ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.11.2011 02:43:53
ལོག་སྨྲ་ཚར་གཅོད།

185969-miss-world-2011-miss-venezuela-ivian-sarcos-wins-the-crown-full-coveraདེ་རིང་གསར་དུ་བདམས་ཐོན་བྱུང་བའི་འཛམ་གླིང་གི་མཛེས་མ་ཨང་དང་པོའི་སྟོད་པ
རྐང་དྲུག་བུང་བས་རོ་མངར་ལྡན་པའི་རྩི་བཅུད་ཟས་ལ་འཁོར་བ་ལྟར།
དྲྭ་གྲོཊ་ཀུན་གྱིས་འདྲེན་བྱེད་དབང་པོས་མི་ཡུལ་ལྷ་མོ་འདིར་གཟིགས་དང།
བུང་བ་ལྟར་ནག་གནག་སྣུམ་ལན་བུར་རིན་ཆེན་སྣ་ལྔས་མཛེས་པར་རྒྱན།
མཐོན་མཐིང་རལ་པ་ཕྲག་ཏུ་ཕབ་ལ་ཁད་དེར་ལྷག་རླུང་དལ་བུར་གཡོ།
ཉ་གང་རྒྱས་འདྲ་ཉིད་ཀྱི་ཞལ་རས་ཅུང་ཟད་འཛུམ་པའི་ཉམས་ལྡན་ལ།
དབྱེས་པོ་ཆེ་བའི་དཔྲལ་བར་སྨིན་མ་ལེཊ་སྟུག་འཇའ་ལྟར་འཁྱོག་པོར་མཛེས།
སྤྱན་དཀྱུས་རིང་ལ་མཐིང་ནག་རྫི་མ་གནམ་སར་གཏད་པའི་འབྱེད་མཚམས་ན།།
གློག་འོད་འཁྱུག་འདྲའི་སྤྱན་ཟུང་ཟེར་མདས་འདོད་ལྡན་འབུམ་ཕྲག་གྲོགས་སུ་བཀུག།།
དབྱིབས་གཟུགས་ལེགས་པའི་ཁྱེད་ཀྱི་ཤངས་ནི་ཅུང་ཟད་གཟིངས་མཐོ་ཡིད་དུ་འོང་།།
བྱུ་རུའི་མདངས་ལྡན་མཆུ་སྒྲོས་མཛེས་པའི་ཞལ་ནི་ཕྱེད་འཛུམ་མགྲིན་པ་ནས།།
དྲི་ཟའི་དབྱངས་ལྟར་གསུང་སྐད་སྙན་པོས་གླུ་དབྱངས་གོ་ལའི་ཁྱོན་ལ་སྦྱིན།།
རིན་ཆེན་ཨ་ལོང་གཡས་གཡོན་སྙན་གྱི་བུག་པར་འཆངས་ཏེ་ལྡམ་ལྡེམ་གཡོ།།
སྐུ་སྟོད་སྒེག་ལ་ཉམས་ལྡན་འདོད་མོའི་དརགོས་ལྷབ་ལྷུབ་འཕྱངས་འོག་ན།།
ཟག་མེད་བདེ་བའི་གཏེར་ཆེན་ནུ་འབུར་རབ་རྒྱས་བྲང་གི་དཀྱིལ་འཁོར་མཛེས།།
ལྟེ་བ་གཡས་འཁྱིལ་སྐེད་མེད་མ་ཁྱེད་ཕྲ་སྦོམ་གསུམ་གྱི་འཁྱུག་རྩལ་ལྡན།།
རོ་སྨད་སྟུག་ཅིང་གསུམ་འཁྱོག་མ་ཁྱེད་འདོད་པའི་སྒྱུར་རྩལ་ངོམ་སྐབས་སུ།།
ལང་ཚོ་ཕྲ་ཞིང་འདོད་ཡོན་སྨྱོས་ཆུས་དཀར་ལ་དམར་བའི་མདངས་གཟུགས་དང།།
ལྡེམ་ལྡེམ་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་འཇོ་སྒེག་གར་གྱི་སྟངས་སྟབས་ཀྱིས།།
སུན་རྩེན་མདུན་སར་འཆི་མེད་བུ་མོ་སྟོང་གི་ཡིད་ལ་སྡང་ཟུག་སྦྱིན།།
ཚངས་སྤྱོད་རྣམས་ལའང་རེ་ཞིག་སྡོམ་སེམས་ངེས་འབྱུང་ལམ་གྱི་བང་ཁ་བཀག།།
འདོད་པས་གདུང་བའི་གཞོན་ནུ་འབུམ་གྱིས་སེམས་པའི་འཕྲུལ་ཞགས་ཁྱེད་ལ་འཕེན།།
བཞིན་བཟང་བུ་མོ་སྟོང་དག་གིས་ཀྱང་ཁྱེད་དྲུང་བྲན་མོར་གོ་སྐབས་དབེན།།
ཁྱེད་ནི་མ་དག་འཇིག་རྟེན་ཁམས་ཀྱི་དག་པའི་ལེགས་བྲིས་མ་གཅིག་མ།།
དེ་ནི་འདི་ལོའི་གོ་ལའི་ཁྱོན་གྱི་ཕུལ་བྱུང་མཛངས་མ་གཅིག་པུ་མཚོན།།
ཅེས་རང་རེའི་སྤུན་གྲོགས་མང་པོས་༢༠༡༡ལོའི་འཛམ་གླིང་གི་མཛངས་མའི་སྟོད་པ་འདི་འདྲ་ཞིག་དགོས་ཅེས་ལྷ་དར་ཨ་ཤེ་དང་སྐུལ་མ་ཡང་ཡང་བཅས་བྱུང་བར་བརྟེན་༢༠༡༡ཟླ༡༡ཚེས་༨ཉིན་བྲིས།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

08.11.2011 09:15:08

འཇམ་དབྱངས་ནོར་བུ་ལགས། དཔེ་ཡག་པོ་འདུག
ང་རང་ལ་དུས་ཚོད་མང་པོ་མེད་ཀྱང་། ཁྱེད་རང་གི་ཟིན་བྲིས་ལ་་་་ངས་ནམ་ཡང་དགའ་མོས་དང་ཀློག་འདོན་བྱེད་ཀྱིན་ཡོད། ་་་་་་་་་་་་་་་་་་་

 
 
08.11.2011 09:47:23

ཡ་ཨ་བོ་ཕོ་རྒོད་ཕུལ་བྱུང་ཚེ་རིང་ལགས།
ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
འོན་ཀྱང་ང་ལ་གོ་ས་ཐོབ་རེ་དང་རྒྱུ་དངོས་ཐོབ་རེ་རྩ་བ་ནས་མེད་པའི་གྲྭ་པ་གྲྭ་ཀྱང་ཞིག་ཡིན་པས་གུས་པའི་ཟིན་བྲིས་ཡོངས་ནི་ཐད་ཀ་ཐད་ཀ་དང་རང་བཞིན་དྲང་པོར་བརྗོད་པའི་གཏམ་འབའ་ཞིག་ལ་སོང་དགའ་མོས་བྱེད་མི་ཤིན་ཏུ་དཀོན་ཡང་ཁྱེད་ཀྱིས་དགའ་མོས་བྱེད་པ་ཡག་སོང་།


 
 
08.11.2011 10:52:19

དེང་གི་ལྷ་རམས་པ་འདི་ལྟ་བུས་དགོས་རྒྱུའི་ཐོས་དོན་རྒྱུད་ལ་མི་སྦྱར་བར་བཀའ་གདམས་གོང་མ་རྣམས་ཐུགས་ཁྲེལ་དགོས་པའི་འདུ་འཛིའི་རྣམ་གཡེང་ཁོ་ནས་དུས་འདའ་བས་མ་ཟད་ད་དུང་བུ་མོ་མཛེས་མ་ལ་བསྟོད་པ་ཡན་ཆད་ནི་བརྩོམ་ནས་རང་ཉིད་་གང་འཚམས་ཡིན་མདོགས་བསྟན་པ་་ནི་བཀའ་གདམས་གོང་མའི་ཞབས་འདྲེན་མིན་ན་ཅི་ཡིན། ་་མ་གཞི་ནས་དེང་སང་གུ་ཡངས་དང་ཡར་ཐོན་ཡིན་ཟེར་མཁན་གྲྭ་བ་ཚོས་ག་རེ་བསམ་གི་ཡོད་ན་་་་་་་་་་ཆོས་ཀྱི་ཞག་རྩི་ཨི་འདུག་་་་

 
 
08.11.2011 15:40:44

འོ་ཡ་ཨ་ཁུ་དགེ་བཤེས་ལགས།
ད་ཡིན་ན་རི་བོ་དགེ་ལྡན་པའི་དགེ་བཤེས་ཚོས་གནང་འདི་རིགས་ལ་རྗེ་བདག་ཉིད་ཆེན་པོས་ཕྱི་མ་དག་པའི་ཞིང་ནས་གཟིགས་ན་སྤྱན་ཆབ་དབང་མེད་དུ་ལྷུང་བ་འདུག བླ་མ་ལ་རེ་དང་དགེ་བཤེས་ལ་རེ་ཆབ་སྲིད་དང་བུ་མོའི་བསྐོར་གླེང་མོ་ཁོ་ན་བྱེད་ཀྱིན་འདུག
རྙིང་མའི་བླ་མ་དང་གྲ་པས་ཁ་མི་གྲག་པ་བུ་མོ་ཧྲིལ། ང་རང་ཚོས་ཨ་ལགས་དང་དགེ་བཤེས་ཚོས་ཁ་ནས་བུ་མོ་ལ་བསྟོད་བཀུར་འདྲ་བྱེད། ང་ནི་ངོ་མ་ཡིད་སྐྱོ་གེ་ཡ།

 
 
09.11.2011 03:31:53

དགེ་བཤེས་ལགས་སུ་ཞུ་ཕོད་མེད་དེ། མཛེས་མ་ཨང་དང་པོའི་སྟོད་པ་ཟེར་ན་ག་རེ་རེད། བསྟོད་པ་མཚན་དཔེ་གསལ་བྱེད་མ་བཞུགས་སོ།། ལྟ་བུ་དང་། ཡང་ན། སྐུ་སྟོད་སེངྒེ་འགྱིངས་འདྲ། ལྟ་བུ་འབྲི་དགོས་རེད་ལགས།

 
 
09.11.2011 14:11:04

ཨ་ཁུ་ལྷ་རམས་པ་འོ་ན་མི་མང་པོས་ཁ་བཏགས་ཁུར་ནས་གྲྭ་བ་ལོག་རོགས་གནོངས་ཞེས་ཞུ་མཁན་མང་པོ་བྱུང་ན་ལོག་མཁན་ཡིན་པས།ངོ་མ་བྱབས་ཆུང་རང་རེད་ཤག
དགེ་ལུགས་པའི་ལག་པོ་བརྡབས་པ་ལས་གོ་བ་དང་ཐོས་དོན་རྒྱུད་ལ་སྦྱར་གྱི་མ་རེད།ཅེས་ཟེར་བ་གོ་ཡང་ཁས་ལེན་བྱས་མ་མྱོང་ཡང་ད་བྱས་དུས་དགེ་བཤེས་འདི་ཚོས་བྱེད་སྟངས་ལ་བལྟས་ན་ད་ནི་དོགས་པ་དང་ཐེ་ཚོམ་སྐྱེས་ཀྱི་འདུག་ད།
དགེ་འདུན་བཙུན་པ་ཟེར་བ་དེ་འདྲ་མ་རེད་ད།

 
 
10.11.2011 03:50:02

ཡ་དྲྭ་གྲོགས་ཚོ། ཁྱེད་ཚོས་ང་དང་དགེ་ལྡན་པའི་དགེ་བཤེས་ཚོར་ཐུགས་ཕྲལ་མ་བྱེད་དང།
གྲྭ་པ་ཁ་བཙོག རྐུ་མ་ལག་བཙོག་ཟེར་བ་ལྟར། གུས་ནས་རང་གི་རྩོམ་རིག་སྒྱུར་རྩལ་གོང་ཐོར་གཏོང་བའི་ཆེད་དུ་མཛེས་མའི་སྟོད་པ་ཞིག་བྲིས་པ་ལས་མོ་ནི་ཤེལ་སྒོ་ནང་གི་མོ་མོ་ལྟར་ཐོབ་རེ་དབེན་པས་འདོད་སེམས་གྱིས་ཀུན་ནས་བསླངས་ཏེ་བྲིས་པ་ཞིག་གང་ནས་ཡིན། སྤྱིར་བུ་མེད་ཀྱི་སྟོད་པ་བྲིས་ན་དགེ་ལུགས་པའི་ཞབས་འདྲེན་ཡིན་པས་ངེས་པ་མེད་དེ། འདོད་པའི་སྒྱུར་རྩལ་ལ་མཁས་ལུས་ཕྲ་མ། ཞེས་པའི་ཚིག་འདི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་འདུག་པ་དང། ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར། ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན། ཞེས་པའི་ཚིག་འདི་རྗེ་དགེ་འདུན་གྲུབ་ཀྱིས་གསུངས་པ་ཡིན་ལ།
རྗེ་བློ་བཟང་གྲགས་པ་རང་གིས་ཀྱང། སྙན་ལེགས་སྙན་གྱི་བུག་པར་རིན་ཆེན་འཕྱངས།
དབྱིབས་ལེགས་ཤངས་ཀྱི་དབྱིབས་ནི་ཡིད་དུ་འོང།
ཞེས་དང། རབ་ཡངས་བྲང་གི་དབུས་ན་ནུ་འབུར་ནི།
འོ་མའི་ཆུ་གཏེར་དབུས་ན་པད་དཀར་བཞིན།
ཞེས་པ་སོགས་མཐའ་ཡས་པ་ཞིག་ཡོད་པས། ཁོང་ཚོ་ནི་དགེ་ལུགས་པའི་སྲོལ་འཛུགས་མཁན་དང་སྲོལ་འཛིན་མཁན་ཞིག་ལས་ཞབས་འདྲེན་ཞུས་ཡོད་ཀྱི་མ་རེད། གལ་སྲིད་ཞུས་ཡོད་ན་ངས་ཀྱང་དེ་ལྟར་ཞུས་ཡོད། ཁྱེད་ཚོས་མཐོང་རྒྱ་ཆེ་ཙམ་བྱོས་དང།

 
 
10.11.2011 09:16:57

དགེ་བཤེས་ལགས། ཁོང་རྣམས་པའི་བསྟོད་ཡུལ་ནི་རྗེ་བཙུན་སྒྲོལ་མ་དང་དབྱངས་ཅན་མ་སོགས་འདོད་སེམས་བྲལ་ཟིན་པའི་བྱང་ཆུབ་སེམས་མ་རྣམས་ལ་བསྟོད་པ་རེད། ཁྱོད་རང་གིས་ཀྱང་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་དེ་འདྲ་ཞིག་ཕུལ་ཡོད་ན་ཀུན་གྱིས་ཡིད་སྨོན་བྱེད་སྲིད། འོན་ཏེ། ཁྱེད་ཀྱིས་བུ་མོ་ཐ་མ་ཆགས་སྨྱོན་མ་ཞིག་ལ་བསྟོད་པ་ནི་ཆེས་མི་འོས་པ་དང་ད་དུང་སྐྱེས་བུ་དམ་པའི་མཚན་ཡང་ཁྱོད་རང་མཉམ་དུ་ཁྲིད་ཡོང་བ་ནི་དེ་ལས་ཀྱང་མི་འོས་པ་ཞིག་རེད།
ཁྱོད་རང་གི་མིང་ལ་དགེ་སྨྱོན་ཟེར་ན་ལེགས་པོ་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -