ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.01.2012 04:24:31
ཤ་ཀླན་འཇམ་དབྱངས་གྲགས་པ།

མདང་དགོང་མར་ཉལ་རྨི་ལམ་དུ་ཚང་མ་སླེབས་བྱུང
གྲྭ་བ བླ་མ གྲྭ་གཟུགས བླ་གཟུགས།
ཚང་མ་སླེབས་བྱུང
དཔོན་པོ་དེས་སྡང་མིག་བགྲད་བཞིན་སླེབས་བྱུང
མཁས་པ་དེས་མགོ་བོ་དཀྲུགས་བཞིན་སླེབས་བྱུང

དབུས་པའི་གཡོ་འཛུམ ཨ་མདོའི་ཕྲག་དོག ཁམས་པའི་ཞེ་སྡང
ཚང་མ་སླེབས་བྱུང
རང་ཡུལ་གྱི་དོན་དུ་རང་སྲོག་གཏོང་བཞིན་པའི་གཞིས་བཞུགས་ཁོ་ཚོ་དང
ས་ཁུལ་རེའི་དོན་དུ་ཞེན་འཁོན་རྩོད་བཞིན་བྱེས་གྱར་ང་ཚོ
ང་རྒྱལ་དང་ཕྲག་དོག་གིས་དབུགས་ཀྱང་གཏོང་མི་ཐུབ་པའི་མཁས་པར་རློམ་པ་ཚོ
ཞེ་སྡང་དང་མཐོང་ཆུང་གིས་སུ་ཡང་མིག་ལ་མི་འཇོག་པའི་དབང་ཅན་ཚོ
འཐོམ་སྦྲིད་དང་རྨོངས་པས་མགོ་བོའང་འདེགས་མི་ཐུབ་པའི་ཡ་ང་བ་དག
མདོར་ན ང་ལ་འབྲེལ་ཐོགས་པ་ཚང་མ་སླེབས་བྱུང
ཁོ་ཚོ་རེ་རེ་བཞིན ངའི་རྨི་ལམ་དུ་གོ་རིམ་མེད་པར་འཛུལ་བྱུང
དེ་བས་ངས
ལྷག་བསམ་དང་དྲང་བདེན
འཆམ་མཐུན་དང་སེམས་ཤུགས
ཤ་ཞེན་དང་ལ་རྒྱ
ཕྱིར་ཐག་དང་དད་འདུན་བཅས་དུས་གཅིག་ལ་མཐོང་བྱུང་ལ
གཡོ་སྒྱུ  ང་རྒྱལ ཞེ་སྡང ཕྲག་དོག
རང་རློམ་བཅས་ཀྱི་ན་ཟུག་ཀྱང་དུས་གཅིག་ལ་མྱངས་དགོས་བྱུང
༢༠༡༢ ༡ ༡༣
ཁོ་བོའི་རྩོམ་ཡིག་གཞན་བཀླག་ཚེ་དྲ་བྱང་འདི་ཡིན། jamyangdakpa.blogspot.com

  རང་མོས
 

13.01.2012 05:43:35

ངས་སྙན་ངག་མི་ཤེས་ཀྱང་འདིར་ཀློག་དུས་སྙན་ངག་ཟེར་བ་ཞིག་མིན་འགྲོ་བསམ་བྱུང་།

 
 
13.01.2012 06:04:46

ཧ་ཧ། རེད་ད། སྙན་ངག་ཟེར་བ་དེ་ཀློག་དུས་མ་གཏོགས་ཧ་གོ་ལེ་མ་རེད། སྙན་ངག་ཤེས་མི་ཤེས་ཟེར་བ་དེའང་མཐའ་གཅིག་ཏུ་བཤད་ཁག་པོ་རེད། ངས་ངའི་སྙན་ངག་ཤེས་པ་ལས་མི་གཞན་གྱི་སྙན་ངག་མི་ཤེས་ལ། སྙན་ངག་པ་གཞན་ཚོས་ངའི་སྙན་ངག་ཤེས་མིན་ཐེ་ཚོམ་རེད། དེ་བས་སྙན་ངག་ཤེས་ཟེར་ནས་ལབ་ཐུབ་ཀྱི་མ་རེད་ལ། མི་ཤེས་ཟེར་ནས་ལབ་དགོས་ཡ་ཡོད་མ་རེད།

 
 
13.01.2012 06:19:32

ཡུལ་སྐད་འབྲི་མ་ཡོང་རོགས། ཧ་གོ་ལེ་རེད་མ་རེད་ཟེར་བ་དང་ཡོད་ཁུ་མེད་ཁུ་ཟེར་བ་འདིའི་གྲལ་ཡག་པོ་ཞིག་ཅང་མི་འདུག་སྙམ། དམུ་དགེ་བསམ་གཏན་ལགས་ཀྱི་བཀའ་སློབ་ཉན་ནས་བྲིས། བོད་ཆོལ་ཁ་གསུམ་མཐུན་ལམ་མི་ཡོང་བ་ཡང་གནད་འགག་འདི་དག་གིས་ཤུགས་རྐྱེན་སྤྲོད་ཀྱི་མེད་དམ་སྙམ།

 
 
13.01.2012 06:40:30

ཡུལ་སྑད་ནི་སྙན་ངག་གི་རྩ་བ་ཡིན། མི་རིགས་ཤིག་གི་སྙན་ངག་ཤེས་དགོས་ན་མི་རིགས་དེའི་ཡུལ་སྐད་ཤེས་དགོས། འདི་དགེ་ཆོས་ཀྱི་གསུང་རེད་དོ།།

 
 
13.01.2012 10:12:31

ཤ་ཀླན་པ་ད་ཐེངས་ཀྱི་རྡོར་གདན་དུས་དབང་སྐབས་ངེས་འབྱུང་ཟང་ཟིང་ཞིག་སྐྱེས་ཡོད་ངེས་འདུག ཡུལ་སྐད་མ་སྤྱོད་ལབ་ནའང་འགའ་རེའི་ཡུལ་སྐད་འགའ་བོད་སྤྱི་སྐལ་གྲལ་དུ་ཨུ་ཚུགས་ཀྱིས་འཇུག་ཡོང་དུས། ད་ལྟའི་ཡུལ་སྐད་འདི་དག་མཚོན་ན་ཁག་མེད་ཀྱི་ཟོལ་འདྲ་ཡོང་གིན་འདུག གལ་སྲིད་རྡུང་དགོས་ན་ཡུལ་སྐད་ཨུ་ཚུགས་ཀྱིས་སྤྱོད་ནས་འཆར་གཞི་ཞིག་གམ་གོ་རིམ་ཡོད་པའི་ཟོལ་གྱིས་སྤྱོད་ཀྱིན་པ་འདི་དག་ལ་བཤད་དགོས་པ་ནི། ད་ཕྱིས་མ་སོང་། དེ་མིན་ཉེན་ཁ་ཡོད་ན་ཉེན་ཀ་སྔོན་མ་དེ་དེ་ཚོས་གསོག་ཡོང་ས་རེད་གོ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -