ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

15.12.2011 23:29:15
ཤ་ཀླན་འཇམ་དབྱངས་གྲགས་པ།

བོད་ཀྱི་རྩོམ་རིག་གླེང་ན་བོད་ཀྱི་སྒྲུང་གཏམ་གྱི་སྒྱུ་རྩལ་དང་གྲངས་འབོར་གླེང་དགོས་ཤིང་། དེའི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་མྱུར་ཚད་ལ་ཕྱོགས་མང་པོ་ཞིག་ནས་ཚད་འཇལ་ཐུབ་པ་རེད། དེ་བས་འདི་ནས་ངས་མཐོང་ཐོས་མྱོང་བའི་སྒྲུང་གཏམ་སྐོར་ཞིག་གི་མིང་དཀར་ཆག་གི་ཚུལ་དུ་བསྒྲིགས་ཏེ་སྤྱན་འབུལ་བྱས་ཡོད་པས་རྣམ་པ་ཚོ་ནས་སུ་ཞིག་གིས་དོ་སྣང་དང་ཞིབ་འཇུག་བྱེད་སྲིད་ན་ཕན་རླབས་ཅུང་ཡོད་པར་སྙམ།
ཡང་འདིའི་ནང་དུ་སྒྱུ་རྩལ་གྱི་ཚད་མཐོ་དམན་ལ་མ་བལྟས་པར་བོད་ནང་གི་དཔེ་དེབ་མཐོང་ཚད་བསྡུས་ཡོད་ཀྱང་བཙན་བྱོལ་གྱི་དཔེ་དེབ་གཅིག་ཀྱང་བསྡུས་མེད། དེ་ནི་བཙན་བྱོལ་བ་ཚོའི་སྒྲུང་གཏམ་གྱི་སྒྱུ་རྩལ་དམན་དྲགས་པས་མིན་ལ་བོད་ནང་གི་སྒྲུང་གཏམ་པ་ཚོར་རྨོངས་དད་བྱས་པའང་མ་ཡིན། དུས་ཚོད་བྱུང་ན་བཙན་བྱོལ་བའི་རྩོམ་རིག་སྤྱིར་དང་ལྷག་པར་དུ་སྙན་ངག་དང་སྒྲུང་གཏམ་ལ་ཞིབ་ཚགས་པོས་དཔྱོད་པ་བྱེད་པའི་འདུན་པ་ཡོད།

སྒྲུང་རིང་

གཙུག་གཡུ། གླང་བདུན་དཔལ་འབྱོར།

དྲེལ་པའི་མི་ཚེ། ལྷག་པ་དོན་འགྲུབ།

ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག བཀྲིས་དཔལ་ལྡན།

ལྷིང་འཇགས་ཀྱི་རྩྭ་ཐང་ སྟག་འབུམ་རྒྱལ།

རྒུད། སྟག་འབུམ་རྒྱལ།

མེས་པོ། ཚེ་རིང་དོན་འགྲུབ།

སྨུག་པ། ཚེ་རིང་དོན་འགྲུབ།

རླུང་དམར་འུར་འུར། ཚེ་རིང་དོན་འགྲུབ།

རྣམ་ཤེས་ཀྱི་དགོད་སྒྲ། རེབ་གོང་རྡོ་རྗེ་མཁར།

༡༠རྐྱལ་བའི་འཇིག་རྟེན་མྱུལ་འི་གཏམ་རྒྱུད། རེབ་གོང་རྡོ་རྗེ་མཁར།

༡༡ཐོན་མི་སམ་བྷོ་ཊ།(ལོ་རྒྱུས་སྒྲུང་གཏམ)རང་སྒྲ།

༡༢ཐག་རིང་གི་སྦྲ་ནག བསྟན་པ་ཡར་རྒྱས།

༡༣བཀྲ  ས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། བྲག་གདོང་བཀྲ  ས་གླིང་དབང་རྡོར།

༡༤ཀླུ་འབུམ་དམུ་རྒོད། ནག་པོ་སྐལ་བཟང་

༡༥རྨི་ལམ་འཁྲུག་པའི་ལོ། ཧི་ར་འཇའ་པེ།

༡༦གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད། སྐྱབས་ཆེན་བདེ་གྲོལ།

༡༧མི་དངོན་པའི་འཆིང་ཐག ལྷག་པ་དོན་འགྲུབ།

༡༨དམྱལ་ཟོང་ཁ་ན་ཀུ་རེ་མེད། ནག་པོ་སྐལ་བཟང་

༡༩ཚོང་དཔོན་དང་ལས་དྲུང་ ཨ་ཙརྱ་བློ་བཟང་རྒྱལ་མཚན།
༢༠གཞོན་ནུ་མ་གཏུམ་དྲག་རོལ་པའི་སྒྲུང་ ཨ་ཙརྱ་བློ་བཟང་རྒྱལ་མཚན།

༢༡  ཙོང་ཁའི་རྒྱལ་པོ། ༼རྩོམ་པ་པོ་མི་གསལ༽

༢༢ས་སྐྱ་པཎ་ཆེན། གཅན་ཚའི་རྡོ་རྗེ་རིན་ཆེན།

སྒྲུང་ཐུང་དང་སྒྲུང་འབྲིང་ཕྱོགས་བསྒྲིགས།

རི་རྩེའི་སྤྲིན་དཀར། ཚེ་རིང་དབྱངས་སྐྱིད།

རྒྱུན་སྐུད་སྟེང་གི་རྣམ་ཤེས།བཀྲ ་ཤིས་དཔལ་ལྡན།

གངས་འདབས་ཀྱི་གཏམ་རྒྱུད། རང་སྒྲ།

ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས།

ཚེ་རིང་དོན་འགྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས།

ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་གསར་བ།

སྒྲོལ་མ་ཉེར་གཅིག བཀྲ་བྷ།

གླུ་སྐད་སྐྱ་བོ། སྐྱབས་ཆེན་བདེ་གྲོལ།

སྐྱ་མོ་ལམ། ཧི་ར་འཇའ་པེ།

༡༠ སྟོན་གྱི་རང་སྒྲ། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ།

༡༡ འཚུབ་མ་ཁེར་རྐྱང་བཀྲ་བྷ།

༡༢ བསླུ་བྲིད།པདྨ་ཚེ་བརྟན།

༡༣ ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ཡག་པོ་ཡོང།བཀྲ  ་ཤིས་དཔལ་ལྡན།

༡༤དངུལ་གྱི་རྣ་ལོང་ ཀླུ་འབུམ་ཚེ་རིང་

༡༥སྲིད་ཆོས་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས། ཕུན་ཚོགས་བཀྲ་ཤིས།

༡༦བྱང་ཐང་གི་མཛེས་ལྗོངས། བསྟན་པ་ཡར་རྒྱས།

༡༧བསླུ་བྲིད། པདྨ་ཚེ་བརྟན།

༡༨སྐྱོ་སྣང་གི་ཟློས་གར། ཚེ་སྒྲོན་སྐྱིད།

༡༩ལྗང་བུའི་རྩོམ་གཏུས། སྒྲུང་གཏམ་དེབ། ལྗང་བུ།

༢༠མི་རབས་གསུམ་གྱི་རྨི་ལམ། སྟག་འབུམ་རྒྱལ།

༢༡ ཀྱག་ཀྱོག་ཏུ་འབབ་པའི་ལུང་ཆུ། རྣམ་སྲས།


  རྩོམ་རིག་གི་སྐོར།
 

16.12.2011 16:14:18

དུས་བབ་ཚང་གིས་ང་ཕུད་སོང་་་་་་་རྗེས་སུ་བཤད་ཀྱི་ཡིན་་་་དེ་རིང་བཞུགས་གདན་འཇག་་་་ཧཧཧཧཧཧཧཧཧཧཧ་ཤམ་བྷ་ལ་ཚང་གིས་ཡང་ཕུད་མི་ཡོང་བསམ་ནས་ད་ནི་སྐྲག་གི་འདུག་་་་ཧཧཧཧ

 
 
16.12.2011 23:39:26

ཤ་ཉེ། ཕུད་སོང་ཟེར་ན་ཅི་ཟེར་བ་རེད། ངོ་མ་ཟེར་བ་ཡིན་ནམ། དེས་ན་ལས་སླ་བོ་མི་བཞག་ཐག་ཆོད་ཡིན།

 
 
17.12.2011 07:37:12

ཤ་ཉེ། སྐད་ཆ་དངོས་གནས་ཡིན།

 
 
16.12.2011 23:58:29

དུས་བབ་ཚང་གི་ཅོ་རི་ཕུད་སྲིད་ཀྱི་མ་རེད་། གལ་སྲིད་ཅོ་རི་ལ་ནག་ཉེས་ཡོད་ན་དེ་བས་དུས་བབ་ཚང་གི་བདག་པོ་རྒྱབ་གི་རེད་།

 
 
17.12.2011 07:38:36

སྤུན་གྲོགས་བཤད་སྒྲུབ་ལགས་ཡིད་མ་ཆེས་ན་དུས་བབ་ནང་དུ་ངའི་ཟིན་བྲིས་ཡོད་མེད་ཤིག་བལྟ་མཁན་རྒྱུགས་དང་ཤེས་ཡོང་གི་རེད།

 
 
17.12.2011 01:06:25

ཤ་ཀླན་པ་ཕྱོགས་འདིར་ཕེབས་པར་དགའ་བསུ་དང་། ཐོག་མའི་འཚམ་འདྲི་ཞུ། ད་དུང་རྩོམ་དེབ་ཀྱི་ཐོག་ནས་དཀར་ཆག་མང་ཙམ་སྤེལ་ཐུབ་རེ་ཡོད། དེས་མ་ཚད་སྙན་ངག་རྣམས། འོ་རེད། ཁོ་རེ། ཅོ་རི། ཉེས་པ་ཅི་བསགས་ནས་ཕུད་སོང་། རྒྱུ་མཚན་གང་རེད། སྔོན་མ་ཞིག་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱང་དེ་ནས་ཕུད་རབ་ཅིག་ཐོས་སོང་། ཡང་སྙིང་ཅིའི་དོན་རེད་དམ།

 
 
17.12.2011 07:29:14

སྤུན་གྲོགས་དྲི་མེད་ལགས།
ཉེས་པ་ཅི་བསགས་་པ་ཡིན་རང་གིས་ཀྱང་ཤེས་མ་སོང་། རྩོད་གཞི་ངོ་མ་ངའི་རྩོམ་ཡིག་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་མ་ཞེས་པ་འདི་བོད་ཀྱི་དུས་བབ་བསམ་ཚུལ་ནང་དུ་བཀོད་མིན་གྱི་དོན་དག་རེད། དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་སུ་རྩོམ་ཡིག་དེར་བཀོད་རོགས་ཞེས་ཞུ་བ་ཡང་ཡང་ཕུལ་ཀྱང་ངོས་ལན་བྱས་མ་སོང་། དེ་ནས་ངའི་དུས་བབ་ཟིན་བྲིས་ནང་དུ་རྩོམ་སྒྲིག་པ་ལ་རྒྱུ་མཚན་དྲིས་པའི་རྩོམ་ཡིག་སྤེལ་པ་ཡིན། རྩོད་པ་ཆེན་པོ་བརྒྱབས་པ་ཡིན། ཡིན་ནའང་རྩོམ་སྒྲིག་པས་ལན་རྐང་གཅིག་ཀྱང་སྤྲད་མ་བྱུང་། མིང་ལྷག་འདྲ་མིན་གྱིས་འོག་གི་མཆན་བུ་བཏབ་མཁན་ཚོས་བྱས་ན་ང་ཡི་རྩོམ་ཡིག་འདིར་དག་ཆ་མེད་རབས་བཤད་ཀྱི་འདུག དེ་འདྲ་དེ་འདྲ་བརྩོད་པ་བྱས་ནས་མཆན་བུ་༡༣༠ཙམ་ཆགས་སོང་།

ངས་ངོས་ནས་རང་གིས་བྲིས་པའི་རྩོམ་ཡིག་ལ་གལ་ཆེན་དང་དོན་ཆེན་དུ་བརྩི་ཡི་ཡོད་པས་མ་བཀོད་ན་མི་བཞག་ཟེར་ནས་མནའ་སྐྱ་པ་ཡིན། རྩོམ་སྒྲིག་པ་དུས་བབ་ནང་ནས་འགྲོ་དགོས་ཡོད་ཟེར་ནས་བསམ་འཆར་བཤད་པ་ཡིན། གསར་འགྱུར་འགོད་སྟངས་དང་ཕྱོགས་ཞེན་བྱས་སྟངས་གང་གི་ཆ་ནས་ཡག་པོ་མི་འདུག་པས་དུས་བབ་བཞག་ནས་འགྲོ་རོགས་བྱོས་ལབ་ཡིན། གསར་འགྱུར་འགོད་སྟངས་མ་འགྲིགས་པའི་དཔེ་འདི་འདྲ་བཀོད་པ་ཡིན། སྤྱི་འཐུས་ཀརྨ་མ་ཚོས་འཕེལ་ར་བཟི་འདུག་ཟེར་ཞེས་པ་གསར་འགྱུར་གྱི་འགོ་བརྗོད་དུ་བཞག་ནས་བྲིས་སྟངས་འདི་དཀྲིགས་ཤིང་རེད་ལབ་པ་ཡིན། མི་འོས་ཚུལ་བཤད་པ་ཡིན། ལོ་གསུམ་གྱི་ནང་དུ་དུས་བབ་ཟིན་པ་ཚོ་ཁ་འཐོར་བཏང་སོང་ཞེས་ཉེས་བཙུགས་བྱས་པ་ཡིན།

མདོ་དོན་རྩོམ་སྒྲིག་པས་ཅི་ཡིན་འདི་ཡིན་མེད་པར་མི་ལོ་གསུམ་ལ་དཀའ་ལས་བརྒྱབས་ནས་བྲིས་པ་ཚང་མ་རྩ་མེད་བཟོས་འདུག ཟིན་བྲིས་དང་མཆན་བུ་གང་ཡང་འདེབས་མི་ཐུབ་མ་ཟད་དུས་བབ་ཐོག་གི་དཔར་དང་བརྙན་དཔར་རྣམས་ཀྱང་བལྟ་མི་ཐུབ་བཟོས་སོང་། ང་བློ་ཕམ་ཆེ་ཤོས་རྩོམ་ཡིག་མི་བཀོད་པའི་རྒྱུ་མཚན་ཤེས་མ་སོང་། ཨོ་ཡ་་་་སྤུན་གྲོགས་ཚོ་དེ་འདྲ་རེད། རྗེས་སུ་མཇལ་ཡོང་།

 
 
17.12.2011 11:12:19

དེའི་ནང་མི་ལ་སྐེ་བཅད་ས་ནས་ཞགས་པ་ཉོ་ལབ་ནི་རེད། ཁམས་པའི་ཟིན་བྲིས་པ་འདི་ཚང་གིས་དུས་བབ་ནས་ཁོ་ཚོའི་རྩོམ་ཡིག་མི་འགོད་པ་དང་། དེའི་ནང་དུ་མཆན་བུ་འགོག་གིན་འདུག་ལབ་ནས་ག་དུས་ཡིན་ནའང་རྙོག་གླེང་བྱེད་ཀི་འདུག འོན་ཀྱང་ཁོ་རང་ཚོ་རྟག་པ་དེར་འཚང་ཀ་རྒྱབ་འདུག དཔེ་ན་1) དགེ་བཤེས་སྨོན་ལམ་མཐར་ཕྱིན། 2) འཆམ་ར་དྲི་མེད་རྒྱལ་མཚན། 3) སྤྱི་འཐུས་བསྟན་པ་ཡར་འཕེལ། 4) ཅོ་རི་ཉི་མ། 5) ཤ་ཀླན་འཇམ་དབྱངས་གྲགས་པ། 6) འབའ་པ་སྐལ་བཟང་ཕྲིན་ལས། 7) ཚངས་སར་ཕྲིན་ལས། དྲང་བདེན་གྱི་སློང་མོ་བ། 9) གཅེན་པོ། 10)ཨ་ཀ་སྤེན་པ། 11)རྒྱལ་ཐང་ཡོན་ཏན། 12)ལི་ཐང་གཉེན། 14)བེ་རི་འཇིགས་མེད། 15)བསྟན་འཛིན་ཚེ་དཔག 16)ཏྲེ་འོ་ཐུབ་བསྟན། 17)བེ་རི་དཔལ་ལྡན། 1མཁར་སྒང་བསོད་ནམས། 19)ནགས་ཕྲན་པ་བསོད་ནམས་ཚེ་རིང་། 20)འཇིགས་བྲལ་བསྟན་འཛིན། 21)སྒྲོལ་མ་ཚེ་རིང་། 22)བྲག་མགོ་དཀོན་མཆོག་དར་རྒྱས། 23)ཁྲུང་ཁྲུང་དཀར་མོ། 24)སེ་ཤུལ་རིན་ཆེན་དོན་གྲུབ། 25)སེར་ལྷོ་བློ་བཟང་རྒྱ་མཚོ། 26)རྫ་ཚེ་རིང་བཀྲ་ཤིས། 27)མི་རྐང་གླིང་བུ། 2གདོང་ཐོག་མཁན་པོ་ཀ་བྲག་བསོད་ནམས་དངོས་གྲུབ། 29)ཏ་ན་བློ་བཟང་། 30)སྨྲ་དྷི་ཟེར། 31)རྨེ་རུ། 32)རྫ་སྲས་བདེ་ཆེན། 33)བསྟན་འཛིན་འཕགས་པ། 34)གུང་དཔལ་འབར་ཐུབ་བསྟན། 35)ལི་ཐང་དགེ་ལེགས་བསྟན་འཛིན། 36)སྤང་མདའ་སྟོབས་རྒྱས། 37)དགྲ་འདུལ་གཉེན་སྐྱོང་། 3ཏྲེའུ་སྐལ་བཟང་། 39)ལི་ཐང་གི་ལུག་རྫི། 40)རྫ་ཆུའི་ཟླ་བ། 41)ལི་ཐང་ཕུན་བཀྲ། 42)ཏྲེ་ཧོ་ཐུབ་བསྟན། 43)མི་ཉག་དུང་ཟླ་སོགས་མང་པོ་ཞིག་རྒྱུག་གིན་འདུག་གོ། དེ་ནི་ངས་རོབ་རྩིས་ཙམ་ཡིན།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -