ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.12.2011 12:23:08
མཁར་སྒང་བསོད་ནམས་དབང་ལྡན།

འདི་ནི་ཕྲན་གྱིས་ད་ལོའི་ལོ་སྟོད་དུ་《ལམ་སྒྲོན་རང་འགྲེལ་》ལ་དཔྱད་རྩོམ་ཞིག་བྲིས་ཀྱང་། སྐབས་དེར་ཁུངས་ཇི་བཞིན་མ་རྙེད་མོད། ད་ཆར་དཔྱད་རྩོམ་དུ་བྲིས་པ་དང་མཐུན་པའི་ཁུངས་ཤིག་རྙེད་པ་ནི། རྗེ་ཐམས་ཅད་མཁྱེན་པའི་གསུང་《བྱང་ཆུབ་ལམ་རིམ་ཆེན་མོ་》༣༣༨ ལས། སྤྱིར་འགྲེལ་པ་འདི་དགེ་བཤེས་སྟོན་པ་ནས་བརྒྱུད་པའི་བཤེས་གཉེན་ཆེན་པོ་རྣམས་ཇོ་བོའི་འགྲེལ་པར་མི་མཛད་ལ། ནག་ཚོ་ནས་བརྒྱུད་པ་རྣམས་ཇོ་བོས་མཛད་པར་བཞེད་ཅིང་ནག་ཚོའི་སྦས་ཆོས་སུ་འདོད་དོ། །


འོན་ཀྱང་སྔ་མ་རྣམས་ལ་གྲགས་པ་ལ་པུ་རངས་སུ་འགྲེལ་པ་བསྡུས་པ་ཞིག་མཛད། དེ་ནས་བསམ་ཡས་སུ་ཕེབས་པ་ན་དེ་ལ་ལོ་ཙྪ་པས་སྣོན་པ་ཞུས་ནས་རྒྱས་སུ་བཏང་ཟེར་བ་འདུག་པས། ཇོ་བོས་འགྲེལ་པ་བསྡུས་པ་ཞིག་མཛད་པ་ལ། གསུང་སྒྲོས་ལ་གཞི་བླངས་པའི་བཤད་པ་རེ་མང་ཞིག་བསྣན་པའི་རིགས་སུ་འདུག་པས་ནོར་བར་མངོན་པ་འགའ་ཟུང་སྣང་ཞིང་། གཞུང་གི་དོན་ལེགས་པོར་ཤོད་པའང་མང་པོ་སྣང་བས། བདག་གིས་ཀྱང་མ་ནོར་བ་རྣམས་སྐབས་གཞན་དང་ལམ་རིམ་དུ་དྲངས་ནས་བཤད་དོ། །ཞེས་གསུངས་སོ། །

འདི་ནི་དཔྱད་རྩོམ་དེའི་དྲ་འབྲེལ་ཡིན་པས། ཀློག་འདོད་ན། འདིར་ནོན། http://www.shambalapost.com/2009-08-15-19-00-56/viewpost/6780

༢༠༡༡།༡༢།༡ ཕུར་བུ།


  ནང་ཆོས་སྐོར།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -