ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

23.12.2011 04:21:00
tznpalden13

༑ རུབ་རྡུང་བྱས་པས་སྙིང་རྩ་འཕར་སོང་།
རྒྱ་ཡིས་བོད་ལ་རྡུང་།་་་་་་་་་ ལོ་ངོ་བརྒྱ་ཁྲག་གི་སྔོན་ནས་འདིའི་བར།
གཏུབ།་་་་་་་་་་་ མེ་སྒྱོགས་འཕྲུལ་འཁོར་དང་རྡོ་དང་གབྱུགས་པས།
བསད།་་་་་་་་་ བྱིས་པ་དམར་འབྱར་ནས་ཁྲིའི་སྟེང་གི་བླ་མ་ཡན་ཆད།

འཕྲོག་་་་་་་་་་ རྒྱུ་ཆུང་ཁབ་ནས་གནམ་ས་སྟིང་འོག།
ཇི་སྲིད་བར་དུ་རྡུང་དགོས་སམ།་་་་་་་་་ བསམ་བློ་རྣ་རུ་ཅུག་ནས་ཅིག་སོམས་དང་།
ཅི་ཕྱིའི་རྡུང་དགོས་སམ།་་་་་་་་་་ གཡུལ་འཐབ་ཀྱི་ལོ་རྒྱུས་དེ་ཅིག་སྒོམས་དང་།
རྡུང་ནས་ཡོང་བའི་བོད་པ།་་་་་་་་་་་་ ཅི་ཞིག་གྲ་སྒྲིགས་ཐུབ་སོང་། ཇི་ལྟར་ཕམ་ལས་རྒྱལ་དགོས།
སྤུན་ཟླ།་་་་་་་་་་  གྲོས་ཅིག་སྟོན་དང་།
མྱི་རྒོད་ཚོར།་་་་་་་་་ གྱོད་ཞིག་གཤོམས་དང་།
བློ་མ་ཕམ།་་་་་་་་་་ བདེན་པའི་དྲིལ་བརྡ་དེ་བཀྲོལ་དང་།
སྙིང་མ་ཞུམ།་་་་་་་་་ རྫུན་པའི་ལྟག་ཁ་གཏོར་དང་།
དགྲ་ཡིས་རྡུང་ན་རྡུང་རུང་།་་་་་་་་་་་ ངོ་མི་ཚ།
གཉེན་གྱིས་རྡུང་ན་རྡུང་མི་རུང་།་་་་་་་་་ གྲི་མ་མ་འཕུར།
དེས་ན་ཆོལ་གསུམ་གྱི་སྤུན་ཟླ།་་་་་་་་་ ཁྱེད་ཅག་ལ་མྱི་གཞིགས་ཚང་ན།
མཐུན་སྒྲིལ་བྱོས་དང་།
ལ་རྒྱ་སོམས་དང་།
སེམས་རྒྱ་བསྐྱོད་ནས་མགོ་བོ་སྒུལ་བའི་མི་རིགས་འདིར་སྐྱོབ་དང་།
དཔུང་པར་གཤིབས་ནས་བདེན་པའི་འཐབ་རྩོད་གནོངས་དང་།
མཐུན་སྒྲིལ་བྱོས་ནས་དབུ་འཕོང་ཡར་ལ་གྱེལ་དང་།
གཏོར་བཅོས་འདིར་བལྟས་ནས་་་་་་་་་་དྲན་པར་སོངས་དང་།
རྡུང་བརྡེག་འདིར་གཟིགས་ནས་་་་་་་་་དཔུང་སྒྲིགས་བྱོས་དང་།
འཁྲུགས་འཛིང་དེར་འཛིན་ནས་་་་་་་་ལམ་ཞིག་སྟོན་དང་།
ངན་འབྲེལ་དེར་སེམས་ནས་་་་་་་་་་་་ལ་རྒྱ་སྒྲོགས་དང་་་་་རང་དབང་སྒྲོགས་དང་་་་་་་བོད་རྒྱལ་དང་་་་་་་བོད་རིགས་སྐྱོབ་དང་་་་་་་རང་བཙན་རྩོད་དང་་་་་་་་ལོངས་ཤིགས་་་་་་་ཆོལ་གསུམ་སྤུན་ཟླ་་་་་་་མཉམ་དུ་ལོངས་ཤིགས་་་་་་ལོངས་ཤིགས་་་་ལོངས་ཤིགས་་་་་་་་་་་་
སྟག་རྩེ་བས་སྙིང་རྩ་འདར་བཞིན་༡༦།༡༢།༢༠༡༡ ཉིན་བྲིས་སོ།། །།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

24.12.2011 11:12:39

བོད་མི་ཕྱུག་པོ་ཡིན་པས་རྡུང་གི་ཡོད་་་་་་གཏེར་ཁ་དང་སྨན་རྩྭ་མང་བས་རྡུང་གི་ཡོད། ཇག་པས་རུབ་རྡུག་བཏང་བསྡད་པ་རེད།
ཕ་ས་འཕྲོག་འདོད་ཡོད་པས་རེད་་་་་བོད་ཟེར་བ་ཞིག་མེད་པ་བཟོ་འདོད་པས་རེད་་་་བོད་རྒྱ་ཁུངས་བཅུག་འདོད་པས་རེད་་་་མ་འོང་འཛམ་གླིང་གི་སྟོབས་ཤུགས་གློག་ལ་བརྟེན་དགོས་པས་བོད་ས་འཕྲོག་འདོད་པས་རེད་་་་མ་ལང་ཨ་་་ཉལ་ན་དགའ་གི་རེད། ཉལ་ན་སྲོག་འགོ་ཐོན་གྱི་རེད།
ལངས་ན་རང་སྲོག་ཤོར་གྱི་རེད་་་་ཉལ་རོགས་བྱོས་་་་་བོད་མི་རྣམས་་་་་མིག་བཙུམ་ནས་སེམས་སྐྱིད་པོ་བྱོས་་་་་ལྷ་ཡུལ་སྒོམ་་་་་་་་་དེ་ལས་སྐྱིད་པ་ག་རེ་དགོས་་་་་་ཁེ་ཕན་རག་གྱིན་མེད་པར་སྡུག་པོ་ཉེས་རྩིག་རག་རོགས་རེད། ཉམ་ཆུང་ལང་ན་སྲོག་ཤོར་གི་རེད་་་་་བཙན་པོའི་ཚོང་རྫས་ཆགས་ཀྱི་རེད་་་་་གནད་ལུགས་ལོག་འགྲེལ་རྒྱབ་ཀྱི་རེད་་་་ཉལ་ལྭོ་་་་་ཉིན་མོར་ཕོ་རྒོད་པ་ལས་མཚན་མོར་གཉིད་སྐྱིད་པར་དགའ་གིན་རེད།

ཁ་ཕྱོགས་གཅིག་དང་ལམ་ཕྱོགས་གཅིག་མེད་པའི་རྗེས་སུ་ཉལ་ན་དགའ་གི་རེད་་་་་ལྟོས་དང་་་་་་རྒྱལ་སྤྱིའི་ཐོག་ཏུ་བོད་རྒྱ་ཁུངས་བཅུག་པ་ལ་ཤུགས་ག་ཚོད་བརྒྱབ་མཁན་མི་འདུག་གམ་་་་་་་རེ་བ་ག་འདྲ་བྱས་མཁན་འདུག་་་་ལྟོས་དང་་་་དང་པོར་་་ལང་འདོད་ན་་དེ་ཚོའི་ཁ་གཏད་ཏུ་ལང་དགོས། རང་བཙན་རྩོད་དགོས་་་་་་དངོས་ཡོད་བསྒྲག་དགོས་་་་་་ལོ་རྒྱུས་བཤད་དགོས་་་་མི་དམངས་ཀྱི་སེམས་ཁུངས་ཀྱི་འདོད་པ་སྒྲུབ་དགོས་་་་་་དམངས་སེམས་ཀྱི་འདོད་ཐོག་ཏུ་འགྲོ་མཁན་ཡོད་ན་ལང་རོགས་བྱོས་་་་་་བོད་མི་ཚོ།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -