན་ན་ཕན་ལས་གནོད་བྱུང་ཡོད་པ་རེད་དྲན་སོང་།

དེ་མིན་དྲག་ལས་ཞེས་ཁྱེད་ཀྱིས་ཁ་གསལ་ནས་གསུང་པའི་འཐབ་རྩོད་བྱེད་སྟངས་འདི། དྲང་མོ་བཤད་ན་འཚེ་བའི་ལས་ཤིག་ལོས་ཡིན་ཏེ་འོན་ཀྱང་དེང་སང་བོད་ཀྱི་སྤྱི་ཚོགས་ནང་སྐད་ཆ་འདི་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་ཞིག་རེད། གལ་སྲིད་འདི་འདྲ་ཞིག་ཡོང་སྲིད་པའི་དབང་དུ་བཏང་ཡང་། ཚོགས་པ་དང་མང་མོས་ཀྱིས་མོས་མཐུན་ཡོད་དགོས་པ་ཞིག་དང་། དེ་བཞིན་ཕྱི་གསལ་ནང་གསལ་དགོས་རྒྱུ་ཞིག་ཀྱང་མ་རེད་ལ། གལ་སྲིད་དེ་ལྟར་བྱས་པའི་དབང་དུ་བཏང་ན་གྲུབ་འབྲས་མེད་ཁར་་ཁྱེད་རང་གིས་བཤད་པ་ལྟར། འདུག་གནས་ཙམ་ལའང་དཀའ་འཕྲད་ངེས་ཅན་ཞིག་རེད།

ལས་ཀ་འདི་འདྲ་ལ་གཞུང་གི་མིང་དང་འཐབ་རྩོད་ཀྱི་རྣམ་པ་སོགས་ལ་འགྱུར་གཏོང་གལ་ཆེ་བ་མིན་ལ། ད་ལྟའི་འབྲེལ་མོལ་གྱི་ལམ་ཁ་ནས་བྱ་མ་འཕུར་བ་སྒོང་ང་རག་ཐབས་ཀྱི་སྲིད་བྱུས་ཞིག་བཟང་པར་འདོད། ཧཧཧ ད་ཆོ་མེད་པ་འདྲ་འདུག་པས། གང་ལྟར་བསམ་ཚུལ་ཡིན།

ཚང་མ་ལ་རེ་བསྐུལ། དྲ་ཐག་འདིར་གཟིགས་རོགས། དེ་ནས་དེའི་ནང་གི་གོ་རྟོགས་དེ་བོད་ནང་དུ་སྤེལ་རོགས་ཞུ།
http://www.youtube.com/watch?v=SFECHL78U1U

 
 
01.02.2012 14:33:00

བྱ་སྔོན་ནས་འཕུར་ཚར་བ་རེད་་་་༧གོང་ས་མཆོག་གི་བོད་དང་ཐད་ཝན་གཉིས་རང་བཙན་མིན་པར་ཁས་ལེན་དགོས་ཞེས་ལབ་ཡོད་པ། དོགས་པ་ཆེ་བའི་བྱ་དེ་འདྲ་ཞིག་དཀྲོག་མི་ཤོར་བ་འོག་ནས་སྒོང་ང་ལེན་ཐབས་ནི་རྨི་ལམ་རེད་འདོད།

 
 
01.02.2012 14:37:25

ད་ཡང་འཁྲུག་སོང་། ཧཧཧ།་ངས་བྱ་དང་སྒོང་ངའི་དཔེ་བཞག་པ་ནི། བོད་ཀྱི་བདེན་དོན་རག་པ་དང་། གཞིས་ནང་གི་བོད་མི་སྲུང་ཐབས་ལ་སྤྱད་ཡོད། དེ་མིན་རང་བཙན་མི་བཙན་གྱི་འོག་ན་ཡོད་རེད

 
 
06.02.2012 11:02:58

ཨ་ཨ་་ཨ་ངོ་མ་ཡིད་སྐྱོ་བ་ཞིག་འདུག་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -