ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.11.2011 02:43:08
བྱ་ཁྲ་བསོད་ནམས།

གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་མཐའ་མའི་ཨང་རིམ་གྱི་གསལ་བསྒྲགས།
གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་མཐའ་མའི་ཨང་རིམ་གྱི་གསལ་བསྒྲགས། གསལ་བསྒྲགས་རིམ་པ་སྔོན་སོང་ལྟར། དཔྱད་འདེམས་རིམ་པ་ལས་བདམས་ཐོན་ཟིན་པའི་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་རྩེ་ཕུད་བཅུ་དྲག་ཐོག་ཏུ་བཀོད་ཅིང་ཉིན་བཅུ་དྲུག་གི་རིང་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་པར་བརྒྱ་ཆ་ཉི་ཤུ་དང་། བཙན་བྱོལ་དུ་ངོས་འཛིན་ཡོད་པའི་གཤམ་འཁོད་རྩོམ་པ་པོ་གསུམ་ལ་ཕུལ་ནས་དགོངས་ཚུལ་བླངས་པར་བརྒྱ་ཆ་བརྒྱད་ཅུ་ཚད་འཛིན་གྱིས་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་ཨང་རིམ་དང་གཉིས་གཏན་འབེབས་བྱས་པ་གཤམ་གསལ་ལྟར་ཡིན།

དེ་དང་ལྷན་དུ་གཏམ་བཟང་ལ་གངས་ལྗོངས་གེ་སར་ཚང་སྐལ་བཟང་རྒྱས་རྒྱས་ཁྲི་ལགས་ནས་འགྲན་རྩོམ་པ་ཡོངས་ཀྱིས་སྐུ་ངལ་ལ་བརྟེན་ནས་འགྲན་རྩོམ་གྱི་སྤུས་ཚད་མཚོན་པས་གང་ཅིའི་ཐད་ལེགས་སྒྲུབ་བྱུང་སོང་ཞེས་ཐུགས་མཉེས་པོ་བྱུང་སྟེ།
ཨང་རིམ་གཅིག་སྤར་ཏེ་ཨང་རིམ་བཞི་པར་སྒོར་ལྔ་སྟོང་དང་། འགྲན་རྩོམ་བཅུ་གཅིག་ནས་ཉི་ཤུ་རྩ་གཉིས་བར་གྱི་རྩོམ་པ་པོ་རྣམས་ལ་ཡང་ལེགས་གསོལ་རེ་འབུལ་རྒྱུ་ཡིན་ཞེས་ཐུགས་ཐག་གཅོད་གནང་སོང་བའི་གསལ་བསྒྲགས་སུ།
རྩོམ་པ་པོའི་མཚན། སྡོད་གནས། ཨང་རིམ།
༡ ༽ཁ་སྒང་གཡང་འབུམ་ཚེ་རིང། ཝར་ན་མཐོ་སློབ། དང་པོ།
༢ ༽ཆོས་ཉིད་འོད་ཟེར། རྡ་ས་བང་ཆེན། གཉིས་པ།
༣༽དབང་ཆེན་རྡོ་རྗེ། ཝར་ན་མཐོ་སློབ། གསུམ་པ།
༤ ༽བཙུན་མ་བློ་བཟང་བྱང་ཆུབ། ས་ར་མཐོ་སློབ། བཞི་པ།
༥༽འཇམ་དབྱངས་དོན་གྲུབ། ཝར་ན་མཐོ་སློབ། ལྔ་པ།
༦༽ཟླ་བ་བྱང་ཆུབ། འབྲས་སྒོ་མང། དྲུག་པ།
༧༽ ཁྲག་མིག་བསོད་ནམས་རྒྱལ། ཝར་ན་མཐོ་སློབ། བདུན་པ།
༨༽ཨུ་རྒྱན་བཀྲིས། བཀྲིས་ལྗོངས། བརྒྱད་པ།
༩ ༽ཨ་ལོད་ཚེ་རིང་། ཝར་ན་མཐོ་སློབ། དགུ་པ།
༡༠ ༽ཞི་བདེ་ཟླ་བ། གྷོ་པ་ཕུག་སློབ་གྲྭ། བཅུ་པ།
འདི་ལོའི་ལོ་མཇུག་དང་འོང་རྒྱུའི་ལོ་འགོའི་རྡོ་གདན་དུས་དབང་དུ་དེབ་དབུ་འབྱེད་དང་འབྲེལ་བྱ་དགའ་དང་ལེགས་གསོལ་ཡང་དེ་དུས་གནང་རྒྱུ་ཡིན་ན།
འགྲན་རྩོམ་རྩེ་ཕུད་ཉི་ཤུ་རྩ་གཉིས་ཀྱི་རྩོམ་པ་པོ་ཡོངས་དང་ལྷག་པར་འགྲན་རྩོམ་གྱི་ཨང་རིམ་བཞི་པ་བར་གྱི་
རྩོམ་པ་པོ་རྣམས་རྡོ་གདན་དུས་དབང་ལ་ངེས་འཕེབས་ཡོང་བའི་རེ་སྐུལ་དང་བཅས།
རྡོ་གདན་དུས་དབང་གི་སྐབས་སུ་འབྲེལ་གཏུགས་ཀྱི་ཁ་པར་ཨང་།
09945034410 08884831975
རྩོམ་སྒྲིག་འགན་ཁུར་བ་བསོད་ནམས་ཚེ་རིང་ནས།

  
 

07.11.2011 12:26:59

རྩོམ་སྒྲིག་པ་ལགས། ་་་་་དཔྱད་འདེམས་པ་སྤྱི་འཐུས་བློ་བཟང་སྙན་གྲགས་ཀྱི་ཁ་ནས་དབྱེ་ཞིབ་བྱེད་པའི་སྐབས་སུ་ཨ་མདོ་བའི་ཡི་གེ་འདྲི་སྟངས་དེར་ཁྱད་ཆོས་ཤིག་ཡོད་གི་་་་་་ཟེར་བའི་སྐད་ཆ་ཞིག་ཤོར་ཚར་འདུག་་་་་་་་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -