ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.01.2012 01:39:57
tznpalden13

མ་ཎི་འབྲུ་དྲུག་གི་ངུ་དབྱངས་སྙན་མོ་དབྱིངས་སུ་འཐེན་བཞིན།
ཚེ་འབར་མཆོད་མེ་ཞིག་གིས་སེམས་པར་སྨོན་བཞིན།
ཁེ་རྐྱང་
གནམ་འོག་གི་ཉམ་ཆུང་ང་ཚོར།

ཐོབ་དབང་མེད་པའི་མི་ཡུལ་གྱི་གྲལ་མཐར་འདིར་ནས།
རང་གི་ལས་དབང་ལ་སེམས་ཀྱིས་སྣོན་དུས།
དངོས་གནས་སྙིང་པོ་ཅི་ཞིག་གདའ།།
གསོལ་འདེབས་ཚིག་བཞི་ཡི་ངུར་སྒྲ་གཉོམ་པོ་ཧུར་གྱིས་སྨྲོས་བཞིན།
དཀར་གཙང་ཨ་ཤི་ཞིག་གིས་སྙིང་རྗེར་བསྒོམ་བཞིན།
མྱི་སྡོམ།
ས་སྟེང་གི་ལས་ངན་ང་ཚོར།
དྲོད་སྐྱིད་མེད་པའི་བས་མཐར་འདིར་ནས།
རང་གི་ཕམ་ཁ་རུ་ཞིབ་ཀྱིས་བརྟག་དུས།
དངོས་གནས་སྙིང་པོ་ཅི་ཞིག་གདའ།།
དད་མདུན་རྙིང་པ་ཡི་དལ་འགྲོས་ཟད་པོར་རེ་བ་བཅོས་བཞིན།
ཡིད་ཆེས་གསར་བ་ཞིག་གིས་རང་སེམས་གསོ་བཞིན།
ལས་ངན།
མྱི་ཡུལ་གྱི་ཟད་པོ་ང་ཚོར།
སྐྱར་འདོག་འཚོ་བ་རྟེན་པའི་མི་ཡུལ་གྱི་སྤྲོང་ས་འདིར་ནས།
རང་གི་ཁ་ཐབས་ལ་ཞིབ་ལྟ་བྱེད་དུས།
དངོས་གནས་སྙིང་པོ་ཅི་ཞིག་དགའ།།
ལྐོག་གྱུར་གདོང་རིས་ནག་པོའི་མིག་སྟོང་ཧེད་ཀྱིས་བགྲད་བཞིན།
རེ་བ་ཁོག་པ་ཆེན་པོས་རང་བསྟོད་བྱེད་བཞིན།
སྟོང་པ།
མགོ་ནག་གི་དུད་འགྲོ་ང་ཚོར།
རྙིང་རུངས་ཀྱི་དུར་ཤུལ་འདིར་ནས།
རང་གི་འཛུམ་མོ་དེར་བསྡོམས་རྩིས་རྒྱགས་དུས།
དངོས་གནས་སྙོང་པོ་ཅི་ཞིག་གདའ།།
མོས་པ་གྲུབ་མཐའ་འཁྲེགས་པོའི་དབུ་འཕོང་དབྱིངས་སུ་འདེགས་བཞིན།
བཤད་རྒྱ་ཟླུམ་པོ་དེ་ཡིས་ལོ་རྒྱུས་འབྲི་བཞིན།
བདག་མེད།
སེམས་ལྡན་གྱི་ཀླད་རུལ་ང་ཚོར།
འཁྱར་འཁྱོག་གི་གཟར་ལམ་འདིར་ནས།
ལོ་རྒྱུས་ལ་སྐད་ཆ་འདྲི་སྐབས།
དངོས་གནས་སྙིང་པོ་ཅི་ཞིག་གདའ།།
བགས་ཆགས་གདོང་དྲུག་གི་དགོད་སྒྲ་སེང་སེང་དཀྲོལ་བཞིན།
མཆོག་འཛིན་ངར་མ་ཞིག་གིས་ཧུར་རྒྱུགས་བྱེད་བཞིན།
བརྩོན་མེད།
ལྷ་ཡུལ་གྱི་སྐྱིད་སྣང་ང་ཚོར།
རབ་རིབ་སྤྱི་བློ་ཡི་དལ་རྒྱུགས་འདིར་ནས།
ལོ་རྒྱུས་སུ་ཕྱིར་མིག་ལྟ་དུས།
དངོས་གནས་སྙིང་པོ་ཅི་ཞིག་གདའ།། །།
སྟག་རྩེ་བས་རྒྱ་ས་ལྡི་ལི་ནས་རང་གི་ལས་དབང་ལ་བསམ་གཞིགས་བྱེད་སྐབས་ཤར་མར་ཤོར།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -