ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.12.2011 06:13:39
ཁྲུང་ཁྲུང་དཀར་པོའི་བུ།

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོ་ཟླ་འདིའི་ཚེས་༡༠ རེས་གཟའ་སྤེན་པའི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་བོད་ནས་ཕེབས་པའི་ཆོལ་གསུམ་སྤུན་ཟླ་གང་མང་ཞིག་མཉམ་ཞུགས་གནང་འདུག་ལ་ཁོང་ཚོའི་བཀའ་ཁྲི་མཆོག་གི་བཀའ་སློབ་གནང་སྐབས་དགའ་སྣང་ཆེ་པོའི་བར་འཚམས་མེད་པ་ཕྱག་འདེབས་པ་སོགས་དགའ་དད་རྣམས་པ་ཤུགས་ཆེ་སྟོན་གནང་ཀྱི་འདུག།


འདི་ནི་བོད་མི་ཚོའི་དེ་སྔོན་བླ་མ་དང་དགེ་བཤེས་དགེ་རྒན་རྣམས་ལ་གུས་བཀུལ་བྱེད་སྟངས་དང་སྙན་གྲགས་ཆེ་བའི་གློག་བརྙན་ཁྲབ་མཁན་སོགས་ལ་དགའ་མོས་བྱེད་སྟངས་དང་ཡལ་ནས་མི་འདྲ་བ་མི་རིགས་ཀྱི་བདེ་སྡུག་རེ་བ་ཁོང་ལ་བཅོལ་བའི་གུས་བཀུར་གནང་སྟངས་དངོས་གསལ་མཐོང་ཐུབ་པ་ཞིག་རེད་། དེ་ཡང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ལེགས་བཅོས་ཀྱི་ཁ་ཕྱོགས་སུ་མི་མང་གི་འདེབས་པའི་སྲིད་སྐྱོང་ཐོག་མ་མཁས་དབང་ཁོང་ནི་གནའ་དེང་གི་བསམ་བློའི་རྨང་གཞི་ལྡན་ལ་དེང་རབས་ཀྱི་སྤྱི་ཚོགས་ཡོངས་སུ་མཁས་དབང་གི་མཚན་གནས་ཡོད་པའི་བོད་རིགས་ན་གཞོན་ཐོག་མ་དེ་ཡིན་པ་མ་ཚད་བྱུང་རབས་ལོ་རྒྱུས་ཀྱི་མིའི་དམིགས་དཔེ་འོས་པའི་ཤེས་མཇོན་གྱི་ལག་རྗེས་ཅན་ཞིག་ཡིན་པས་བོད་མིའི་སྤྱི་ཚོགས་ནང་ཁོང་ལ་ནམ་ཡང་ཆེ་མཐོང་བརྩི་དགོས་པ་ཞིག་ཆགས་ཡོད། དེ་ཡང་སྐབས་དེར་ད་དུང་སྲོད་སྐྱོང་བློ་བཟང་སེང་གེ་མཆོག་གི་བོད་དབྱིན་གཉིས་ཀྱི་ཐོག་མཛད་སྒོའི་གསུང་བཤད་གནང་སྟངས་ཐད་དེ་སྔོན་ཁོང་ལ་རྒྱབ་སྐྱོར་མ་གནང་མཁན་དེ་ཚོ་ཧང་སང་ནས་ཁོང་ལ་འོས་མ་ཕན་དེ་མགྱོན་པ་ཆེ་ཤོས་ཡིན་ཅེས་དངོས་སུ་བཤད་ཀྱི་འདུག།  འདི་ནི་བོད་མིའི་ཁྲོད་ཁོང་བཀའ་ཁྲི་འོས་མི་མ་གདམ་པའི་པའི་སྐྱེ་བོ་ཞིག་གི་མཐོང་སྣང་ཙམ་མ་ཡིན་པ་ད་ལྟའི་བར་ཁོང་གི་གཞུང་འཛིན་གནང་བའི་ལས་དོན་དེ་དག་ཉམས་མྱོང་གི་ཕོང་བའི་རྣམ་རྟོག་དྲི་མ་དང་བྲེལ་ཏེ་རྒྱལ་སྤྱིའི་འགྱུར་མགྲོས་དང་བསྟུན་ནས་ཉིན་རེ་ནས་ཉིན་རེ་བཞིན་རྒྱལ་སྤྱིའི་སྡིང་ཆས་སྟིང་བོད་དོན་གླིང་ཕྱོགས་ཆེ་པོ་ཞིག་ཏུ་བསྐྱལ་ཡོད་པས་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཁོང་ལ་དམིགས་བསལ་དོ་སྣང་ཆེ་པོ་བྱེད་དགོས་པ་དང་ཁོང་གི་ཆེ་མཐོང་ལ་སྣང་མེད་བཞག་ཐབས་བྲེལ་བ་རེད་ཅེས་སྲིད་དོན་དཔྱད་ཞིབ་པས་གསུངས་པ་ལྟར་ཁོང་བཀའ་ཁྲི་འོས་མི་ལང་པ་ནས་རྒྱ་གཞུང་གི་དངོས་གསལ་དང་སྤྲུལ་གར་དུ་མའི་འོག་སྐྱོན་བརྗོད་བྱེད་མགོ་གཙུགས་པ་དེ་བཙན་བྱོལ་མའི་སེམས་ནང་ཡལ་ཐབས་མེད་པའི་གཏམ་བརྗོད་ཆེ་པོ་ཞིག་དང་མང་ཚོགས་ཀྱི་ནམ་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེ་པོའི་བཀའ་དགོངས་སྒྲུབ་པའི་ཁ་ཕྱོགས་གཙང་མ་དང་དཀར་ནག་དབྱེར་འབྱེད་བྱེད་བའི་ལམ་སྟོན་ཁ་གསལ་ཞིག་ཆགས་པ་འདྲ་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

14.12.2011 02:38:22

བཀྲ་ཤིས་བདེ་ལེགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -